བོད་རིགས་ཀྱི་ཆང་སྣོད།

རྩོམ་པ་པོ།:བསོད་ནམས་སྒྲོལ་མ། ཟླ་བ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2007-12-14 11:42:31 ཀློག་གྲངས།:

  བོད་ལྗོངས་ཀྱི་ཆང་རག་རིག་གནས་ལ་ལོ་རྒྱུས་ཡུན་རིང་མཆིས་པ་ཀུན་གྱི་མཁྱེན་གསལ་ཡིན་མོད། འོན་ཀྱང་མི་རིགས་ཀྱི་སྲོལ་རྒྱུན་དང་ཡུལ་གོམས་མཚོན་པའི་ཆང་སྣོད་ནི་རིག་གནས་དེའི་བདེན་དཔང་གལ་ཆེན་ཞིག་ཡིན། བོད་ལྗོངས་ཀྱི་ཆེས་སྔ་ཤོས་ཀྱི་ཆང་སྣོད་དེ་ལྷ་སའི་ཆུ་གོང་གནའ་ཤུལ་ལས་ཐོན་པའི་ལོ་ངོ་སུམ་སྟོང་སྔོན་གྱི་རྫ་བཟོས་ཆང་ཕོར་བར་འདེད་ཆོག ཆང་ཕོར་འདི་དག་ཕལ་ཆེ་བ་བྱེ་ཞིབ་བསྲེས་པའི་རྫ་ས་ནག་པོ་གཙོ་བོར་བྱས་པ་ལས་གྲུབ་ཅིང༌། ངོས་ནི་བརྡར་བ་ལས་འཇམ་ཤ་ཐོན་ཡོད་པ་དང༌། སྣོད་ཆས་ཐོག་བརྐོས་པའི་རི་མོ་ནི་ཕལ་ཆེ་བ་དབྱིབས་གཟུགས་རྒྱན་རིས་ཡིན་པ་དང༌། སྐབས་དེ་དུས་ཀྱི་རྫ་ཆས་བཟོ་རྩལ་བོད་ལྗོངས་ཀྱི་ཐོག་མའི་ཤེས་རིག་ཁྲོད་ཆུ་ཚད་མཐོ་ཤོས་ཡིན། མཐོ་སྒང་གི་མེས་པོ་ཚོས་བཟོ་རྩལ་ཞིབ་ཕྲ་མིན་པའི་ཆང་སྣོད་འདི་དག་ལ་བརྟེན་ནས་དུས་སྔ་མའི་ཆང་རག་གི་རིག་གནས་དར་སྤེལ་བཏང་ཡོད།

 བོད་རིགས་མི་དམངས་སྡོད་ཁུལ་ས་བབ་ཀྱི་ཁོར་ཡུག་དང་འཚོ་བ་སྐྱེལ་སྟངས་མི་གཅིག་པའི་རྐྱེན་གྱིས་སྤུས་ཚད་དང་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཀྱི་ཆང༌། སྣོད་ཐོན་པ་རེད། རྫ་བཟོས་ཆང་སྣོད་བཟོ་སྲོལ་ནི་བོད་ལྗོངས་ཞིང་ཁུལ་དུ་སྔར་རྒྱུན་བཞིན་ཡོངས་ཁྱབ་ཏུ་གནས་ཡོད་ཅིང༌། དེ་དག་གི་ཁྲོད་ལས་ཆང་སྣོད་གོང་མོ་ཅན་ནི་གཞིས་ཀ་རྩེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཆང་སྣོད་ཅིག་ཡིན། གོང་མོ་ནི་མཚོ་བོད་མཐོ་སྒང་ཁོ་ནར་མཆིས་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང༌། དེས་དབྱར་རྩ་དགུན་འབུ་གཙོ་ཟས་སུ་བྱས་ཏེ་འཚོ་ཞིང༌། ཞིང་ཁུལ་གྱི་མི་ཚོས་གང་དེའི་བཟོ་དབྱིབས་ཆང་སྣོད་དུ་བྱེད་པ་དེའང་ཆང་རག་ཆང་སྣོད་འདི་འདྲའི་ནང་དུ་བླུགས་ནས་འདྲེན་ཚེ་གཅིག་ནས་སྨན་ཆང་གི་ཤུགས་བསྟན་གོ་དོན་ཡོད་ལ་བཟོ་དབྱིབས་ཀྱང་མིག་ལ་མཛེས་པོ་ཡོད། ཕྱོགས་གཞན་ཞིག་ནས་གང་དེས་བོད་རིགས་མི་དམངས་ཀྱི་ཕུན་སུམ་ཚོགས་པའི་བསམ་བློའི་འཆར་སྣང་མཚོན་ཡོད།

