འབྲི་གུང་གླིང་ལོག
རྩོམ་པ་པོ།:ཆ་རིས་སྐལ་བཟང་ཐོགས་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-19 09:40:00
ཀློག་གྲངས།:
སྤྱིར་འབྲི་གོང་གླིང་ལོག་ཅེས་གྲགས་པའི་དོན་རྐྱེན་འདི་ནི་ས་སྐྱ་བས་བོད་སྤྱི་ལ་དབང་བསྒྱུར་བའི་རིང་བྱུང་བའི་འཁྲུག་ལོང་ཆེ་ཤོས་ཤིག་ཡིན་པ་མ་ཟད། ལོ་རྒྱུས་ཐོག་ཅུང་གྲགས་ཆེ་བའི་དུས་ཟིང་ཞིང་ཀྱང་ཡིན། འདིའི་ནང་དོན་གཙོ་བོ་ནི་འགྲོ་མགོན་འཕགས་པའི་གཅུང་བོ་ཕྱག་ནའི་སྲས་ངྷྭརྨ་པཱ་ལ་རཀྵི་ཏས་སྲིད་མཛད་པའི་རིང་དུ། འབྲི་གུང་པའི་གདན་སའི་ཁྲིར་སུ་བསྐོ་མ་མཐུན་པས་ཡིན་པར་བཤད་ཅིང་། ས་སྐྱ་བས་འབྲི་གུང་གདན་སའི་ཁྲིར་སྣག་ཚ་གྲགས་སླེ་བ་འཇོག་རྩིས་མཛད་པར་འབྲི་གུང་པ་རྒྱ་བོ་གྲགས་པ་རིན་ཆེན་གྱིས་མ་འདོད་ནས་གྲགས་སླེ་བ་བཀྲོངས། གྲགས་རིན་གྱི་རྒྱབ་གཉེར་དུ་འབྲི་གུང་པ་ཡོངས་རྫོགས་ལངས་པར་བརྟེན་ས་འབྲི་འཁྲུག་པའི་འགོ་ཚུགས། དེའི་དབང་གིས་འབྲི་གུང་པ་ཀུན་རྡོར་རིན་ཆེན་གྱིས་རབ་བྱུང་ལྔ་བའི་ཤིང་བྱ1284ལོར་སྟོད་ཧོར་གྱི་རྒྱལ་པོ་ཧུ་ལའི་ཧྭའི་སོག་དམག་ཁྲི་དགུ་ལྷག་ཙམ་བོད་དུ་ཁྲིད་ཡོང་སྟེ་ས་སྐྱར་དྲངས། དེ་ལ་ལྕགས་སྟག1290ལོར་སླེབས་སྐབས་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་ཧུ་པི་ལི་སེ་ཆེན་ཧན་གྱི་བུ་ཐི་མུ་བྷོ་ཁས་ཀྱི་དམག་དཔུང་བོད་དུ་ཁྲིད་ཡོང་སྟེ་གཙང་དམག་དང་མཉམ་དུ་འབྲི་གུང་ལ་དམག་དྲངས་ནས་འབྲི་གུང་མཐིལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས། མི་ཆིག་ཁྲི་ལྷག་བསད། འབྲི་གུང་པའི་ཁོངས་སུ་གཏོགས་པའི་དྭགས་པོ་དང་། ཀོང་བོ། ཨེ། གཉལ། ལོ་རོ། ལྷོ་ཁ། བྲག་དཀར། ཡར་རྒྱབ།མོན་བཅས་ས་སྐྱ་བ་བླངས་པ་སོགས་འབྲི་གུང་པ་ལ་ཕམ་ཉེས་ཚབས་ཆེན་བྱུང་བ་དེ་ལ་བོད་ཀྱི་ལོ་རྒྱུས་སྟེང་འབྲི་གུང་གླིང་ལོག་ཅེས་གྲགས་སོ། །
