བོད་ཀྱི་དམངས་ཁྲོད་ལུས་རྩལ་རྣམས་གྲངས་ཁག་ཅིག་ངོ་སྤྲོད་རགས་བསྡུས།

རྩོམ་པ་པོ།:ནམ་མཁའ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-01-04 09:13:41 ཀློག་གྲངས།:

  ལུས་རྩལ་ནི་མིའི་རིགས་ཀྱི་ཐོན་སྐྱེད་ངལ་རྩོལ་ཁྲོད་བྱུང་བ་དང༌། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་འཕེལ་རྒྱས་བྱུང་བ་ཡིན།  བོད་ཀྱི་ལུས་རྩལ་ཀྱང་དེ་ལས་མ་འདས་པར་རང་ཉིད་འཚོ་སྡོད་ཀྱི་ཆེད་དུ་རི་དྭགས་རྔོན་པ་དང་ཟས་རིགས་འཚོལ་བ་ལ་བསྟུན་ནས་མདའ་མདུང་གྲི་སོགས་སྟབས་བདེའི་ལག་ཆ་གསར་བསྐྲུན་བྱས་ནས།  བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་  གནའ་རྫས་རི་མོ་དག་ལ་མཁས་པ་རྣམས་ཀྱིས་བརྟག་དཔྱད་བྱས་པར་གཞིགས་ན་གནའ་སྔ་མོ་སྤྲ་ནས་མིར་འགྱུར་པའི་སྐབས་ནས་བཟུང་མཆོང་རྒྱུག་དང༌།  ཆུར་རྐྱལ་བ།   རིར་འཛེགས་པ།   རྡོ་འཕེན་པ།   ཞགས་པ་འདབས་པ།   མདའ་འཕེན་པ་སོགས་ལུས་རྩལ་རྣམས་གྲངས་མང་ཞིག་པོ་ཡོད་པ་རྟོགས་ཐུབ།   སྐབས་འདི་ནི་བོད་རིགས་ལུས་རྩལ་གྱི་ཐོག་མའི་འབྱུང་ཁུངས་ཡིན་ལ་ལོ་ངོ་ས་ཡ་ཙམ་གྱི་ལོ་རྒྱུས་ལྡན།   ཕྱིས་སུ་མིའི་རིག་པ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ལུས་རྩལ་བྱ་འགུལ་དེ་རྣམས་ཀྱང་རང་ཉིད་འཚོ་སྡོད་ཁོ་ནའི་ཆེད་མ་ཡིན་པར་རོལ་རྩེད་ཀྱི་བྱ་འགུལ་ཞིག་ཏུ་གྱུར་ཏེ་འཇུ་རེས་བྱེད་པ་དང༌།   རྩལ་འགྲན་པ།   གཡག་རྟ་རྒྱུག་པ་སོགས་བྱ་འགུལ་གྱི་རྣམ་གྲངས་ནི་ཇེ་མང་ཇེ་མང་དུ་གྱུར།   བོད་བཙན་པོའི་དུས་སྐབས་སུ་བོད་ཀྱི་ལུས་རྩལ་བྱ་འགུལ་ལ་དར་རྒྱས་ཆེ་ཆེར་ཕྱིན་ཏེ།   བཙན་པོ་རྣམས་ཀྱིས་ཀྱང་དགུང་ལོ་ཕྲ་མོའི་དུས་ནས་རྟ་རྒྱུག་པ།མདའ་འཕེན་པ།   མདུང་འཛུགས་པ།   གྲི་གཡུགས་པ་སོགས་དྲག་རྩལ་རྣམ་པ་དུ་མར་སྦྱངས་བ་མཛད་ཀྱིན་ཡོད་ལ་ཁྱད་པར་དུ་བོད་རྗེ་འདུས་སྲོང་མང་བོ་རྗེ་ནི་སྐུ་ན་ཆུང་དུས་ནས་ཕག་རྒོད་བཏུལ་བ་དང༌།  འབྲོང་བྲེ་སར་སྒྲོག་གི་ནང་དུ་བཙུད་པ།   སྟག་དམར་ཡག་གི་རྣ་བ་ནས་བཟུང་བ་སོགས་ཀྱི་དཔའ་རྩལ་ཁྱད་པར་དུ་འཕགས་པའི་གཏམ་ཏུན་ཧོང་ཡིག་རྙིང་དུ་བཀོད་པ་དང༌།   རྗེ་འདི་སྐུ་རྩལ་ཆེན་པོ་དང་ལྡན་ཞིང་མི་ཕལ་བ་དང་མི་འདྲ་བས་འབངས་མགོ་ནག་ཀུན་གྱིས་“བླ་དྭགས་འཕྲུལ་གྱི་རྒྱལ་བོ་”ཞེས་བའི་མཚན་ཡང་གསོལ།   བཙན་པོ་འདིའི་རིང་ལ་རྔོག་རིང་ལ་ནག་པོས་གླང་པོ་ཆེའི་ཕྲུ་གུ་ཐེག་པ་དང༌།   རྔོག་གླིང་གམ་གྱིས་གཡག་གྲུས་པོ་ཆེ་ཐེག་པ། གནོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མས་བྱ་ཁྲ་སྐེད་པ་གཅོད་པ།དབས་རྒོད་ལྡོང་བཙན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་གང་གིས་སླེབས་པ།   འགོས་གཡག་ཆུང་གིས་ཤྭ་བའི་རླིད་བུ་བྱེ་མས་བཀང་བ་ཀླད་ལ་བསྐོར་བ།   ཅོག་རོ་འབྲོང་ཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་ལ་འཐེན་པ།     གནོན་ཁྲི་བདུན་གཡུ་སྦྱིན་གྱིས་རྟ་གཡང་ལ་མཆོངས་པ་གྱེན་ལ་འཐེན་ནུས་པ་བཅས་བོད་མི་རྩལ་པོ་ཆེ་བདུན་བྱུང་བར་གྲགས།   བོད་རྗེ་ཁྲི་ལྡེ་གཙུག་བརྟན་གྱི་དུས་སུ་བློན་པོ་རྣམས་ཀྱིས་འཇང་ཚ་ལྷ་དབོན་གདན་དྲངས་ཏེ་མཚན་མོ་ཟླ་འོད་ལ་བློན་པོ་ཚོས་རྟ་རྒྱུགས་པ་དང༌།   དེར་རྒྱལ་བུས་ཀྱང་རྟ་རྒྱུག་པ་སོགས་མདོར་ན་ལོ་རྒྱུས་ཡིག་ལམ་དུ་གསལ་བའི་དོན་དངོས་དེ་དང་དེ་འདྲ་མང་པོའི་ཐོག་ནས་གནའ་བོའི་དུས་སུ་བཙན་པོ་བློན་འབངས་དང་བཅས་པས་འཕོང་སྐྱེན་རྣམ་པ་ལྔ་དང་དམག་རྩལ་འཁོར་གསུམ།   ཕོ་རྩལ་སྣ་དགུ་སོགས་སྒྱུ་རྩལ་གྱི་གནས་རྣམས་ལ་རྩལ་སྦྱོང་རྒྱུན་མར་བྱེད་པའི་སྲོལ་ཡོད་པ་མཚོན།   དེ་བཞིན་ལྷ་སའི་གཙུག་ལག་ཁང་དང་བསམ་ཡས་གཙུག་ལག་ཁང་གི་ལྡེབས་རིས་ལ་སྔར་བཙན་པོའི་དགྱེས་སྟོན་མཛད་སྒོའི་སྐབས་རྟ་རྒྱུག་དང༌།  མི་རྒྱུག   སྦེ་ག   རྡོ་འགྱོགས་སོགས་འགྲན་རྩལ་སྣ་མང་སྤེལ་བའི་མཛད་ལམ་རི་མོར་གསལ་བ་བཅས་ལས་ཀྱང་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་མང་བོ་ཞིག་ལ་ཡུན་རིང་གི་ལོ་རྒྱུས་ལྡན་པ་ཤེས་པར་ནུས་སོ།།   བསྟན་པ་ཕྱི་དར་གྱི་སྐབས་བོད་བཙན་པོའི་རྒྱལ་རབས་ཀྱི་དམག་རྩལ་དེ་རྣམས་དམངས་ཁྲོད་དུ་ཆེས་ཆེར་དར་ཁྱབ་དུ་གྱུར་ཏེ་ལུས་རྩལ་རྣམ་གྲངས་ཀྱང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཏེ་ཡུལ་ཚན་སོ་སོའི་རང་བྱུང་ཆ་རྐྱེན་དང་བསྟུན་པའི་ལུས་རྩལ་སྣ་ཚོགས་པ་རྩེ་སྲོལ་ཡོད།   ལོ་རེར་ཞིང་ལ་ལོ་ལེགས་སྨིན་ཤིང་ཕྱུགས་ལ་ཤ་ཤེད་རྒྱས་པའི་དབྱར་ཟླ་དྲུག་པར་བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཀུན་ཏུ་ཞིང་འབྲོག་མང་ཚོགས་ལྷན་འཛོམས་སྒོས་ཞིང་འབྲོག་ཐོན་རྫས་བརྗེ་རེས་བྱེད་པ་དང་དུས་མཚུངས་སུ་རྟ་རྒྱུག་མདའ་འཕེན་སོགས་ལུས་རྩལ་འགྲན་རྩེད་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བའི་སྲོལ་དུས་ད་ལྟའི་བར་མ་ཉམས་པར་ཡོད་དོ། །  གཞན་ཡང་འབྲས་སྤུངས་དང་སེ་ར་སོགས་དགོན་སྡེ་ཁག་གི་ལྡེབས་རིས་སུ་རྟ་རྒྱུག་པ་དང་རྡོ་འགྱོགས་པ་སོགས་ཀྱི་རི་མོ་བཀོད་ཡོད་པ་དང༌། ལྷ་སའི་སྨོན་ལམ་ཆེན་མོའི་བྱམས་པ་གདན་འདྲེན་གྱི་ཉིན་ལ་སེར་སྐྱ་མང་ཚོགས་རྣམས་རྟ་རྒྱུག་དང་མི་རྒྱུག   རྡོ་འགྱོགས་སོགས་ལུས་རྩལ་བྱ་འགུལ་སྤེལ་སྲོལ་ཡོད།   དེ་སྔ་སེ་ར་དང་འབྲས་སྤུངས་དགོན་པ་གཉིས་ལ་རྡབ་རྡོབ་ཀྱི་ལུས་རྩལ་ཚོགས་པ་ཡོད་པ་དེའི་མིང་ལ་“གླིང་ཁག་རྡབ་རྡོབ”ཀྱི་ལྟོ་ཚང་ཟེར།དགོན་པ་གཉིས་ཀྱིས་དུས་ཆད་བཏབ་པ་ལྟར་མཆོང་རྩལ་དང་རྡོ་རྩེད་སོགས་ལུས་རྩལ་རྣམ་གྲངས་དུ་མ་འགྲ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།