ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་མངའ་ཁོངས་ཀྱི་གཡུ་ཚའི་ཆུ་ཆེན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-05-22 10:02:00
ཀློག་གྲངས།:
གཡུ་ཚའི་ཆུ་ཆེན་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་མངའ་ཁོངས་ཀྱི་ཆུ་བོ་ཞིག་སྟེ། ཆུ་བོ་འདིའི་མགོ་ཁུངས་ནི་ཉི་ཟེར་གོང་ཁའི་ལྷོ་འདབས་སུ་ཐུག་ཡོད་ཅིང་། ཆུ་བོ་འདི་ནི་རང་གི་སྟོད་རྒྱུད་ཀྱི་ཤར་ནུབ་གཉིས་ནས་བཞུར་འོངས་པའི་ཆུ་ལག་དུ་མ་ཞིག་སྟེ། འབྲོང་ལུབ་ཆུ་དང་། སྨན་ལུང་ཆུ། འབྲུག་དོང་གྲམ་པའི་ཆུ། གྲམ་པ་སྲེ་རུའུ་ཆུ། ཕོ་རོག་ཆེ་ཆུང་གི་ཆུ། ཉི་མ་ལུང་གི་ཆུ། འུག་ལུང་ནང་མགོའི་ཆུ། ལ་རྒན་ཆུ། ཁྱུང་ཚ་གོང་ཞོལ་གྱི་ཆུ། འབྲུག་མོ་སྦྲའི་ཆུ། ཐོང་ལྕགས་སུམ་སྣའི་ཆུ། གསེག་ཁུག་ཆུ། བམ་འཁྱོག་གོང་ཞོལ་གྱི་ཆུ། ལུང་ཡངས་ནང་མགོའི་ཆུ། སྐྱ་བདུན་གྲམ་པའི་ཆུ། ཨ་རོགས་གསེང་ནང་མགོའི་ཆུ་བཅས་ཆུ་ལག་བཅུ་དགུ་ཕྱོགས་གཅིག་ཏུ་འདྲེས་ནས། གཡུ་ཚ་སྡེ་བའི་ས་ཐོག་དེད་དེ་རིམ་བཞིན་གཙོང་རོང་འགག་དང་། སྒ་ཁྲ། རྡོ་རིས་ཚང་སྡེ་ད་བཅས་བརྒྱུད་ནས་མཐར་ཧོར་རྒྱལ་གྲམ་པའི་མདོ་རུ་རྨ་ཆུར་འདྲེས་ཤིང་། སྤྱིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ90ཡས་མས་ཡོད། ཆུ་བོ་འདིའི་ཕུ་མགོ་ནས་བཟུང་ཆུ་ནུབ་གྲོང་རྡལ་གྱི་ཧོར་རྒྱལ་སྡེ་བའི་ས་མཚམས་ལ་ཐུག་གི་བར་དུ་འདི་ལ་གཡུ་ཚའི་ཆུ་ཆེན་ཟེར། དེ་ནས་ཧོར་རྒྱལ་སྡེ་བའི་ཁོངས་སུ་བཞུར་ནས་རྨ་ཆུ་ལ་འདྲེས་པའི་བར་དུ་འདི་ལ་ཧོར་རྒྱལ་ཆུ་ཟེར།
ཡུལ་འདིའི་རྒན་རབས་པ་དག་གིས་བཤད་པ་ལྟར་ན། གཡུ་ཚའི་ཆུ་ཆེན་ལ1958ལོའི་ཡར་སྔོན་ལ་རྒྱ་སྐད་ཀྱིས་མིང་བཏགས་པ་མེད། 1958ལོའི་མཆོང་སྐྱོད་ཆེན་པོའི་སྐབས་སུ། གཡུ་ཚའི་ཆུ་ཆེན་གྱི་ཆུ་ལག་ཅིག་སྟེ། ཡུལ་དེར་འབྲུག་དོང་གྲམ་པའི་ཆུ་རུ་གྲགས་པའི་ཆུ་རྒྱུན་དེ་ནི། རྐ་ལམ་གསར་བ་ཞིག་གཤགས་ནས། ད་ལྟའི་གཡུ་ཚ་སྡེ་བའི་ཁོངས་རོལ་གྱི་སྐྱིད་ལ་དགའ་དང་། ཟུར་གསུམ་ནང་། གཡུ་ཚའི་མཁར་ཐོག་བཅས་ཀྱི་ཕྱོགས་སུ་དྲངས་པའི་དུས་ན། སྐབས་དེའི་ཁྲི་ཀ་རྫོང་ཆུ་བེད་སྡེ་ཁག་གིས། འབྲུག་དོང་གྲམ་པ་ཟེར་བའི་འབྲུག་དོང་གི་དོན་དེ་རྒྱ་སྐད་དུ་བསྒྱུར་ནས་འབྲུག་དོང་གྲམ་པའི་ཆུ་དེ་ལ་ལུང་ཁྲུན་ཧོ(龙春河)ཞེས་པའི་མིང་ཞིག་བཏགས། རྗེས་སུ་འབྲུག་དོང་གྲམ་པའི་ཆུ་དེ་འདྲེན་རྒྱུ་མ་བྱུང་བས། ལུང་ཁྲུན་ཧོ་ཞེས་པ་དེ་ནི་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད་མོད། ཡིན་ན་ཡང་རྐྱེན་དེར་བརྟེན་ནས། 1958ལོའི་རྗེས་སུ་རྒྱ་སྐད་ཀྱི་ལུང་ཁྲུན་ཧོ་ཞེས་པའི་མིང་དེ་ནི་གཡུ་ཚའི་ཆུ་ཆེན་ལ་བཏགས་ནས་ད་ལྟའི་བར་རྒྱུན་འབྱམས་སུ་གྱུར་ཡོད་མོད། འོན་ཀྱང་། དེ་སྔ་ལུང་ཁརུན་ཧོ་རུ་བོས་མྱོང་བའི་མིང་དེ་ནི་འབྲུག་དོང་གྲམ་པའི་ཆུ་ཁོ་ན་ཙམ་ལ་མ་གཏོགས་མི་འཇུག་པའི་རྐྱེན་གྱིས། གཡུ་ཚའི་ཆུ་ཆེན་ལ་ལུང་ཁྲུན་ཧོ་ཞེས་པའི་མིང་དེ་འདྲ་ཞིག་བཏགས་ནའང་དོན་གྱིས་ཀྱང་ར་སུག་ལུག་ལ་སྦྱར་བ་བཞིན་མིང་དེ་འབྱོར་དཀའ་བས། ད་ལྟ་རྒྱ་སྐད་ཀྱིས་ཀྱང་གཡུ་ཚའི་ཆུ་ཆེན་ལ“亦什扎河”ཟེར་བ་ལས་མིང་གཞན་འདོགས་པའི་འོས་པ་མེད་པར་གྱུར་ཏོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།