༄༅། །རིན་པོ་ཆེ་མཆོང་བཤད་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2019-12-13 10:53:53
ཀློག་གྲངས།:
མཆོང་གི་གོ་དོན།
སྤྱིར་མཆོང་ལ་རྒྱའི་ཐ་སྙད་ཁྲོད་ཡོངས་གྲགས་སུ་མཱ་ནའོ(玛瑙)ཞེས་བརྗོད་པ་དང་། མཆོང་འདི་རྒྱ་གར་ནག་དང་བོད་ལྗོངས་ཀྱི་བྱང་འབྲོག་ཁུལ་སོགས་གང་ནས་ཀྱང་འབྱུང་བ་དང་། དེང་དུས་ཅུང་མོད་པའི་ཨེར་དབྱང་ཧྭ་ཀུའེ་རིགས་ཀྱི་གཏེར་རྡོའམ་རིན་པོ་ཆེའི་རིགས་ཏེ་ཆེ་ཆུང་ངེས་མེད། དབྱིབས་ཕལ་ཆེར་སྐྲན་ཐུམ་འདྲ་བ་དང་ནུ་དབྱིབས་དང་། མཁལ་དབྱིབས། སྒོང་གཟུགས་སོགས་སྣ་ཚོགས་འབྱུང་ཞིང་ཕྱི་ངོས་འབར་འབུར་མི་སྙོམས་པ་ལ་ཁ་དོག་འོ་ཁ། བྱ་ཁྲག ཆུ་སེར། བ་ཆུ། སྔོ་སྐྱ། སྨུག་པོ་སོགས་མ་ངེས་པ། འགའ་ཞིག་ཁ་དོག་ཕན་ཚུན་སྤེལ་མར་འདྲེས་པ་དང་ཆུ་རིས་འདྲ་མིན་ཡོད་པ་བཅས་ལ་འཆོས་པའི་རྒྱན་ཆས་རྣམས་ཕལ་ཆེར་ཟླུམ་རིལ་དང་ཟླུམ་ནར་ལ་སོགས་ཅི་རིགས་ལ་དྭངས་ཤིང་སྐུད་པ་མི་སྒྲིབ་པ། འགའ་ཞིག་ཤིན་ཏུ་དྭངས་པ་ཁ་དོག་མེད་པ་སོགས་སྣ་ཚོགས་འབྱུང་།
མཆོང་གི་རིགས་དབྱེ།
མཆོང་ལ་དབྱེ་ན་ས་མཆོང་དང་རྡོ་མཆོང་། ཆུ་མཆོང་དང་ཤེལ་མཆོང་ཞེས་བཞི་རུ་དབྱེ་ཞིང་། ཕུལ་དུ་བྱུང་བ་ནི་རྡོ་མཆོང་གི་རིགས་ཡིན། རྒྱ་དཀར་གྱི་མཆོང་ཞེས་པ་ནི་ལོ་རབས་བརྒྱད་ཅུ་ཡས་མས་སུ་ལྷ་ས་ནས་ཉོས་ཡོང་བའི་མཆོང་སྐྱ་རིལ་དེའི་རིགས་ཡིན་ལ། བོད་པའི་མཆོང་རྙིང་དག་ནི་ཕལ་ཆེར་ལོ་ངོ་གཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་དང་། ལོ་རྒྱུས་བརྒྱུད་རིམ་ཁྲོད་རིན་པོ་ཆེ་མཆོང་འདིར་སྤུས་ཀ་ཇེ་ལེགས་དང་། དགོས་པ་ཇེ་ཆེ། མཛེས་ཆ་ཇེ་བཟང་། བཟོ་དབྱིབས་ཇེ་མང་། རི་མོ་ཇེ་ཡག་བཅས་ཀྱི་རྣམ་པ་རུ་གྱུར་ཡོད། ཡིན་ནའང་འདིའི་འབྱུང་ཁུངས་ནི་གཏེར་ཁ་གང་རིང་ནས་སྔོག་འདོན་ཐུབ་པས་དུས་ད་ལྟ་མདོག་རིགས་འདྲ་མིན་མང་པོ་འབྱུང་བཞིན་ཡོད་ལ། གྲུབ་ཆ་གཙོ་བོ་ནིsio2ཡིན་པ་དང་། སྲ་ཚད་ཧྲེ་ཧྲུ་ཏུའུ6.5~7དང་། བསྡུར་ལྗིད་ཁེ2.6~2.7ཡོད་པ་དང་། སྲ་ལ་མཁྲེགས་པས་ཤེལ་རིགས་ཕལ་ཆེར་གཅོད་ཅིང་ལྕགས་ཀྱིས་བརྡབ་པས་མེ་འབྱུང་བ་བཅས་ཡོངས་གྲགས་སུ་ངོས་ཟིན་སླ། ཤེལ་ཕྲེང་དུ་འདི་ལ་རིགས་བཞི་འབྱུང་བའི་མཆོག་ནི། དཀར་ལ་སྔོ་མདངས་ཅན་དྭངས་བས་ཕྱི་ནང་མི་སྒྲིབ་པ་ཞིག་འབྱུང་བ། དཀར་མོ་ལག་གཡབ་ཞེས་པས་སྡེ་བརྒྱད་སྲུང་ནུས་པའི་ནོར་བུ་ཡིན་པ་དང་། དེ་འདྲ་བ་ལས་དེ་ཙམ་མི་དྭངས་པ། དམར་མདངས་ཆགས་པ་མ་ན་ཧཱཾ་ཞེས་པའང་སྔ་མ་དང་ཕྱོགས་མཚུངས་ཙམ་མོ། འདི་གཉིས་མ་ཧྭ་ཙི་ན་ནས་འབྱུང་། ཁ་ཆེའི་ཡུལ་ནས་འབྱུང་བའི་དམར་པོ་དང་། སྔ་རབས་ཀྱི་དཀར་ཁྲ་ཞིག་འབྱུང་བ་དམན་པར་བཤད། ནུས་པ་གཟི་དང་འདྲ་ཞེས་བྱའོ། ཞེས་གསུངས། མ་ནི་ཧཱུཾ་ཞེས་པ་ནི་མ་ན་ཧོ་ཞེས་གྲགས་ཏེ། དེ་ནི་རྒྱ་སྐད་ཀྱི་མཱ་ནའོ་ཞེས་པའི་སྒྲ་ཟུར་ཉམས་པ་ཡིན་ཏེ། དེ་ཡང་ཐོག་མར་འདིའི་ཁ་དོག་རྟའི་ཀླད་པ་དང་འདྲ་བས马脑ཞེས་པའི་མིང་དུ་བཏགས་པ་དང་། རྗེས་སུ་འདི་དང་རྟ་ཀླད་དངོས་དང་མི་ནོར་བའི་ཕྱིར་དུ་ནོར་བུའི་རིགས玛瑙ཞེས་ཡི་གེའི་པིར་རིས་བསྒྱུར་བ་ཙམ་ལས་མིང་རང་འཇགས་སུ་ལུས་པའི་ལོ་རྒྱུས་ད་ལྟ་རྒྱའི་ནོར་བུ་བརྟག་པའི་གཞུང་རྣམས་སུ་གསལ་ཞིང་། སྐབས་དེ་དུས་འདི་རིགས་ཅུང་དཀོན་པས་མ་ན་ཧོ་ནི་རྟའི་ཀླད་པ་འདྲ། དེ་ལ་དམར་མདངས་ཆགས་ན་ནོར་བུའི་རིགས། ཞེས་ནོར་བུ་རྩ་ཆེན་ལ་རྩི་བ་ལས་ཁ་དོག་ཙམ་མ་གཏོགས་དོན་དུ་མཆོང་རང་ཡིན། སྐབས་དེ་དུས་མི་རྣམས་ལོ་དང་ཟླ་བ་བསྟུད་ནས་འགྲོ་དགོས་པ་ལ་དེང་དུས་ཞག་དང་ཆུ་ཚོད་ཀྱིས་སླེབས་པས། སྐབས་དེའི་ནོར་རྫས་རྣམས་ཀྱི་ཆེ་བཤད་དང་རིན་ཐང་ཁོ་ན་ལ་བསམ་ནས་ད་ལྟ་འབེལ་འབེལ་ལྷུག་ལྷུག་བྱུང་བས་འདི་མིན་པའི་རྩ་ཆེན་ཞིག་ཡོད་དགོས་སྙམ་པ་ནི་མ་དཔྱད་པའི་བྱིས་བློ་ཁོ་ན་ཡིན་པས་ཀློག་པ་པོས་འདི་ལྟ་བུའི་རིགས་ལ་དགོངས་གཞིགས་ཞིབ་པར་མཛོད་ཅིག
མཆོང་གི་ཕན་ནུས།
གཟི་རྙིང་གཟའ་ཡི་ནད་དང་གདོན་གཟེར་འཇོམས། ། མཆོང་དང་མརྒད་དག་ཀྱང་དེ་བཞིན་ནོ། ། ཞེས་པ་ལྟར་རིན་པོ་ཆེ་མཆོང་འདི་ཉིད་ལུས་ལ་འཆང་ན་ནད་གདོན་འགོག བར་ཆད་ཟློག སྨན་དུ་སྦྱར་སྐབས་དུག་འདོན་སོགས་རིན་ཆེན་རིགས་སྤྱི་ལྟར་བྱ། རོ་ནུས། རོ་མངར། རྗེས་སྙོམས། ནུས་པས་གཟའ་ནད་དང་གདོན་གཟེར་འཇོམས། ཀླད་སྐྱོན་དང་རྩ་དཀར་གྱི་ནད་རྣམས་སེལ།
མཆོང་གི་བརྟག་ཐབས།
བརྟག་ཐབས་སུ་གཙོ་བོ་སྣུམ་དང་རྡོ་རྒྱུ་ལ་བལྟ་དགོས་པ་ལས་རི་མོ་དང་ཁ་དོག་ལ་དེ་འདྲ་བལྟ་རྒྱུ་མེད། ད་ལྟའི་དུས་སུ་མཆོང་རིགས་གསར་བ་ཤིན་ཏུ་མང་བས། ངེས་པར་དུ་བརྟག་ཐབས་འདི་དག་བློ་ལ་ངེས་དགོས།
