《དཔའ་རིས་དམངས་སྲོལ་རིག་གནས་དཔེ་ཚོགས》དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2020-11-09 09:03:58 ཀློག་གྲངས།:19714
ལོ་རྒན་བརྒྱད་ཅུའི་མཐར་ཕྱིན་བགྲེས་པོ་ཡིས།།
ཚེ་རིན་དམངས་སྲོལ་དེབ་ཕྲེང་འདི་ནས་སྤེལ།།
རྩོམ་པ་པོ་དཔའ་རིས་བསོད་ནམས་ཚེ་རིང་།
“ངའི་རེ་བ་ཡིན་ན་མི་རིགས་སོ་སོས་རང་གི་དམངས་ཁྲོད་ཀྱི་རིག་གནས་འདི་རྒྱུད་འཛིན་དར་སྤེལ་གཏོང་ཐུབ་ན་བཟང་།ང་ལྟ་བུ་ཞིག་གིས་བསྒྲུབ་ཐུབ་པ་ནི་རང་གི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདི་མི་རབས་རྗེས་མར་སྤེལ་རྒྱུ་དེ་རེད།ལོ་རྒྱུས་དང་དུས་རབས་ཀྱི་འགྱུར་ལྡོག་གསལ་བའི་མི་རིགས་ཀྱི་གཅེས་ནོར་འདི་མི་རབས་རྗེས་མར་སྤེལ་རྒྱུ་དེ་བླ་ན་མེད་པའི་འགན་འཁྲི་ཞིག་རེད། ”《དཔའ་རིས་དམངས་སྲོལ་རིག་གནས་དཔེ་ཚོགས》ཀྱི་འགྲེམས་སྤེལ་མཛད་སྒོའི་སྟེང་དུ་ལོ་ན་བརྒྱད་ཅུར་ཉེ་བའི་རྒད་པོ་དཔའ་རིས་བསོད་ནམས་ཚེ་རིང་ལགས་ཀྱིས་འདི་ལྟར་གསུངས་བྱུང་།
སྤྱི་ཟླ11ཚེས7ཉིན། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པས་ཟི་ལིང་གྲོང་ཁྱེར་ནས《དཔའ་རིས་དམངས་སྲོལ་རིག་གནས་དཔེ་ཚོགས》ཀྱི་འགྲེམས་སྤེལ་མཛད་སྒོ་བསྡུས།མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཀྲུའུ་རིན་དཔའ་མཁར་ཚེ་རིང་འགྲེམས་སྤེལ་མཛད་སྒོར་ཞུགས་ཤིང་གཏམ་བཤད་གནང་། དཔེ་ཚོགས་ལེགས་སྒྲིག་པས་གཟབ་ནན་ཆེན་པོས་དཔེ་ཚོགས་ལེགས་སྒྲིག་གི་ལས་འཕྲོ་དང་།བརྒྱུད་རིམ།དེའི་དཀའ་ཁག་ངོ་སྤྲོད་གནང་བ་དང་ལས་ཀར་རྒྱབ་སྐྱོར་དང་རམ་འདེགས་གནང་མཁན་གྱི་འབྲེལ་ཡོད་ལས་ཁུངས་དང་མི་སྣར་བཀའ་དྲིན་ཞུས།མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ལས་ཐོག་ཚོགས་གཙོ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཟུར་པ་བསོད་ནམས་ཚེ་རིང་ལགས་ཀྱིས་དཔེ་ཚོགས་བསྡུ་སྒྲིག་པའི་བརྩོན་འགྲུས་གོ་ཆ་བརྟན་པོ་དང་།ཞུམ་མེད་སྙིང་སྟོབས་དྲག་པོ།བླ་མེད་བྱས་པ་ཆེན་པོར་བསྔགས་པ་ཚད་མེད་གནང་ཞིང་།དཔེ་ཚོགས་ཀྱིས་དོན་དངོས་ལ་བརྩི་འཇོག་དང་སྐྱེ་བོ་མཐོ་དམན་སུས་བཀླག་ཀྱང་བཀླག་རིན་དང