ལུས་རྩལ།

རྩོམ་པ་པོ།:ས་གོང་དབང་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2007-12-20 09:36:08 ཀློག་གྲངས།:

  བདག་ཅག་བོད་མི་ཚོ་ལའང་མི་རིགས་གཞན་དང་འདྲ་བར་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་གྱི་ལུས་རྩལ་རྟ་རྒྱུག་དང༌།  རྟ་རྩེད་སྤོ་ལོ།  རྟ་རྩལ།  རྟ་ཐོག་མདལརྩེད། སྦེ་ག  རྡོ་འཀྱོག  རྡོ་སྐོར།  རྒྱང་མཆོང་།  མཐོ་མཆོངས།  ཤིང་རྩེད།  གནམ་འགྲོ་ཐག་རྩེད།  གླང་པོ་གཉའ་ཐག ཐག་མཆོང༌། རྐྱལ་རྩེད། ཕོ་བ་རྡོ་བཤག རླུང་སྒོམ་ལ་སོགས་རྣམ་གྲངས་མང་པོ་ཞིག་ཡོད།  གོང་གསལ་རྣམ་གྲངས་དག་ལས་རེ་ཞིག་ངོ་སྤྲོད་མདོར་བསྔུས་ཞུས་ན་འདི་ལྟ་སྟེ།

   སྦེ་ག་ནི་ཤུགས་དང་རྩལ་གྱི་འགྲན་བསྣུར་ཞིག་ཡིན་པས། གནའ་སྔ་མོའི་དུས་ནས་བོད་མི་ཚོས་དེར་དགའ་པོ་བྱེད་པས་མ་ཚད།  དེང་སྐབས་ཀྱང་ཞིང་འབྲོག་ས་ཁུལ་དུ་ལོ་གསར་དང་དུས་ཆེན་གྱི་དུས་སུ་སྦེ་གའི་འགྲན་བསྣུར་སྤེལ་དང་སྤེལ་བཞིན་པ་མ་ཟད། ལྷག་པར་དུ་ལས་ཀའི་བར་སེང་ལ་གཞོན་ནུ་རྣམས་སྦེ་གའི་རྩེད་འཇོར་རོལ་རྒྱུར་ཤིན་ཏུ་མཉེས་པོ་གནང་གི་ཡོད།

     རྟ་ཐོག་སྤོ་ལོ་ནི་གནའ་རབས་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན་ཅིང༌།  བཙན་པོའི་སྐབས་ནས་མི་དམངས་ནང་དར་ཁྱབ་བྱུང་ཡོད།  དུས་བས་བརྒྱད་པའི་དུས་འགོར་བོད་བློན་ཁྲང་ཨེན་ལ་ཅིན་ཁྲེང་ཀོང་ཇོ་གདན་ཞུར་ཕེབས་སྐབས་ཐངཀོང་མསཁོ་ཚོ་ལི་ཡོན་ཐིང་ལ་གདན་ཞུས་ནས་རྟ་ཐོག་སྤོ་ལོ་འགྲན་བསྣུར་བྱེད་པར་གཟིགས་ཞིབ་གནང་བ་དང༌།  ད་དུང་ཕོ་བྲང་གི་རྟ་ཐོག་སྤོ་ལོའི་རུ་ཁག་དང་བཙན་པོའི་རུ་ཁག་དབརའགྲན་བསྣུར་བྱེད་དུ་བཅུག་པ་རེད།

