མདོ་སྨད་མཚོ་ལྷོའི་སྲིད་ལུགས་བྱུང་རིམ་རགས་བཤད།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-05-09 07:38:48 ཀློག་གྲངས།:

    མཚོ་ལྷོ་ནི་འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་སྔ་ལ་རིག་གནས་ཤུལ་རྫས་ཀྱང་འཛོམས་ས་ཞིག་སྟེ།  ལོ་དུ་མར་གནའ་རྫས་ལ་རྟོག་དཔྱོད་བྱས་པ་ལྟར་ན།  འདི་རྡོ་ཆས་གསར་བ་སྤཡོད་པའི་དུས་རབས་དང་།  ཟངས་ཆས་དང་རྡོ་ཆས་མཉམ་དུ་སྤཡོད་པའི་དུས་རབས་ཀྱི་རྗེས་ཤུལ་དང་། བང་སོ། ཧན་རྒྱལ་རབས་སྐབས་ཀྱི་མཁར་ཤུལ་སོགས་ཡོད། ༡༩༨༠ལོར་ཞིང་ཆེན་གནའ་རྫས་རྟོག་དཔྱོད་པས་ཀོས་ནན་རབས་འོག་ཤང་ནས་རྡོ་ཆས་གསར་བ་སྤྱོད་པའི་དུས་རབས་ཐོག་མའི་རིག་གནས་རྗེས་ཤུལ་དུ་མ་ཞིང་ཆེན་ཡོངས་ལས་ཐོག་མར་རྙེད་ཅིང་།  དེ་ལ་རྗེས་ཤུལ་སྐོར་བདུན་དང་།  རིག་གནས་དངོས་རྫས་ལྔ་སྟོང་ལྷག་ཡོད་པ་དེ་དག་གིས་ལོ་ངོ་བདུན་སྟོང་ཡས་མས་སྔོན་ལ་ས་འདིའི་མིས་རྡོ་ཆས་བཟོ་ཐབས་ཅུང་ལེགས་པོ་ཁོང་དུ་ཆུད་པ་དང་།  ཅ་ལག་ཡོ་བྱད་ལ་ཚོན་རྩི་གཏོང་བ་དང་གཡང་ཊིས་རང་ལ་རྒྱན་ཤེས་པ་མཚོན། བརྡར་བའི་རྡོ་ཆས་བེད་སྤྱོད་ཚུལ་ལ་བལྟས་ན།  སྐབས་དེར་སྔོག་འཐུ་ལས་ཀ་དང་ཞིང་ལས་ཡོད།  རྡོ་ཆས་གསར་བ་སྤྱོད་པའི་དུས་རབས་ཀྱི་བར་དང་མཇུག་གི་སྨ་ཅ་ཡའོ་རིག་གནས་དང་ཆི་ཅ་རིག་གནས།  ཟངས་ཆས་དང་རྡོ་ཆས་མཉམ་སྤྱོད་དུས་རབས་ཀྱི་ཁ་འོག་རིག་གནས་བཅས་ཀྱི་རྗེས་ཤུལ་ཧ་ལམ་ས་འདི་ཡོངས་ལ་ཁྱབ།  ས་འོག་ནས་བུད་པའི་རིག་རྫས་མང་པོས་སྐབས་དེར་ཕྱུགས་ལས་ཅུང་དར་བ་དང་།   པགས་རིགས་རྒྱུ་ཆ་བྱས་པའི་འཁེལ་འཐག་དང་ཚེམ་བཟོ།  རྫ་ཆས་བཟོ་བ།  ཟངས་བཞུ་བ་སོགས་ལག་བཟོ་བྱུང་བ་མཚོན།  དེ་སྔོན་ཁྲི་ཀ་དང་།  གུང་ཧོ་རྫོང་གཉིས་ཀྱི་ཁོངས་ནས་ཧན་རྒྱལ་རབས་སྐབས་ཀྱི་མཁར་ཤུལ་བཅུ་དང་བང་སོ་བཞི་སྔ་གཞུག་ཏུ་རྙེད།  ༡༩༨༠ལོར་གུང་ཧོ་རྫོང་འཁྱིལ་ཁུག་ཤང་མཚོ་ཐོག་ལུང་སྡེ་བར་ལོ་ཉིས་སྟོང་སྔོན་གྱི་ཧན་རྒྱལ་རབས་ཀྱི་མཁར་རྙིང་བསློགས་པའི་ནང་ནས་ཟངས་ལྕགས་ཀྱི་མདེའུ་དང་།  ཟངས་ཆགས་དུམ་བུ།  གཏེར་རྡོ། སོལ་བ་སོགས་མང་པོ་བུད་ལ།  དེའི་ནང་དུ་ཟངས་ཀྱི་མེ་ལོང་ཞིག་ཀྱང་ཡོད་པ་ནི་རང་རྒྱལ་དུ་ད་སྔ་བུད་པའི་ཧ་ཅང་སྔ་བའི་ཟངས་ཀྱི་མེ་ལོང་ནང་གི་གཅིག་ཡིན། འདི་དག་གིས་གནའ་སྔ་མོ་ནས་མིའི་རིགས་ཀྱིས་འདི་ནས་རིགས་རྒྱུད་སྤེལ་བ་དང་འཚོ་ཞིང་གནས་ལ།   ལས་ལ་བརྩོན་པའི་ལག་ཟུང་གིས་འབྱོར་ཕྱུག་མཛེས་སྡུག་ལྡན་པའི་ས་ཆ་འདི་བདག་གར་བཟུང་མཚོན་ནོ། །