་ལྟ་རིན་ཆེ་བའི་དགེ་མཚན་གནང་།《བོད་ཀྱི་དམངས་སྲོལ་རིག་གནས་དུས་དེབ》ཀྱི་གཙོ་སྒྲིག་པ་སྐུ་གཞོན།བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ཆེད་མཁས་པ་བཀའ་མ་མཁའ་འབུམ་ལགས་ཀྱིས་དཔེ་ཚོགས་རྩོམ་སྒྲིག་པས་ལོ་ངོ་མང་བོའི་རིང་ལ་དཔའ་རིས་དམངས་སྲོལ་རིག་གནས་བསྡུ་སྒྲིག་དང་ཞིབ་འཇུག་གི་ཕྱག་ལས་གནང་ཞིང་ས་གནས་རིག་གནས་ཀྱི་མྱུར་སྐྱོབ་ཐད་ལ་མཛད་རྗེས་བླ་མེད་བཞག་པ་ནི་རྗེས་སུ་ཡི་རང་གི་གནས་ཤིག་ཡིན་པ་དང་།དཔའ་རིས་ས་ཆའི་རྒྱ་ཆེ་བའི་ཡུལ་ལུང་དང་།རྒྱུན་རིང་བའི་ལོ་རྒྱུས།གཏིང་ཟབ་པའི་རིག་གནས་བཅས་ཀྱི་ཐད་ནས་གཏམ་བཤད་གནང་། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དང་།ཚོགས་གཙོ་སྐུ་གཞོན་ལྷན་རྒྱས།དྲུང་ཡིག་ཆེན་མོ་དང་།  དྲུང་ཡིག་ཆེན་མོ་སྐུ་གཞོན་ལྷན་རྒྱས།ལས་འཛིན་ཁག་ཅིག་དང་རིག་གཞུང་ཞིབ་འཇུག་པ་དང་སློབ་ཆེན་དགེ་རྒན།དམངས་ཁྲོད་རིག་གནས་ལ་དུངས་པ་ཟབ་པའི་སྤྱི་ཚོགས་ལས་རིགས་ཀྱི་མི་སྣ་བཅས་མི་བཞི་བཅུ་ལྷག་མཛད་སྒོར་ཞུགས།བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བསོད་ནམས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།མཚོ་བྱང་ཁུལ་མི་རིགས་ལས་དོན་ཨུ་ལྷན་ཁང་གི་ཀྲུའུ་རེན་དཔལ་མཁར་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།
དཔའ་རིས་བསོད་ནམས་ཚེ་རིང་ལགས་ནི1942ལོར་སྐྱེས་ཤིང་། དེབ་འདིའི་བསྡུ་སྒྲིག་པ་ཡིན།ཁོང་བྱ་བར་ཞུགས་པའི་ཚུན་ཆད་ནས་ལོ་ངོ་མང་བོའི་རིང་ལ་བོད་ཀྱི་དམངས་ཁྲོད་རིག་གནས་དང་འབྲེལ་བའི་རྩོམ་ཡིག་གསོག་འཇོག་བསྡུ་ཉར་བྱས་པར་མ་ཟད།དུས་རྒྱུན་དུ་སྒེར་གྱིས་མ་དངུལ་བཏང་ནས་རང་གཅིག་པུ་ཡུལ་དངོས་རྟོག་དཔྱོད་ལ་ཕྱིན་ཏེ་རྒྱུ་ཆ་མང་བོ་བསྡུ་ཉར་བྱ་ཐུབ་པ་བྱུང་ཞིང་།ལས་འཁྱུར་ངལ་གསོ་བྱས་རྗེས་རྒྱུ་ཆ་དེ་དག་རིམ་བཞིན་ལེགས་སྒྲིག་པར་སྐྲུན་གནང་བ་ཡིན་འདུགདཔེ་ཚོགས་པར་དུ་བསྐྲུན་པ་འདི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ་དངམཚོ་བྱང་དང་མཚོ་བྱང་ཉེ་འབྲེལ་གྱི་ས་གནས་རིག་གནས་དང་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