  རྟ་ཐོག་གི་མདའ་རྩལ་ནི་རྟ་གཞོན་ཏེ་མདལདང༌། མེ་མདའ་ཚ་ཁ་ལྟ་བར་ཟེར་བ་ཡིན།  དེའང་གནའ་དུས་ཀྱི་འབྲོག་པའི་འཚོ་བ་དང༌།  རི་དྭགས་རྔོན་པ།  དམག་དོན་སོགས་དང་འབྲེལ་བ་གཏིང་ཟབ་ཡོད། ་ བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་རྟ་དམག་དཔུང་སྡེ་སྟོབས་ཆེན་ཡོད་པས་དཔུང་སྡེ་དེའི་ནང་ནམ་རྒྱུན་དུ་རྟ་རྩལ་དང༌། རྟ་རྒྱུག་རྟ་ཐོག་མདའ་རྩལ་སོགས་ཀྱི་འགྲན་བསྣུར་བྱེད་ཀྱི་ཡོད་པ་རེད།  རྫེས་སུ་རིམ་བཞིན་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཏུ་གྱུར་པ་རེད།  ཡུལ་ལུང་མང་པོ་ཞིག་ལ་དུས་ཆེན་ཁག་ལ་རྟ་རྒྱུག་གཏོང་སྲོལ་ཡོད་པ་མ་ཟད།  རྟ་རྒྱུག་འགྲན་བསྔུར་ནང་ཞུགས་མཁན་མི་གྲངས་ཀྱང་ཧ་ཅང་མང་པོ་ཡོད་པས། དེ་ནི་མང་ཚོགས་རང་བཞིན་ལྡན་པའི་ལུས་རྩལ་རྣམ་གྲངས་ཤིག་ཏུ་གྱུར་པ་རེད།

   མདལ་རྩལ་གྱི་འགྲན་བསྣུར་དེ་བོད་མེའི་ནང་ཅུང་རྒྱ་ཁྱབ་ཆེ་ལ།  ལྷག་པར་ཏུ་ཀོང་པོ་དང༌།  གྲོ་མོ་སོགས་ཀྱི་ཡུལ་ལུང་ཁག་ཅིག་ལ་བདའ་རྩེད་འགྲན་བསྣུར་བྱེད་པའི་དར་སྲོལ་ཆེན་པོ་ཡོད།  མདའ་རྩེད་ལ་རྒྱང་མདའ་དང༌།  ཚ་མདའ་ཞེས་ཁག་གཉིས་ཡོད་ཅིང།  རྒྱང་མདའ་ནི་མདའི་རྩེར་རྣོ་ལྕགས་བསྒར་ཡོད་པས་རྒྱང་ཐག་སྤྱེ་ཁྲེ་བརྒྱ་ཕྲག་ཡོད་པའི་འབེན་ལ་ཚ་ཁ་ལྟ་དགོས། མདའ་རྒྱག་ཡུལ་ཡང་བདེ་ལ་སྙོམས་པ་ཞིག་དགོས་ཤིང་འགྲན་བསྔུར་ལ་ཞུགས་མཁན་རྣམས་ཕྱོགས་གཉིས་སུ་དབྱེ་ནས་ཚ་ཁའི་འགྲན་བསྡུར་བྱེད་སྲོལ་ཡོད།  གཅིག་ཤོས་ནི་བི་ཤུ་ཞེས་མདའ་རྩེར་མཁྲེགས་ཤིང་ལས་གྲུབ་པའི་སྒོང་དབྱིབས་སྦུག་ཅན་བུ་ག་བཞི་ལྡན་བསྒར་བ་ཞིག་ཡོད།  དེ་འཕངས་དུས་རྣ་བར་སྙན་པའི་སྒྲ་གྲགས་པ་དང༌།  དེ་དཔྱང་དཔྱང་དུ་མཆིས་པའི་འབེན་ལ་ཕོག་མིན་ཚ་ག་འགྲན་དགོས་ཀྱི་ཡོད། མདའ་རྩེད་འདི་རྩེད་སྐབས་ཕོ་མོ་ན་གཞོན་ཁག་མདའ་རྒྱག་སར་གྲལ་བསྟར་བསྒྲིགས་ནས་མདའ་གཞས་དང་ཞབས་བྲོ་རྒྱག་པ་ལ་སོགས་བྱེད་པས། དེར་སྤྲོ་སྣང་ཧ་ཅང་ཆེན་པོ་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།