01
གཏེར་རྒྱུ་ཡིན་མིན་ལ་བརྟག་དགོས། གལ་ཏེ་མཆོང་བཟོ་བྱེད་ཀྱི་རྒྱུ་དེ་གཏེར་རྒྱུ་ངོ་མ་ལས་གྲུབ་པ་ཞིག་ཡིན་ན། འོད་མདངས་ནི་སྣུམ་བྱུག་པའི་འོད་དང་འདྲ་ཞིང་ཅུང་སྲ་མོ་ཡིན་དགོས།
02
མཆོང་རྙིང་རྣམས་ཡུན་རིང་ལུས་ལ་བཏགས་སྟབས། ཟུར་གཉིས་ཟད་ནས་ཤུར་ཐོན་ཡོད་པ་དང་། ཐོག་ནའང་ཟད་ཤུལ་མང་བས་མ་ཚད། དེ་རིགས་ཚང་མར་འདྲ་སའི་ཆ་ཉུང་བས། ཆེ་ཤེལ་ལ་བརྟེན་ནས་ལེགས་པར་བརྟག་དགོས།
03
མཆོང་གསར་བའི་བུ་ག་དག་འཕྲུལ་ཆས་ཀྱིས་ཕུག་པས་ན་སྨྱུག་འཕྲེང་ཕལ་ཆེར་དྲང་མོ་ཡིན་པ་དང་། སྨྱུག་འཕྲེང་དྲང་མོར་མེད་པར་འཁྱོག་ནས་ཡོད་པའམ་གཡོན་ནས་འདུག་པ་ནི་མཆོང་རྙིང་དག་མ་ཡིན།
04
01
གཏེར་རྒྱུ་ཡིན་མིན་ལ་བརྟག་དགོས། གལ་ཏེ་མཆོང་བཟོ་བྱེད་ཀྱི་རྒྱུ་དེ་གཏེར་རྒྱུ་ངོ་མ་ལས་གྲུབ་པ་ཞིག་ཡིན་ན། འོད་མདངས་ནི་སྣུམ་བྱུག་པའི་འོད་དང་འདྲ་ཞིང་ཅུང་སྲ་མོ་ཡིན་དགོས།
02
མཆོང་རྙིང་རྣམས་ཡུན་རིང་ལུས་ལ་བཏགས་སྟབས། ཟུར་གཉིས་ཟད་ནས་ཤུར་ཐོན་ཡོད་པ་དང་། ཐོག་ནའང་ཟད་ཤུལ་མང་བས་མ་ཚད། དེ་རིགས་ཚང་མར་འདྲ་སའི་ཆ་ཉུང་བས། ཆེ་ཤེལ་ལ་བརྟེན་ནས་ལེགས་པར་བརྟག་དགོས།
03
མཆོང་གསར་བའི་བུ་ག་དག་འཕྲུལ་ཆས་ཀྱིས་ཕུག་པས་ན་སྨྱུག་འཕྲེང་ཕལ་ཆེར་དྲང་མོ་ཡིན་པ་དང་། སྨྱུག་འཕྲེང་དྲང་མོར་མེད་པར་འཁྱོག་ནས་ཡོད་པའམ་གཡོན་ནས་འདུག་པ་ནི་མཆོང་རྙིང་དག་མ་ཡིན།
04
འབྱར་དངོས་ཡོད་མེད་བརྟག་དགོས། འདིར་འབྱར་དངོས་ཞེས་པ་ནི་དྲེག་པ་མ་ཡིན་པར། མཆོང་ངོས་ལ་མཆིམ་པའི་འབྱར་དངོས་ནི་སྐྱུར་དང་བུལ་གྱི་ཁམས་རྒྱུ་དང་མཆོང་དེ་ཉིད་ལས་ཐོན་པའི་ཟགས་དངོས་མཉམ་དུ་འདྲེས་པ་ལས་བྱུང་བ་ཞིག་ཡིན་པས་བཀྲུས་ཀྱང་མི་འདག རང་བཞིན་དུ་བྱུང་བའི་འབྱར་དངོས་དང་མིས་བཟོས་པའི་འབྱར་དངོས་གཉིས་མི་འདྲ་སྟེ། རང་བཞིན་དུ་བྱུང་བའི་འབྱར་དངོས་དེར་འཇམ་དང་འོད་མདངས་ཡོད་ལ་གཞན་པར་མེད། གཞན་ཡང་རྫས་འགྱུར་དང་དངོས་ཁམས་རིག་པའི་ཐབས་ལ་བརྟེན་ནས་བརྟག་ཐབས་དང་། ཆོས་ལུགས་ཐོག་ནས་བརྟག་ཐབས་ལ་སོགས་མང་པོ་ཡོད། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།