་མྱུར་སྐྱོབ་ཐོ་འགོད་གནང་བའི་ཆེད་དུ་ཡིན་ཞིང་།དཔེ་ཚོགས་ནི་དེབ་བཅུ་གཅིག་གི་བདག་ཉིད་ཅན་ཏེ་སོ་སོར《གཉེན་དོན་སྤྱི་བཤད》དང་།《བག་སྟོན་ཆོ་ག》《སྲིད་པ་ཆགས་གླུ》《གླུ་ཤགས》《ལ་གཞས》དེབ་གཉིས།《དམངས་ཁྲོད་གཏམ་རྒྱུད》《གཏམ་དཔེ་དང་ཁེད》《དཔའ་རིས་ཡུལ་སྐྱོང་ཆེན་པོ་ཨ་མྱེས་ཀ་དྲོད》《དངོས་མིང་འདོགས་ཚུལ》བཅས་དང་རྒྱ་ཡིག་གི་དེབ་གཅིག་བཅས་དེབ་བཅུ་གཅིག་ཡོད་ལ་བསྡོམས་པས་ཡིག་འབྲུ་ཁྲི་ཉིས་བརྒྱ་ལ་ཉེ་བ་འདུགདཔེ་ཚོགས་འདི་ནི་མཚོ་བྱང་ས་ཆའི་དམངས་ཁྲོད་རིག་གནས་ཀྱི་གཉུག་མའི་རྒྱུ་ཆ་ཡིན་ལ། དམངས་ཁྲོད་ཀྱི་ཆ་དང་། རང་སྐྱེས་ཀྱི་ཆ།གསར་གཏོད་ཀྱི་ཆ་བཅས་ཡོད་པས་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་གདོད་མའི་རྒྱུ་ཆ་ཤིན་ཏུ་གལ་ཆེན་ཞིག་ཆགས་ཡོད་ལ།མྱུར་སྐྱོབ་སྲུང་སྐྱོབ་ཀྱི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན།
མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པ་ནི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་བདག་གནང་བཞིན་པའི་ཚོགས་སྡེ་རང་བཞིན་གྱི་རིག་གཞུང་ཞིབ་འཇུག་གི་སྡེ་ཁག་ཅིག་ཡིན་ལ།2013ལོར་གསར་དུ་བཙུགས་ཤིང་།ལས་ཀའི་རྣམ་གྲངས་ལ་གཙོ་བོར་བོད་ཀྱི་ངག་ཡིག་ཐོག་གི་རྒྱུ་ཆ་སྲུང་སྐྱོབ་ཐོ་འགོད་དང་།ལེགས་སྒྲིག་དཔྱད་སྡུར།ཞིབ་འཇུག་པར་སྐྲུན་བྱེད་བཞིན་ཡོད།ལོ་འདི་གའི་རིང་ལ་ཚོགས་པས་རིག་གཞུང་ཚོགས་འདུ་དང་ཞིབ་འཇུག་གླེང་སྟེགས་ཁག་ཅིག་བསྡུས་ཤིང་།ཞིབ་འཇུག་ཆེད་དེབ་དང་བརྙན་ཡིག་རྒྱུ་ཆ་པར་སྐྲུན་གནང་བར་མ་དངུལ་གྱིས་རོགས་སྐྱོར་གནང་མྱོང་བས་སྤྱི་ཚོགས་ཡོངས་ནས་གདེང་འཇོག་ངེས་ཅན་དང་མཚན་སྙན་འོས་འཚམ་ཐོབ་ཡོད།
ལེགས་སྒྲིག་གནང་མཁན་མཚམས་སྦྱོར།
དཔའ་རིས་བསོད་ནམས་ཚེ་རིང་།1942ལོའི་ཟླ3པར་སྐྱེས། སྨན་པ་འབུམ་རམས་པ།དུས་ཡུན་རིང་བོར་མཚོ་བྱང་ས་ཆར་བྱ་བ་བསྒྲུབ།མཚོ་བྱང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་དང་།མཚོ་བྱང་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་བའི་ཨུ་ཡོན།ཞིང་ཆེན་ཡོངས