བོད་སིལ་བུའི་དུས་ནས་བོད་ཀྱི་ཡུལ་འདིར་ཡུལ་ཚན་རེ་ལ་རྗེ་བཙན་རེ་ཆགས་ཤིང་ཆོས་ལུགས་ཀྱི་ཚོ་བ་ཁག་དང་ཁག་སོ་སོར་མཆིས་པ་རྣམས་ཀྱང་རིམ་བཞིན་ཆབ་སྲིད་ཀྱི་སྟོབས་ཤུགས་དེ་དང་དེར་བརྟེན་ནས་འཚོ་གནས་བྱེད་པའི་གནས་བབས་མི་འཛིན་ཐབས་མེད་བྱུང་མཐར་སྟོབས་ཤུགས་དེ་དང་དེའི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་ནི་རང་ཉིད་འཚོ་གནས་བྱེད་ཐུབ་པའི་ཐབས་ལམ་འབའ་ཞིག་ཏུ་གྱུར་ཏེ། གཅིག་འོག་གཅིག་ཏུ་མ་འདུས་པའི་གནས་ཚུལ་འོག་ས་སྐྱ་བ་དང་འབྲི་གུང་པ་ནི་རང་རང་སྒེར་ཚུགས་འདྲ་མཉམ་གྱི་ཆོས་སྲིད་སྟོབས་ཤུགས་ཕྱོགས་ཁག་མི་འདྲ་བ་ཡིན་སྟབས་གོ་སྐབས་བྱུང་ཚེ་ཕན་ཚུན་གཅིག་འོག་གཅིག་ཏུ་བསྡུ་རྒྱུའི་དམིགས་ཡུལ་མེད་པ་མ་ཡིན་ལ། གནས་འདི་དུས་སུ་ཧོར་ཇིང་གིར་རྒྱལ་པོས་མཐའ་བཞི་དབང་དུ་བཅད་ནས་རྒྱལ་ཁབ་རྒྱ་བསྐྱེད་པར་བོད་ལའང་དཔུང་གིས་བསྡིགས་པས་དེ་སྐབས་བོད་ཡུལ་དུ་གཅིག་གྱུར་གྱི་སྟོབས་ཤུགས་མེད་རྐྱེན་དབུས་གཙང་མངའ་རིས་དང་བཅས་པའི་ཕྱོགས་ཁག་སོ་སོའི་འགོ་བ་རྣམས་ཀྱིས་འགོ་བཏགས་ཞུས་ཐོག་རང་རང་ལ་རྒྱབ་རྩ་རེ་བཙལ་བའི་ཚེ་ས་སྐྱ་བས་རྒྱལ་སྲས་ཨོ་གོ་ད་དང་། འབྲི་གུང་པས་སེ་ཆེན་ལ་རྒྱབ་རྟེན་བཅོལ་བས་ས་འབྲིའི་དབར་གནས་སྐབས་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་འདྲ་མཉམ་རྒྱུན་འཛིན་བྱུང་ཡང་རྒྱལ་སྲས་གོ་དན་གྱིས་དམག་དཔོན་དོར་རྟ་དང་དས་སྨན་གཉིས་བོད་དུ་མངགས་ཏེ་ས་པཎ་ལང་ཀྲོའུ་ཁུལ་དུ་བླ་མར་གདན་འདྲེན་ཞུས་ཤིང་། སེ་ཆེན་རྒྱལ་པོས་ཡོན་རྒྱལ་རབས་དངོས་སུ་བཙུགས་རྗེས་ས་སྐྱ་པཎ་ཆེན་གྱི་སྐུ་དབོན་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱལ་པོའི་དབུ་བླར་བསྐུར་ཏེ་ཆོས་ཀྱི་ཡོན་དུ་བོད་ཆོལ་ཁ་གསུམ་པོ་རིམ་གྱིས་ཕུལ་བ་ནས་བོད་ཡུལ་ཡོངས་ལ་དཔལ་ལྡན་ས་སྐྱ་བའི་ལུང་གིས་དབང་བསྒྱུར་བས་ས་འབྲིའི་དབར་གྱི་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཆབ་སྲིད་ཐོག་རྗེ་འབངས་ཀྱི་གནས་སུ་གྱུར་བས་འབྲི་གུང་པའི་སྲིད་ཀྱི་བྱེད་པོ་རྣམས་ཀྱི་བློ་ལ་མ་བབ་པ་ནི་རྟོགས་སླ་བར་འདུག་པས་དེ་དག་ནི་ས་འབྲིའི་དབར་དུ་འགལ་བ་བྱུང་བའི་འབྱུང་རྐྱེན་གཙོ་བོ་ཡིན་སྙམ་མོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།