སྲོག་ཆགས་འཚོ་ཐབས་བྲལ་བའི་ཡུལ་གྲུ་སྟེ་ཆིན་ཅི།
སྲོག་ཆགས་འཚོ་ཐབས་བྲལ་བའི་ཡུལ་གྲུ།
ཆིན་ཅི།
མ་ཏ་ཀ་སི་ཁའི་གླིང་ཕྲན་ཆིན་ཅི་ནི་མ་ཏ་ཀ་སི་ཁའི་རྒྱལ་ས་ཐ་ན་ན་ལི་ཧྥོའི་ནུབ་ཕྱོགས་ཀྱི་ཆིན་ཅི་ཏེ་པེ་མ་ལ་ཧཱ་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་མཆིས་ཤིང་། གནས་དེ་ནི་རྡོ་ཐལ་བྲག་རྡོས་ཁྱབ་པའི་རི་མ་ཐང་ཞིག་ཡིན་པ་དང་། ཁཱ་སི་ཐེའི་ས་ངོས་ཆགས་ཚུལ་གྱི་ཁོངས་སུ་གཏོགས།
ཆིན་ཅི་ཏེ་པེ་མ་ལ་ཧཱ་རང་བྱུང་སྲུང་སྐྱོབ་ས་ཁུལ་ནི་པེ་མ་ལ་ཧཱ་མཐོ་སྒང་གི་ཆ་ཤས་ཡིན་ཞིང་། དེ་ཡི་བྱང་ངོས་ནི་བྲག་སྐྱའི་དེའུ་འབུར་དང་། ལྷོ་ངོས་མཐོང་མ་ཉིད་ནས་སྙིང་འཁུམས་པར་བྱེད་པའི་ཁཱ་སི་ཐེའི་འཐུས་ཚབ་རང་བཞིན་གྱི་ས་ངོས་ཆགས་ཚུལ་ཡིན། ཤར་ངོས་ནི་གཡང་གཟར་ཆེ་བའི་པེ་མ་ལ་ཧཱའི་རི་ངོས་དང་། ནུབ་ངོས་གྱེན་གསེག་ཡིན། དམའ་སར་ཡོད་པའི་སྔོ་རིའི་ཁུལ་དུ་གྱེན་འཕྱུར་ཆུ་མིག་ཧ་ཅང་མང་ལ། དེ་དག་ནི་ས་གནས་དེ་དང་དེའི་ཉེ་འཁོར་གྱི་ཆུ་ཡི་འབྱུང་ཁུངས་གཙོ་བོ་ཡིན། སྨིས180ལྷག་ཡོད་པའི་བྲག་རྩེ་རུ། གང་སར་ཤོག་བུ་ལྟར་སྲབ་པ་དང་གྲི་རྩེ་ལྟར་སྣོ་བའི་རི་རྩེ་ཡོད།
སྲུང་སྐྱོབ་ཁུལ་དུ་ལོ་རེར་ཆར་འབབ་ཚད་ཧ་ལམ་ཧའོ་སྨིས1800དང་། ལོ་ཧྲིལ་བོར་ཆར་ཆུས་བྲག་རྡོའི་སྲ་མཁྲེགས་མིན་པའི་ཁག་བྲུས་པས། སྙུང་དབྱིབས་དང་ཀ་བའི་དབྱིབས་སོགས་སུ་བསྒྱུར་ལ། ཐ་ན་བྲག་རྩེ་ཡང་ཟད་དེ་སྲབ་མོར་གྱུར། ལོ་ངོ་ཁྲི་སྟོང་མང་བོར་ཆར་ཆུ་བར་མ་ཆད་པར་བྲག་སྲུབས་ལ་བཞུར་བས་དོང་ཆེན་པོ་བྱུང་ཞིང་། ཆར་ཆུ་ཁག་གཅིག་དོང་ལམ་དང་བྲག་ཕུག་ཁྲོད་ཀྱི་ས་འོག་གི་ཆུ་རྒྱུན་དུ་གྲུབ།
ཆིན་ཅི་ཞེས་པའི་མིང་དེ་ཉིད་ནི་སྲོག་ཆགས་འཚོ་ཐབས་བྲལ་བའི་ཡུལ་གྲུ་ཞེས་པའི་དོན་ཡིན་མོད། དོན་དངོས་སུ་མ་ཏ་ཀ་སི་ཁའི་གླིང་ཕྲན་ཆིན་ཅི་རུ་རི་སྐྱེས་ངང་ལག་སྐྱེས་ཡོད་པ་མ་ཟད། སྤྲེའུ་སོབ་གོར་ལྗོན་པ་སོགས་ཐན་པས་མི་གནོད་པའི་རྩི་ཤིང་གི་རིགས་ཤིན་ཏུ་མང་བ་དང་། ད་དུང་འདབ་ཆགས་ཀྱི་རིགས་ཀྱང་བཅུ་ཕྲག་ལྷག་ཡོད། གནས་དེ་ནི་ཝ་སྤྲེལ་འཚོ་སྡོད་བྱེད་ཡུལ་དང་། ཁྱད་མཚར་ཆེ་བའི་གོག་བགྲོད་སྲོག་ཆགས་མདོག་འགྱུར་ད་བྱིད་ཀྱང་གནས་ཡོད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com