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཆེད་མཁས་པ་རྒན་གཞོན་གྱི་རིག་གཞུང་ཉམས་མྱོང་རྒྱུད་འཛིན་དཔེ་ཁྲིད་ཀྱི་མཛུབ་སྟོན་དགེ་རྒན་བཅས་ཀྱི་འགན་ཁུར་མྱོང་།ཀྲུང་གོ་མི་རིགས་གསོ་རིག་སློབ་ཚོགས་ཀྱི་ཚོགས་མི་དང་།ཀྲུང་གོའི་ད་རབས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་མི་སྣ་མིང་ཅན།རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུད་འཛིན་པ།ཀན་སུའུ་བོད་རིགས་གསོ་རིག་ཚོགས་པའི་ཚོགས་མི།ཀན་སུའུ་དཔའ་རིས་གནའ་དཔེ་དག་སྒྲིག་གཞུང་སྒྲུབ་ཁང་གི་བློ་འདྲི་ཡུལ།ཀན་སུའུ་ཞིང་ཆེན་ཀྲུང་ལུགས་གསོ་རིག་རྒྱུད་འཛིན་གྱི་རྫོང་རིམ་པའི་མཛུབ་སྟོན་དགེ་རྒན་བཅས་ཡིན་ཞིང་།ཤར་ཕྱོགས་མི་སྣ་མིང་ཅན་ཞིབ་འཇུག་གླིང་གི་ཡོན་ཧྲི་དང་།འཛམ་གླིང་གི་ཀྲུང་གོ་བའི་གསོ་རིག་མཉམ་འབྲེལ་ཚོགས་པའི་རྒྱུན་ལས་ལས་འཛིན།ཀྲུང་ཧྭའི་ནད་ཐོག་གསོ་རིག་ཚོགས་པའི་རྒྱུན་ལས་ལས་འཛིན།《ཀྲུང་གོའི་ཁྱད་ཆོས་ཀྱི་སྨན་པ་གྲགས་ཅན་གྱི་མིང་མཛོད་ཆེན་མོའི》སྒྲིག་ཨུ།《འཛམ་གླིང་རིག་གནས་མི་སྣ་མིང་ཅན་གྱི་མིང་མཛོད》ཀྱི་དམིགས་བསལ་གདན་ཞུས་བློ་འདྲི་སྒྲིག་ཨུ།《ཀྲུང་གོའི་ད་རབས་གསོ་སྨན་གྱི་མི་སྣ་མིང་ཅན།》(དེབ་གསུམ་པ།)དམིགས་བསལ་གདན་ཞུས་སྒྲིག་ཨུ།《ཀྲུང་ཧྭའི་མི་སྣའི་མིང་མཛོད་ལས་ད་རབས་རིག་གནས་ཀྱི་གླེགས་བམ》གྱི་བློ་འདྲི་སྒྲིག་ཨུ་བཅས་ཀྱི་ལས་འགན་འཁུར་མྱོང་།1978ལོ་ནས1980ལོའི་བར་དཔའ་རིས་རྫོང་བོད་སྨན་ཁང་འཛུགས་པར་མཉམ་ཞུགས་གནང་།ཀན་སུའུ་ཞིང་ཆེན་གྱི་སྨན་བཤེར་སོའོ་ཡིས་རྩ་འཛུགས་བྱས་ཤིང་ཅུའུ་ཀྲང་ཐན་ཧྲི་ཁིག་གིས་དངོས་སུ་སྣེ་ཁྲིད་པའི་བོད་སྨན་ཡོངས་བཤེར་རུ་ཁག་ལ་མཉམ་ཞུགས་གནང་ཞིང་།རྫོང་ཡོངས་ཀྱི་རི་ལུང་ཐང་གསུམ་ཉུལ་ཏེ་སྨན་སྣ580ལྷག་གི་དཔེ་གཞི་བསྡུས་ཤིང་རང་ཉིད་ཀྱིས《བོད་ཀྱི་གསོ་བ་རིག་པའི་ལག་དེབ》སྒྲིག་རྩོམ་གནང་།(1980ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།)མི་རིགས་ཀྱི་གསོ་རིག་དང་སྨན་རྫས་བསྐྱར་གསོ་དང་འཕེལ་རྒྱས་འབྱུང་བར་བླ་ན་མེད་པའི་བྱས་རྗེས་བཞག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།