འཛམ་གླིང་སྟེང་གི་ཆེས་ཆ་ཚང་བའི་མེ་རི་གས་ཁ་སྟེ་ཨེན་ཀི་ལུའོ་ཀི་ལུའོ་མེ་རི་གས་ཁ།
ཐན་ཙན་ནི་ཡའི་བྱང་ཕྱོགས་ཀྱི་ཨེན་ཀི་ལུའོ་ཀི་ལུའོ་མེ་རི་གས་ཁ་ནི་འཛམ་གླིང་སྟེང་གི་ཆེས་ཐུན་མོང་མ་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཞིག་ཡིན། དེའི་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་སྟོང་སྨིས་གྲུ་བཞི་མ་ཆིག་བརྒྱ་ལྷག་ཡོད་པའི་མེ་རི་གས་ཁའི་ནང་རོལ་དུ་རྩྭ་ཐང་དང་ནགས་ཚལ། དེའུ་འབུར། མཚེའུ། ན་འདམ་སོགས་སྐྱེ་ཁམས་ཀྱི་ས་བབ་སྣ་ཚོགས་ཡོད་པ་དང་། དེ་དག་གི་ཁྲོད་དུ་ད་དུང་བགྲང་ལས་འདས་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་མང་པོ་འཚོ་སྡོད་བྱེད་བཞིན་ཡོད་པས། ཁེར་ཚུགས་སུ་གནས་ཤིང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་མ་ལག་ཅིག་གྲུབ་ཡོད།
ཨེན་ཀི་ལུའོ་ཀི་ལུའོ་མེ་རི་གས་ཁ་ནི་འཛམ་གླིང་སྟེང་གི་མེ་རི་གས་ཁ་ལས་ཨང་གཉིས་པ་ཡིན། དང་ཐོག་དེ་ཉིད་ཐེངས་མང་བོར་འཕྱུར་སྐབས་རི་རྩེ་བསྙིལ་བས། ད་གཟོད་འཛམ་གླིང་སྟེང་དུ་ཆེས་ཆ་ཚང་བའི་མེ་རི་གས་ཁ་ཞིག་ལུས་པ་རེད། དེ་ཆེ་ཞིང་དོ་ཟླ་བྲལ་བའི་རྡོའི་དཀར་ཡོལ་ཞིག་དང་ཀུན་ནས་མཚུངས། དུས་ད་ལྟར། མེ་རི་གས་ཁ་ཡི་དཀྱིལ་དབུས་སུ་སྔོ་མེར་འཁྱིལ་བའི་མཚེའུ་ཞིག་ཡོད་པ་དང་། མཚེའུ་ཡི་མཐའ་སྐོར་དུ་རྫུབས་མཐུག་པའི་ནགས་ཚལ་དང་སྤང་ལྗོངས་ཡོད། གཟར་ངོས་སུ་ཡོད་པའི་རི་ལམ་སྟེང་དུ་རླངས་འཁོར་ལ་ཁ་ལོ་སྒྱུར་ནས་ཁོད་ཡངས་པའི་མེ་རིའི་བདེ་ཐང་དུ་བརྒྱུད་དུས། ཁྱོད་ཀྱིས་མཆོང་ལྡིང་གི་གར་ལ་རྩེན་པའི་གཙོད་ཁྱུ་དང་། རྩི་ཏོག་ལ་རོལ་བའི་འབྲོང་ཁྱུ། མི་དྲག་གི་གོམ་སྟབས་བཞིན་རྒྱུ་བའི་ཤྭ་བ་སྐེ་རིང་། དལ་ལྷོད་ལྷོད་དུ་འགྲོ་བའི་གླང་ཆེན། ཁེར་འགྲོ་ལ་མོས་པའི་བསེ་རུ། དེ་མིན་ཐང་ཆད་དེ་སྡོང་ཆེན་འོག་ཏུ་ཉལ་ཞིང་ཉི་མར་ལྡེ་བའི་སེང་ཁྱུ་སོགས་མཐོང་ཐུབ། ཨེན་ཀི་ལུའོ་ཀི་ལུའོ་མེ་རི་གས་ཁའི་ནང་རོལ་དུ་ཡོད་པའི་སྲོག་ཆགས་ཀྱི་རིགས་གོ་རིམ་དུ་བསྟར་ན། ཕལ་ཆེར་ཧྥེ་གླིང་གི་རི་སྐྱེས་སྲོག་ཆགས་ཡོངས་ཀྱི་མིང་ཐོ་རུ་ལོངས་ཤིང་། དེ་དག་གི་རིགས་དང་གྲངས་ཀས་ཧ་ལས་སུ་འཇུག
ནམ་རྒྱུན་དཔྱིད་ཀར་སླེབས་དུས། ཆུ་བྱ་སྐེ་རིང་དམར་ལྟང་མ་མང་བོ་མེ་རི་གས་ཁའི་མཐིལ་དུ་ཡོད་པའི་ཚྭ་ལྡན་མཚེའུ་རུ་འཛོམས་ཤིང་། ཆུ་བྱའི་ཚོགས་ཀྱིས་དམར་མདོག་གི་འདབ་གཤོག་བརྐྱངས་ཏེ། སྔོ་མེར་ལྟེམས་པའི་མཚེའུ་ཡི་ངོས་དང་མཐིང་མདོག་གི་ནམ་མཁའི་མཚམས་སུ་འཕུར་བསྐྱོད་བྱེད་དུས། མེ་ལྕེ་ཆེན་པོ་ཞིག་མཆེད་པ་དང་གཅིག་ཏུ་སྣང་བས་ཧ་ཅང་མཛེས། ཆར་དུས་སུ་བསླེབས་པ་ན། མེ་རི་གས་ཁའི་ནང་རོལ་དུ་མེ་རོག་གི་རིགས་ཤིན་ཏུ་མང་སྟེ། སྔོ་ལྗང་གི་སྤང་ཐང་དུ་མེ་རོག་ལུག་མཉེ་དང་། ཁྲང་ལན། ཐག་འཁྱུད་ཆུང་བ། ཁྲུའུ་ཅུས། ཡུས་པེན་ཏོའུ། འདབ་གསུམ་སྔོ་རྩྭ་སོགས་གཅིག་ལས་གཅིག་ལྷག་གིས་བཞད་ཅིང་། ཁ་དོག་རྣམ་པར་བཀྲ་བས་མེ་རི་གས་ཁའི་ཡུལ་ལྗོངས་སྔར་ལས་ཡིད་དབང་འཕྲོག་པར་མངོན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com