གནའ་རབས་ཀེ་རུ་སུ་རྒྱལ་ཁབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-03-21 09:43:00 ཀློག་གྲངས།:

 

     གནའ་རབས་ཀེ་རུ་སུའི་དཔལ་ཡོན་ནི་ནུབ་ཕྱོགས་དཔལ་ཡོན་གྱི་འབྱུང་ཁུངས་ཡིན། གནའ་རབས་ཀེ་རུ་སུ་དཔལ་ཡོན་ལོ650རིང་ལ་རྒྱུན་བསྐྱངས་པ་རེད(སྤྱི་ལོ་སྔོན་གྱི800ལོ་ནས་སྤྱི་ལོ་སྔོན་གྱི146ལོ་ཡིན)དེ་ནི་ནུབ་ཕྱོགས་དཔལ་ཡོན་གྱི་ཆེས་གཙོ་བོ་དང་ཐད་ཀར་འབྱུང་ཡུལ་ཡིན།
     གནའ་རབས་ཀེ་རུ་སུའི་དཔལ་ཡོན་ནི་ནུབ་ཕྱོགས་དཔལ་ཡོན་གྱི་འབྱུང་ཁུངས་ཡིན། གནའ་རབས་ཀེ་རུ་སུ་དཔལ་ཡོན་ལོ650རིང་ལ་རྒྱུན་བསྐྱངས་པ་རེད(སྤྱི་ལོ་སྔོན་གྱི800ལོ་ནས་སྤྱི་ལོ་སྔོན་གྱི146ལོ་ཡིན)དེ་ནི་ནུབ་ཕྱོགས་དཔལ་ཡོན་གྱི་ཆེས་གཙོ་བོ་དང་ཐད་ཀར་འབྱུང་ཡུལ་ཡིན། ནུབ་ཕྱོགས་ནས་ལོ་རྒྱུས་བཀོད་པའི་རྩོམ་རིག་དང་སྒྱུ་རྩལ་ཡང་ཀེ་རུ་སུ་ནས་མགོ་བརྩམས་པ་རེད། གནའ་རབས་ཀེ་རུ་སུ་ནི་རྒྱལ་ཁབ་ཅེས་པའི་དོན་སྤྱི་ཞིག་མིན་ལ། ས་ཁུལ་ཅིག་གི་མིང་རེད། དེ་ནི་ཡོ་རོབ་གླིང་གི་ལྷོ་ཕྱོགས་དང་། ཏེ་ཀྲུང་མཚོའི་ཤར་བྱང་མཚམས། ཀེ་རུ་སུའི་གླིང་ཕྲན། འེ་ཆིན་མཚོ། ཨའེ་ཨའོ་ཉི་ཡ་མཚོ་དང་གླིང་ཕྲན་སོགས། ཐུའུ་ཨེར་ཆིའི་ནུབ་ལྷོ་མཚོའི་འགྲམ་བརྒྱུད། དབྱི་ཏ་ལི་ནུབ་ཁུལ་དང་སི་སི་ལེ་གླིང་ཕྲན་ཤར་ཁུལ། སྤྱི་ལོ་སྔོན་གྱི་དུས་རབས6ནས5བར། ལྷག་པར་དུ་ཀེ་རུ་སུའི་འཐབ་འཁྲུག་གི་རྗེས་སུ། འཚོ་བའི་དཔལ་འབྱོར་ཆེས་ཆེར་དར། ཀེ་རུ་སུའི་རིག་གནས་ལ་འོད་སྟོང་འབར་བའི་དུས་སྐབས་བྱུང་། རྗེས་ཕྱོགས་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས། གནའ་རབས་ཀེ་རུ་སུ་མི་ནི་མཚན་ཉིད་རིག་པ། སྙན་ངག འཛུགས་སྐྲུན། ཚན་རིག རྩོམ་རིག ཟློས་གར། ལྷ་སྒྲུང་སོགས་ཀྱི་ཐད་གང་མང་ནས་ཆུ་ཚད་ཧ་ཅང་མཐོན་པོ་ཡོད། དཔལ་ཡོན་ཤུལ་བཞག་འདི་གནའ་རབས་ཀེ་རུ་སུ་འཇིགས་པའི་རྗེས་སུ་བྱུང་བ་རེད། གནའ་རབས་རོ་མས་གཏོར་བརླག་རིང་བཞིན་གྱིས་རྒྱུན་མཐུད་པས། ནུབ་ཕྱོགས་དཔལ་ཡོན་གྱི་བསམ་བློའི་འབྱུང་ཁུངས་སུ་གྱུར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།