མའོ་རླིད་མིའི་སེམས་སྟེང་གི་གནས་མཆོག་སྟེ་ཐང་ཅ་ལི་ལུའོ་རྒྱལ་ཁབ་སྤྱི་གླིང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-12-26 09:23:00 ཀློག་གྲངས།:

མའོ་རླིད་མིའི་སེམས་སྟེང་གི་གནས་མཆོག་སྟེ་ཐང་ཅ་ལི་ལུའོ་རྒྱལ་ཁབ་སྤྱི་གླིང་།

མའོ་རླིད་མིའི་སེམས་སྟེང་གི་གནས་མཆོག
ཐང་ཅ་ལི་ལུའོ་རྒྱལ་ཁབ་སྤྱི་གླིང་།

     ནེའུ་ཙི་ལན་གྱི་ཐང་ཅ་ལི་ལུའོ་རྒྱལ་ཁབ་སྤྱི་གླིང་ལ་ངོ་མཚར་བའི་ངག་རྒྱུན་ཞིག་ཡོད། དུས་རབས་བཅུ་དགུ་བའི་མཇུག་ཏུ། ཐང་ཅ་ལི་ལུའོ་མེ་རི་གནས་མཆོག་ཏུ་ངོས་འཛིན་པའི་ཡུལ་དེའི་སྡོད་མི་མའོ་རླིད་པས་རང་གི་སེམས་སྟེང་གི་བླ་ན་མེད་པའི་གནས་མཆོག་དེ་སྲུང་སྐྱོབ་བྱ་ཆེད། ཡོ་རོབ་པས་གནས་རི་ཁག་བགོས་ནས་འཚོང་བ་ལ་བཀག་འགོག་བྱས་ཏེ། སྙན་གྲགས་ཆེ་བའི་མེ་རི་གསོན་པོ་གསུམ་དཀྱིལ་སྙིང་དུ་བྱས་ནས། ཚངས་ཕྱེད་ལ་ཧ་ལམ་སྟོང་སྨིས1.6ཡོད་པའི་ས་ཁུལ་ཡོངས་རྒྱལ་ཁབ་ལ་ཕུལ་བ་རེད། རྗེས་སུ་ནེའུ་ཙི་ལན་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་དུ་འདོན་སྤེལ་བྱས།
     ད་ལྟ་ཐང་ཅ་ལི་ལུའོ་རྒྱལ་ཁབ་སྤྱི་གླིང་ཡུལ་སྐོར་བྱེད་སའི་མཛེས་ལྗོངས་གྲགས་ཅན་ཞིག་ཏུ་གྱུར་ཅིང་། ལོ་རེར་གནས་དེར་ཡུལ་སྐོར་བྱེད་མཁན་ཁྲི་སྟོང་མང་བོ་ཡོད།  ཐང་ཅ་ལི་ལུའོ་རྒྱལ་ཁབ་སྤྱི་གླིང་གི་མེ་རིའི་གླིང་གའི་ཡུལ་ལྗོངས་ལ་སྙན་གྲགས་ཆེ་ཞིང་། སྤྱི་གླིང་དུ་ཉེ་དུས་སུ་འགུལ་སྐྱོད་བྱས་པའམ་ད་ལྟ་འགུལ་སྐྱོད་བྱེད་ཀྱིན་པའི་མེ་རི15ཡོད་པ་དང་། དེ་དག་གི་ཁོངས་སུ་སྙན་གྲགས་ཆེ་བའི་མེ་རི་གསོན་པོ་གསུམ་སྟེ། ཐང་ཅ་ལི་ལུའོ་མེ་རི་དང་། ནའེ་ཝུའུ་ལུའུ་ཧོ་མེ་རི། ལུའུ་ཨ་ཕེ་ཧུའུ་མེ་རི་བཅས་ཡིན། མེ་རི་དེ་གསུམ་ལས་ཆེས་བརྗིད་ཉམས་ལྡན་པ་ནི་ནའེ་ཝུའུ་ལུའུ་ཧོ་མེ་རི་ཡིན།  དེ་ནི་དཔེ་མཚོན་ཅན་གྱི་སྙུང་དབྱིབས་མེ་རི་ཞིག་ཡིན། དུ་སྨུག་ལང་ལོང་དུ་འཕྱུར་ནས་ལོ་འཁོར་མོར་མཚམས་མི་ཆད་ལ། དུས་ཡུན་རིང་བོར་འཕྱུར་ལ་ཉེ་བའི་རྣམ་པར་གནས་ཡོད་ཅིང་། སྐབས་འགར་ཕྱིར་འཕྱུར་བའི་ཞུན་བྲག་རི་ངོས་སུ་བཞུར་ཡོང་བས་མེ་རིའི་རྣམ་པ་ཡང་བསྒྱུར་བར་བྱེད།
     ཐང་ཅ་ལི་ལུའོ་རྒྱལ་ཁབ་སྤྱི་གླིང་གི་ས་འོག་ཚ་ནུས་ཕུན་སུམ་ཚོགས་པས་ག་ས་གང་དུ་ཆུ་ཚན་ཁོལ་མ་དང་།  མཚམས་འཕྱུར་ཆུ་མིག རླངས་འབུད་ཁུང་བུ། ཚ་འདམ་རྫིང་བུ་སོགས་ཀྱི་ཡུལ་ལྗོངས་མཐོང་ཐུབ་པར་མ་ཟད། ནེའུ་ཙི་ལན་གྱི་རྒྱལ་བྱ་སྟེ། ཅི་ཝེ་བྱ་ཡང་སྤྱི་གླིང་དེར་འཚོ་སྡོད་བྱེད་བཞིན་ཡོད་པ་དང་། ནེའུ་ཙི་ལན་གྱི་རྒྱལ་རྟགས་དང་དངུལ་སྒོར་གྱི་སྟེང་དུ་ཡང་དེ་ཉིད་མཚོན་རྟགས་སུ་བཀོད་ཡོད། བྱ་དེ་ཉིད་ནི་ཡ་མཚན་ཆེ་བ་ཞིག་སྟེ། མཆུ་ཏོ་རིང་བ་ལས་འདབ་གཤོག་དང་རྔ་སྒྲོ་གང་ཡང་མེད། དེ་ཡི་མཆུ་ཏོས་རྒུམ་བུ་འཐུ་བ་ལས་གཞན་ངལ་གསོ་དུས་རང་གི་ལུས་པོ་ཁེན་བྱེད་ཀྱང་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།