    རྒྱའི་གནའ་དཔེ་དག་ཏུའང་མཚོ་ལྷོ་ས་ཆའི་ལོ་རྒྱུས་ཀྱི་སྐོར་བྲིས་པ་མང་།  དཔེར་ན་ཀྲན་གོ་དུས་རབས་སུ་བྲིས་པའིཧྲུང་ཧུའུ.ཡུས་གོངཞེས་པ་ལས་ཤིས་ཀྲི་ཞེས་པའི་ཡུལ་གྲུའི་ཁོངས་སུ་ད་ལྟའི་མཚོ་ལྷོ་ས་ཆ་ཡོངས་རྫོགས་འདུས་ཡོད་པ་དེར་བལྟས་ན་དུས་དེར་ཀྲུང་ཡོན་ས་ཆར་འབྲེལ་བའམ་འགྲོ་འོང་ཡོད་པ་རྟོགས་ཐུབ།

    ཞི་ཧན་རྒྱལ་རབས་ཀྱི་དུས་སུ་མཚོ་ལྷོ་ས་ཆ་འདི་ཀྲུང་དབྱང་རྒྱལ་རབས་ལམ་ལུགས་ཀྱི་མ་ལག་ནང་དུ་དངོས་སུ་་བཅུག  གོང་མ་ཧྲི་ཡོན་སྲིད་ལོ་དྲུག་པར(སྤྱི་ལོ་སྔོན་གྱི་ལོ༨༡)ཧན་རྒྱལ་རབས་ཀྱིས་ཅིན་ཁྲིན་ཅུན་བཙུགས་པའི་མངའ་འོག་ཏུ་ལིན་འཇང་རྫོང(དེང་སང་གི་ཧོང་ཡོན་རྫོང)དང་། ཧི་ཀོན་རྫོང(དེང་སང་གི་ཞུན་ཧྭ་རྫོང)གཉིས་ཡོད་པའི་མངའ་ཁོངས་དེང་སང་གི་ཁྲི་ཀ་རྫོང་དང་གུང་ཧོ་རྫོང་གི་ཤར་རྒྱུད་ལ་ཐོན་ཡོད།  རེ་སྐོང་ཆེ་བ་དང་།  རེ་སྐོང་ཆེ་ཆུང(དེང་སང་གི་ཁྲི་ཀ་དང་གུང་ཧོ་ས་ཆ)དུ་བསྡད་པའི་ཞན་ལིན་འཇང་གི་འགོ་དཔོན་དབྱང་ཡུས་དང་།  རོལ་ལིན། སྡེ་རྩེ་སོགས་ཀྱིས་ཧན་རྒྱལ་རབས་ཀྱིས་བདེན་གནས་འཇང་རྒྱལ་པོ་དང་།  མང་སྐྱོང་རྒྱལ་པོ་ཞེས་པའི་འཇའ་ས་གནང་བ་ཁས་བླངས་ཤིང་།  ཧན་རྒྱལ་རབས་ཀྱིས་འཇང་སྲུང་ཧོ་ཝེ་ཞེས་པའི་སྒྲིག་གཞི་བཙུགས་པ་དང་དུ་བླངས།  གོང་མ་ཡོན་ཧྲི་སྲིད་ལོ་བཞི་བར(སྤྱི་ལོ་༤པ)ཝང་མིང་གིས་ནུབ་མཚོ་ཅུན་བཙུགས་པའི་མངའ་འོག་ཏུ་རྫོང་ལྔ་ཡོད་ཅིང་།  མངའ་ཁོངས་ཀྱི་ས་ཆ་སྔར་ལས་ལྷག་པར་མཚོ་ལྷོའི་ས་ཆ་དང་འདབས་འབྲེལ།

    ཞིས་ཅིན་རྒྱལ་རབས་ཡུང་ཅ་སྐབས་སུ(སྤྱི་ལོ་༣༠༧ནས་༣༡༢)ཕ་མེས་ནས་བཟུང་ལོ་ཧུ་ཆུ་བོའི་ཤར་རྒྱུད་དུ་བསྡད་པའི་ཞན་པེ་མི་རིགས་ནང་གི་འ་ཞ་ཞེས་པའི་ཚོ་སྡེ་དེ་ནུབ་ཕྱོགས་ལ་ཡུལ་སྤོས་ནས་ལུང་ཞེས་པའི་སར་ཐོན།  པོ་ཧན་ས་ཆ་བརྒྱུད་ནས།  ལང་ཀྲིག་གི་ལྷོ་ནུབ་ནས་བུད་དེ།  ཆུ་དམར་ལ་ཐོན་ནས་གཞིས་ཆགས།  འ་ཞ་མཚོ་སྔོན་དུ་འོངས་ནས་རྒྱལ་ཁབ་བཙུགས་ཏེ་ལོ་ངོ་སུམ་བརྒྱ་ལྔ་བཅུ་ལྷག་གི་རིང་ལ།  མཚོ་ལྷོ་ཁོངས་ཀྱི་ཆུ་དམར(དེང་སང་གི་གུང་ཧོ་དང་ཞིན་ཧེ་ས་ཆ)དང་།  མུ་ཧུ་གཞུང(དེང་སང་གི་ཀོས་ནན་ས་ཆ)དང་།  ཅོ་ཧི(དེང་སང་གི་ཁྲི་ཀ་ས་ཆ

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།