དག་ཞིང་ལྟ་བུའི་བྱེ་མའི་གླིང་ཕྲན་ཏེ་ཧྥོ་ལེ་ཙེ་གླིང་ཕྲན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-11-07 08:36:00 ཀློག་གྲངས།:

དག་ཞིང་ལྟ་བུའི་བྱེ་མའི་གླིང་ཕྲན་ཏེ་ཧྥོ་ལེ་ཙེ་གླིང་ཕྲན།

     ཁྱོད་ཀྱིས་འཛམ་གླིང་སྟེང་གི་ཆེས་ཆེ་བའི་བྱེ་མའི་གླིང་ཕྲན་དེ་གང་ཡིན་པ་ཤེས་སམ། དེ་ནི་ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལེན་གྱི་ཤར་ལྷོའི་མཚོ་འགྲམ་གྱི་ཧྥོ་ལེ་ཙེ་གླིང་ཕྲན་ཡིན།
     ཧྥོ་ལེ་ཙེ་གླིང་ཕྲན་གྱི་རིང་ཚད་ལ་སྟོང་སྨིས122དང་། རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨིས་གྲུ་བཞི་མ1620ཡོད། གླིང་ཕྲན་སྟེང་དུ་ཆར་ཆུ་མོད་པས་སའི་འོག་ཏུ་རྒྱ་ཆེ་བའི་ཚྭ་མེད་ཆུ་ཡི་རྫིང་བུ་ཞིག་གྲུབ། དེ་ལས་གཞན་བྱེ་སྒང་སོ་སོའི་བར་མཚམས་སུ་དྭངས་ཤིང་གཙང་བའི་ཚྭ་མེད་མཚེའུ40ལྷག་ཡོད།  གལ་ཏེ་མི་རྣམས་མཚེའུ་འགྲམ་གྱི་དཀར་མདོག་གི་བྱེ་ཐང་དུ་གན་རྐྱལ་དུ་ཉལ་ཚེ། ལུས་སེམས་གཉིས་ཀར་ཤིན་ཏུ་ཤིན་ཏུ་སྐྱིད་པའི་བདེ་སྣང་སྟེར་ངེས།
     ཧྥོ་ལེ་ཙེ་ཡི་མིང་དངོས་ལ་ཁུའུ་ཡཱ་ལི་ཞེས་འབོད་པ་དང་།  མིང་དེ་ནི་དག་ཞིང་ཞེས་པའི་དོན་ཡིན་ཏེ། གནས་དེ་རུ་མཐོང་དཀོན་པའི་ཁོ་ལུའུ་ལ་སྦལ་ལྗང་དང་། ཁ་དོག་ལྗང་གུ་དང་སེར་བོ་ཅན་གྱི་ནེ་ཙོ་ཀྲི་ཡུང་ཀོ  མེ་ཏོག་དང་སྦྲང་རྩི་གཟན་དུ་བྱེད་པའི་ཅིན་ཞིང་ཞིང་ནེ་ཙོ་སོགས་མཆིས། དེ་མིན་ལོ་རེའི་ཟླ8ནས10བར་ལུས་བོངས་ཆེ་བའི་ཆུ་སྲིན་དག་རྒྱུན་དུ་ཧྥོ་ལེ་ཙེ་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ངོས་སུ་བག་ཡངས་ངང་རྒྱུ་བཞིན་པ་མཐོང་ཐུབ། དེ་ལྟ་བུ་རྒྱ་ཆེ་བའི་བྱེ་མའི་གླིང་ཕྲན་ནི་ཇི་ལྟར་གྲུབ་པ་དང་། ཅིའི་ཕྱིར་བཞུར་ཆུས་མ་ཁུར་བ་ཡིན་ཞེ་ན། ཧྥོ་ལེ་ཙེ་གླིང་ཕྲན་ནི་རི་རྒྱུད་ཆར་རླུང་གིས་ཟད་ནས་གྲུབ་པ་ཞིག་ཡིན་ཏེ། རླུང་གིས་གཡའ་མ་ཟད་པའི་རྡེའུ་ཟེགས་རྒྱ་མཚོ་རུ་དེད་ཅིང་། འཇིག་རྟེན་འཁྱགས་པས་བཟུང་དུས་སུ་མཚོ་ངོས་མར་བབས་པ་ནས་རྡེའུ་ཟེགས་མཚོ་ངོས་སུ་མངོན་པ་ན། རླུང་ལྡང་སྟེ་བྱེ་ཕུང་ཆེན་པོར་གྱུར། རྗེས་སུ་རྒྱ་མཚོའི་བཞུར་རྒྱུན་གྱིས་བྱེ་རྡུལ་མང་བོ་ཁུར་ནས་ཐོན་པ་དང་། རྩི་ཤིང་གི་ས་བོན་ཡང་རླུང་དང་བྱ་བྱིའུ་ཡིས་གླིང་ཕྲན་སྟེང་དུ་ཁྱེར་ནས་ཡོང་བས། བརླན་ཞིང་གཤེར་བའི་བྱེ་ཕུང་དུ་སྐྱེ་མགོ་ཚུགས་ཤིང་། རྩི་ཤིང་གི་རྩད་པས་བྱེ་ཕུང་སྲ་བརྟན་དུ་བཏང་བས། ད་གཟོད་ཧྥོ་ལེ་ཙེ་གླིང་ཕྲན་གྲུབ་པར་བཤད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།