 བོད་ཁུལ་དུ་ནས་ཆང་འདྲེན་པ་ནི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་རེད། མི་རྣམས་ཀྱི་ཞིང་ལས་ལ་གཞོལ་བའི་བར་གསེང་ལའང་ནས་ཆང་མཆོད་བཞིན་ཡོད། ཡིན་ནའང་ཆང་ཕོར་གྱི་མཐིལ་དུ་རྩམ་པ་ཏོག་ཙམ་སྐྱོན་བཞིན་ཡོད། དེ་ནི་ནས་ཆང་གི་ཆང་བཅུད་གར་ཚད་སླ་རུ་གཏོང་ཆེད་ཡིན་པས་འདི་འདྲ་བྱས་ན་གཅིག་ནས་ངལ་རྩོལ་འཐུས་ཤོར་མི་ཡོང་བ་དང་གཉིས་ནས་སྐོམ་པ་སེལ་བཞིན་ཡོད། དུས་ཆེན་སྐབས་སུ་སྤྱོད་པའི་ཆང་སྣོད་ནི་དེ་བས་སྤུས་ཀ་དག་པ་ཡོད་དེ། རྫབ་ཡ་ལས་བཟོས་པའི་རྫབ་ཕོར་གྱི་མཐའ་འཁོར་དང་ཞབས་རྒྱན། ཞབས་མཐིལ་བཅས་སུ་དངུལ་ལམ་གསེར་གྱིས་རྒྱན་པས་གཅིག་ནས་མཛེས་ཆར་གྱུར་ལ་གཉིས་ནས་ཉམས་མདངས་མངོན་ཐུབ་པ་སྤྱི་དང༌། ལྷག་དོན་དུ་ཞིང་ཁུལ་དུ་འཁྲུངས་ས་སྐྱོན་པའི་ཚེ། ཚོམས་ཁང་གི་དབུས་སུ་ནས་ཆང་བསིལ་མས་བྱུར་བུར་བཏམས་པའི་རྫ་མ་ཞིག་འཛུགས་བཞིན་ཡོད་པ་དེའི་མཐའ་འཁོར་དུ་དངུལ་ལས་བཟོས་པའི་ཆང་སྣོད་ནང་དུ་མཆོད་ཆང་འདྲེན་བྱེད་བྱི་ཟངས་སྐྱོག་འགའ་ཤས་འགེལ་བཞིན་ཡོད། མཆོད་ཆང་མཆོད་སའི་དངུལ་ཕོར་འགའ་ཤས་ཀྱི་ཁ་ཞེང་ལ་ལི་སྨི་20ཟིན་པས། ས་གནས་གཞན་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་གསུམ་སྒྲོན་མཉེས་དག་ཅེས་གསན་པ་ཙམ་གྱིས་ཚང་མ་སྐུ་ར་བཟི་བཞིན་མཆིས།

 རྐྱན་ཅེས་པའི་མིང་དེའང་ཆང་རྐྱན་གྱི་རྩེ་མོ་བཀའ་རྒྱུད་པའི་དགེ་འདུན་གྱི་ཞྭ་མོ་དང་འདྲ་བའི་ཆ་ནས་བཏགས་པ་ཡིན་ཞིང༌། བོད་རིགས་མི་དམངས་ཚོས་ནང་ཆོས་ལ་དད་མོས་ཆེ་བའི་དབང་གིས་ཆང་སྣོད་ཀྱི་བཟོ་ལྟ་དེ་མཚོན་དཔེ་ཞིག་ཏུ་གྱུར་ཡོད་པ་དང༌། སྤུས་ཀ་དང་ཆེ་ཆུང་ནི་འདྲ་མིན་སྣ་ཚོགས་མཆིས་ཁར། བེད་སྤྱོད་བྱེད་པའི་ཁྱབ་ཁོངས་ཀྱང་ཧ་ཅང་རྒྱ་ཆེན་པོ་ཡོད། དེ་ལ་རྫ་ལས་བཟོས་ཤིང་ངོས་སུ་བཀྲ་ཤིས་རྫས་བརྒྱད་ལ་སོགས་པའི་ཚོན་ཁྲ་ཅན་གྱི་རི་མོ་བཀོད་པ་དང༌། ཟངས་ལས་བཟོས་ཤིང་ལྟོ་བ་དང་མཆུ་ཏོར་དངུལ་གྱི་ཕྲ་རྒྱན་གྱིས་སྤྲས་ཡོད། ད་དུང་དངུལ་གཙང་ལས་བཟོས་པའི་དངུལ་རྐྱན་ཡོད་པ་དེ་ཕལ་ཆེ་བ་ལྷ་སའི་རྒྱུད་དུ་དར་ཁྱབ་ཆེ།

 བོད་བྱང་ཐང་གི་རྩྭ་ཐང་ཐོག་གནམ་གཤིས་གྲང་ངར་ཆེ་བའི་དབང་གིས་འདི་གའི་འབྲོག་པ་ཚོས་ཨ་རག་ངར་པོ་མཆོད་རྒྱུའི་གོམས་སྲོལ་ཡོད། ཡིན་ནའང་འདི་གར་མཆོད་བཞིན་པའི་ཨ་རག་ཕལ་ཆེ་བ་ནགས་ཁུལ་ནས་དབོར་འདྲེན་བྱས་ཤིང༌། བོད་རག་ནི་རྒྱུན་པར་མཐོང་རྒྱུ་ཡོད་པ་ཞིག་ཡིན། ནས་ལེགས་པར་བཙོས་རྗེས་སྔོན་ལ་གྲང་དུ་བཅུག་པ་དང༌། དེ་རྗེས་ཕབས་བརྒྱབ་ནས་སྣོད་གང་རུང་ནང་བླུགས་རྗེས་དྲོད་ཚད་ངེས་ཅན་ཡོད་པའི་སར་ཆང་དྲི་མ་འཁྱེར་བའི་བར་དུ་བསྙལ་བ་དང༌། ཆང་དྲི་ལྡང་དུས་དེ་ནི་ནས་ཆང་གི་རྒྱུར་གྱུར་ཟིན། དེ་རྗེས་ནས་ཆང་གི་རྒྱུར་གྱུར་པ་དེའི་ཆང་བཅུད་རླངས་ཆུར་ཕབ་རྗེས་ས་གནས་ཀྱི་ཁྱད་ཆོས་མཆིས་པའི་བོད་རག་ཏུ་གྲུབ་ཅིང༌། ཨ་རག་གི་གར་ཚད་དེ་མཚམས


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།