ཨོ་སི་ཁྲུ་ལི་ཡའི་ནན་པང་རྒྱལ་ཁབ་སྤྱི་གླིང་གི་ཀེར་ལངས་རྡོ་ཚོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-01-16 09:07:00 ཀློག་གྲངས།:

འགྱུར་རྡོས་གྲུབ་པའི་ནགས་ཚལ་ལས་ཀེར་ལངས་རྡོ་ཚོགས།

འགྱུར་རྡོས་གྲུབ་པའི་ནགས་ཚལ།
ཀེར་ལངས་རྡོ་ཚོགས།

     ཨོ་སི་ཁྲུ་ལི་ཡའི་ནན་པང་རྒྱལ་ཁབ་སྤྱི་གླིང་དུ་བྱེ་ཐང་འཕྲེད་ཀྱིས་བཅད་པའི་གདོད་མའི་ནགས་ཚལ་ཞིག་མཆིས་ཤིང་། ནགས་ཚལ་དེའི་ཁྲོད་དུ་དུས་ཡུན་རིང་བོར་འགོར་བའི་གསོམ་ཤིང་གི་རིགས་ཧ་ཅང་མང་བོ་སྐྱེས་པ་ལས། གཞན་ད་དུང་མཐོ་ཚད་ལ་ཧ་ལམ་སྨིས4ཡོད་པའི་ཀ་གཟུགས་རྡོ་ཐལ་བྲག་རྡོ་གྲངས་འབོར་ཆིག་སྟོང་ལྷག་ཡོད་པས། རྒྱང་རིང་ནས་བལྟས་ན་ཧ་ཅང་བརྗིད་ཆགས་ཤིང་ངོ་མཚར་བ་ཞིག་རེད།
     གནས་དེར་ཀེར་ལངས་རྡོ་ཚོགས་ཞེས་པ་ནི་སྤྱི་གླིང་གི་གང་སར་ཡོད་པའི་གཟུགས་དབྱིབས་ཁྱད་མཚར་བའི་ཀ་གཟུགས་རྡོ་ཚོགས་དེ་དག་རེད། བྱེ་ཐང་གི་ཕྱོགས་ཡོངས་སུ་ཀེ་རེར་ལངས་པའི་རྡོ་ཐལ་བྲག་རྡོའི་མཆོད་རྟེན་རྩེ་མོ་ཅན་རྣམས་ནི་གཡུལ་སའི་ཁྲོད་ཀྱི་དཔའ་བོའི་དཔུང་ཚོགས་ཤིག་དང་གཉིས་སུ་མེད་པས། ཀེར་ལངས་རྡོ་ཚོགས་ཞེས་པའི་མིང་ཐོགས་པ་ཡིན། ནམ་རྒྱུན་ཉི་མ་ནུབ་རིར་ཡོལ་དུས། དཀར་གོང་བྱེ་རྡོ་མང་བོ་འདུས་པའི་ཀ་གཟུགས་རྡོ་ཐལ་བྲག་རྡོ་དག་ལས་གསེར་མདོག་གི་འོད་ཟེར་ཁྱུག་ཁྱུག་བྱེད་པས། མི་ཡི་སྣང་བར་མིག་ལ་ལྷག་པར་འོད་འཚེར་བ་ཞིག་རེད།
     དང་ཐོག  ཧོ་ལན་གྱི་ཉེན་བརྟག་པ་ཞིག་གིས་གྲུ་ཐོག་ནས་རྒྱང་རིང་གི་བྱེ་ཁུལ་གྱི་ཀ་གཟུགས་རྡོ་ཐལ་བྲག་རྡོའི་ཡུལ་ལྗོངས་མཐོང་དུས། དེ་ནི་གནའ་བོའི་མཁར་རྫོང་ཞིག་གི་འཇིག་ཤུལ་དུ་འཁྲུལ་མོད། དོན་དངོས་སུ་མཆོད་རྟེན་རྩེ་མོ་ཅན་གྱི་རྣམ་པར་ཡོད་པའི་བྲག་རྡོའི་ཡུལ་ལྗོངས་དེ་ནི་ས་གཤིས་འགྱུར་ལྡོག་གི་རང་བྱུང་སྣང་ཚུལ་ཞིག་ཡིན། གནའ་སྔ་མོའི་དུས་སུ། གནས་དེ་རུ་གདོད་མའི་ནགས་ཚལ་ཡོད་པ་དང་། ཕྱིས་སུ་ལྗོན་ཤིང་བསྐམས་རྗེས། བྱེ་ཁུལ་དུ་ལུས་པའི་སྡོང་རྩད་དག་ལ་དུས་ཡུན་རིང་བོར་རླུང་གིས་ཟད་པ་བརྒྱུད་ནས་རྡོ་ཐལ་བྲག་རྡོར་གྱུར། དེའི་རྗེས་སུ། བྱེ་སྒང་མཚམས་མ་ཆད་པར་སྤོ་ནུར་བྱས་ཏེ། སྲ་འཐས་སུ་གྱུར་བའི་རྡོ་ཐལ་བྲག་རྡོ་དག་རིམ་གྱིས་ས་ངོས་སུ་བུད་པ་དེ་ནི་ད་ལྟར་མཐོང་ཐུབ་པའི་ཀེར་ལངས་རྡོ་ཚོགས་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།