བོད་ཡུལ་དུ་མི་ཡི་འགྲོ་བ་བྱུང་ཚུལ།

རྩོམ་པ་པོ།:ཆབ་སྤེལ་ཚེ་བརྟན་ཕུན་ཚོགས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-07-29 10:53:30 ཀློག་གྲངས།:

 

        རང་ཅག་བོད་དུ་ཡོངས་གྲགས་སུ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང༌། མ་སྲིན་མོ་བྲག་སྲིན་གཉིས་ཀྱི་བུ་རྒྱུད་ལས་མིའི་རིགས་འཕེལ་བ་ཡིན་ཟེར་བ་དང༌། བོན་གྱི་ལུགས་ལྟར་ན། འབྱུང་བ་ལྔའི་སྙིང་པོ་ལས།། སྒོ་ང་ཆེན་པོ་གཅིག་ཡོང་བ། །ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་པོ་ཆགས།། ནང་གི་སྒོང་ཆུ་ལ།། དུང་མཚོ་དཀར་མོར་འཁྱིལ།། བར་གྱི་སྒོ་ངའི་ངར་ཆ་ལ།། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ།། སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས།། སྒོ་ང་བཅོ་བརྒྱད་འབྲིང་བ་དེ།། དུང་སྒོང་གཅིག་ཏུ་ཡར་ནས་བྱུང༌།། དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན… …དེ་ལ་མིག་དང༌། རྣ་བ། སྣ། སོ། ལྕེ། རྐང་ལག་སོགས་དོད་ནས་ཡེ་སྨོན་རྒྱལ་པོ་བྱ་བ་བྱུང༌། དེ་དང་ཆུ་ལྕག་རྒྱལ་མོ་འདུས་པ་ལས་རིམ་བཞིན་མིའི་འགྲོ་བ་འཕེལ་བ་ཡིན་ཟེར། གདོད་མའི་དུས་སུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ཆུ་ཚད་ཧ་ཅང་དམའ་བ་དང་ཚན་རིག་དར་ཁྱབ་མེད་སྟབས་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་དང༌། མི་ཡི་འགྲོ་བ་འཕེལ་ཚུལ་སོགས་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་མི་ཐུབ་པས་ལྷ་སྒྲུང་ལྟ་བུའི་བཤད་རྒྱུན་དེ་རིགས་གང་སར་ཁྱབ་ཡོད། ཡོངས་གྲགས་སུ་བོད་མིའི་འབྱུང་ཁུངས་ཕ་སྤྲེའུ་དང༌། མ་བྲག་སྲིན་མོ་འདུས་པ་ལས་བྱུང་བ་ཡིན་ཟེར་བའི་ངག་རྒྱུན་ཡོད་པ་མ་ཟད། དེ་གཞིར་བཟུང་ནས་སྤྱི་ལོའི་དུས་རབས་བཅུ་གཅིག་པར་བྲིས་པའིགྲོལ་པོའི་བཀའ་ཐེམསནང་བོད་མིའི་བྱུང་ཚུལ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། རྗེ་བཙུན་སྒྲོལ་མའི་སྤྲུལ་པ་མ་བྲག་སྲིན་མོ་འདུས་པ་ལས་བྱུང་བའི་ཕྲུ་གུ་དེ་དག་འཕེལ་ནས་ཚན་བཞིར་གྱེས་པ་ལ་མིའུ་རིགས་བཞི་སྟེ་བསེ་དང༌། རྨུ། ལྡོང་དང༌། སྟོང་བཞི་བྱུང་བ་ལས་བོད་མི་འཕེལ་བ་ཡིན་ཞེས་ཡིག་ཐོག་ཏུ་འཁོད་ནས་ཀྱང་ད་ཕན་མི་ལོ་དགུ་བརྒྱ་ལྷག་ཙམ་སོང་ཟིན། དེ་རྗེས་བརྩམས་པའི་བོད་ཀྱི་ལོ་རྒྱུས་ཡིག་རིགས་བརྒྱ་ཆ་དགུ་བཅུ་ལྷག་གི་ནང་བོད་མིའི་འབྱུང་ཁུངས་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། མ་བྲག་སྲིན་མོ་འདུས་པ་ལས་བྱུང་ཚུལ་ཁོ་ན་འཁོད་པ་མ་ཟད། ལ་ལར་སྤྲེའུ་ཕྲུག་རྣམས་མིར་འགྱུར་བའི་བརྒྱུད་རིམ་རགས་བསྡུས་ཙམ་ཡང་གསལ་ཡོད། བོད་ཀྱི་མི་རྒྱུད་ཐོག་མ་ཕ་སྤྲེའུ་དང་མ་བྲག་སྲིན་འདུས་པ་ལས་འཕེལ་ཞིང་རིམ་འགྱུར་བྱུང་བའི་གནའ་རབས་ཀྱི་བཤད་ཚུལ་འདི་ནི་དངོས་གཙོའི་ལྟ་ཚུལ་བབ་ཆགས་པ་ཞིག་ལོས་ཡིན། འོན་ཀྱང་སྔོན་གྱི་ལོ་རྒྱུས་སྨྲ་བ་རྣམས་ལ་རང་བྱུང་ཁམས་ཀྱི་དངོས་པོའི་གྲུབ་ཚུལ་དང་འཕེལ་འགྱུར་སོགས་བརྟག་དཔྱད་ཞིབ་འཇུག་གནང་རྒྱུའི་ཆ་རྐྱེན་མ་འཛོམས་པས་དེ་དག་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་ཡོང་ཐབས་མེད་པ་ནི་སྨོས་ཅི་དགོས། འོན་ཀྱང་དེང་རབས་ཀྱི་མཁས་པ་ཁ་ཅིག་གིས་བཤད་ཚུལ་དེ་རིགས་ནི་ལྷ་སྒྲུང་ཡིན་ཟེར་ནས་བསུབ་རྐྱང་བྱེད་པ་དེ་ཤིན་ཏུ་མི་འཐད་པ་ལོས་ཡིན། གནའ་རབས་ཀྱི་འདུ་ཤེས་འཛིན་སྟངས་དང་དེ་ལས་བྱུང་བའི་བཤད་ཚུལ་རྣམས་ཚན་རིག་དང་ཡོངས་སུ་མཐུན་པ་ཞིག་ག་ལ་ཡོང་ཐུབ། རང་རེས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་ཚུལ་གྱི་ཐོག་ནས་དཔྱད་ཞིབ་བྱེད་དགོས། དེ་ཡང་འདིར་སྤྲེའུ་ཞེས་པ་དེ་ལ་བོད་ཀྱི་སྐད་ཡིག་ཐོག་ནས་དཔྱད་ན། སྤྲ་ཆུང་ཆུང་ཞེས་པའི་གོ་དོན་ཡོད། དཔེར་ན་བོད་ཀྱི་སྐད་ཡིག་ནང་རྟ་ཆུང་ཆུང་ལ་རྟེའུ་དང༌། བ་ཆུང་ཆུང་ལ་བེའུ། ར་ཆུང་ཆུང་ལ་རེའུ། མཚོ་ཆུང་ཆུང་ལ་མཚེའུ་དང༌། རྡོ་ཆུང་ཆུང་ལ་རྡེའུ་སོགས་འུ་ཡིག་གིས་ཆུང་ངུ་མཚོན་པར་བྱེད་པ་ཤིན་ཏུ་མང་བ་ལྟར་སྤྲ་ཆུང་ཆུང་ལ་སྤྲེའུ་ཞེས་བརྗོད་པ་ཡིན། དེ་བཞིན་བྲག་སྲིན་མོ་ཞེས་པའང་གནས་ཡུལ་བྲག་གི་ཕུག་པར་བཅའ་བ་དང་གདོད་མའི་སྤྲ་མི་རྣམས་ལྟར་སྲོག་ཆགས་གཞན་གྱི་ཤ་ཁྲག་ཟ་ཞིང་འཚོ་བའི་སྤྲ་རིགས་ཤིག་ཡིན་པ་ལ་གནས་སའི་བྲག་དང་འཚོ་ཐབས་ལ་སྲིན་མོ་ཞེས་བཏགས་པ་ལས་དངོས་མེད་ཀྱི་འདྲེ་མོའམ། གདོན་འདྲེ་མོ་ཞེས་པའི་གོ་དོན་ནི་གཏན་ནས་མ་ཡིན་ནོ། ། མདོར་ན་བོད་ཀྱི་མིའི་འབྱུང་ཁུངས་ནི་ཡར་ཀླུང་གཙང་པོའི་ཆུ་བརྒྱུད་ཀྱི་ནགས་ཚལ་དུ་གནས་ཤིང་ཤིང་འབྲས་ཟ་བའི་སྤྲ་རིགས་ཆུང་བ་དང༌། བྲག་ཕུག་ཏུ་སྡོད་ཅིང་སྲོག་ཆགས་ཀྱི་ཤ་ཁྲག་ལ་རོལ་བའི་སྤྲ་རིགས་ཆེ་བ་གཉིས་ཕན་ཚུན་འདུས་པ་ལས་འཕེལ་བའི་ཕྲུ་གུ་རྣམས་རིམ་འགྱུར་གྱིས་བྱུང་བ་དེ་ཡིན་པ་ཤེས་པར་བྱའོ།། བཤད་ཚུལ་དེ་རིགས་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་མཐུན་པ་ཞིག་ཡིན་ལ། འཛམ་གླིང་ཐོག་མི་ཡི་འགྲོ་བ་འཕེལ་ཚུལ་གྱི་གཞུང་ལུགས་ཐད་ལ་རང་རེའི་མི་རིགས་འདིས་ཆེས་སྔ་ཤོས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་པ་ཞིག་ཀྱང་ཡིན།

   

  དེ་ནས་ལོ་ངོ་ཁྲི་ཕྲག་དུ་མ་འདས་པའི་རྗེས་སུ་སྤྲ་མི་རྣམས་རང་ཉིད་འཚོ་གནས་ཀྱི་ཆེད་རང་བྱུང་ཁམས་ལ་ཡུན་རིང་འཐབ་རྩོད་ཀྱི་ངལ་རྩོལ་བྱས་པ་བརྒྱུད་རིམ་བཞིན་མིར་གྱུར་པ་དང༌། ཐོན་སྐྱེད་ནུས་ཤུགས་ཧ་ཅང་དམའ་བའི་སྤྱི་ཚོགས་ནང་དཀའ་སྡུག་ཆེ་བའི་འཚོ་བ་སྐྱེལ་དགོས་བྱ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།