མེ་རི་གས་ཁའི་སྟེང་གི་ཆུ་ཁོལ་སླ་ང་གང་སྟེ་མཚེའུ་ཁོལ་མ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-09 09:07:00 ཀློག་གྲངས།:

མེ་རི་གས་ཁའི་སྟེང་གི་ཆུ་ཁོལ་སླ་ང་གང་སྟེ་མཚེའུ་ཁོལ་མ།

མེ་རི་གས་ཁའི་སྟེང་གི་ཆུ་ཁོལ་སླ་ང་གང་།
མཚེའུ་ཁོལ་མ།

     མེ་གླིང་གི་ཅ་ལེ་པེ་རྒྱ་མཚོ་སྟེང་གི་ཏུའོ་སྨི་ཉི་ཅ་གླིང་ཕྲན་དུ། རིང་ཚད་ལ་ཧ་ལམ་སྨིས90དང་། ཞེང་ལ་སྨིས60ཡས་མས་ཡོད་པའི་མཚེའུ་ཞིག་ཡོད། མཚེའུ་ཡི་ངོས་ཡོངས་སུ་དུ་སྨུག་འཁོར་ཞིང་ཚ་རླངས་ལང་ལོང་དུ་འཕྱུར་བ་དང་། གདུ་ཞིང་ཁོལ་བའི་ཆུ་སླ་ང་གང་དང་ཤིན་ཏུ་མཚུངས་པས། མཚེའུ་ཁོལ་མ་ཞེས་པའི་མིང་ཡང་འདྲ་བ་རྒྱུ་མཚན་དུ་བྱས་ནས་བྱུང་། མཚེའུ་ལྟེམས་མེར་འཁྱིལ་དུས། མཚེའུ་ཡི་ཞབས་ནས་གྱེན་དུ་འཕྱུར་བའི་ཆུ་ཡི་མཐོ་ཚད་ཆུ་ངོས་ལས་སྨིས2ལྷག་ཡོད་པས། རྣམ་པ་བརྗིད་ཉམས་ལྡན་པ་ཞིག་རེད།
     མཚེའུ་ཁོལ་མ་ནི་མཚམས་བཅད་ཆུ་མིག་གཅིག་གིས་གྲུབ་ཅིང་། ཆུ་མིག་འཕྱུར་མཚམས་འཇོག་དུས་སུ་མཚེའུ་ཡི་ཆུ་ཁུངས་ཆད་སྲིད། དེ་དུས་སུ་མཚེའུ་ཞབས་ཀྱི་ཟླུམ་དབྱིབས་ཅན་གྱི་ཆུ་འཕྱུར་སའི་ཁུང་དུ་ཡང་མཐོང་ཐུབ། གློ་བུར་གློ་བུར་དུ། ཚ་བའི་རྒྱུན་ཞིག་མཚེའུ་ཡི་ཞབས་ནས་འཕྱུར་ཞིང་། ཤིན་ཏུ་ཚ་ཞིང་སྦོམ་པའི་ཆུ་མདའ་ཞིག་ལང་ལོང་འཕྱུར་བའི་ཚ་རླངས་ཁྲོད་མཁའ་རུ་འཕྱུར་ལ། ས་གཡོ་ཞིང་རི་འགུལ་བ་དང་། རི་ཚོགས་སུ་ལྡིར་སྒྲ་གྲགས་པས། ཚུལ་དེར་འཇིགས་སྣང་མི་སྐྱེས་མཁན་མེད།
     འོ་ན་མཚེའུ་ཁོལ་མ་ཡི་ཆུ་ཁོལ་མ་དག་གང་ནས་བྱུང་བ་ཡིན་ཞེ་ན། མཚེའུ་ཁོལ་མ་ཡོད་སའི་གནས་དེ་ནི་གདོད་མའི་དུས་ཀྱི་མེ་རི་གས་ཁ་ཞིག་གི་སྟེང་དུ་ཡོད་པ་དང་། གཏེར་དངོས་མང་བོ་དང་མུ་ཟིའི་རླངས་གཟུགས་འདུས་ཤིང་། ཤིན་ཏུ་ཚ་བའི་ཞུན་བྲག་གི་ཆུ་རྒྱུན་ས་འོག་གི་གཏིང་ཟབ་ས་ནས་གྱེན་དུ་ཐོན་དུས། མེ་རི་གས་ཁ་དང་འཕྲད་ནས་ཤུགས་ཆེན་པོའི་ས་ངོས་སུ་འཕྱུར་པས། ད་གཟོད་རང་བྱུང་ཁམས་ཆེན་པོའི་ངོ་མཚར་བའི་ཡུལ་ལྗོངས་སུ་གྲུབ་པ་རེད། མཚེའུ་ཁོལ་མའི་ཆུའི་དྲོད་ཚད་ཧ་ཅང་མཐོ་སྟེ། ཧ་ལམ100℃ཐོན་པ་དང་།  གནས་དེ་རུ་ལྟ་སྐོར་དུ་བསླེབས་པའི་གནས་སྐོར་བ་ཁ་ཤས་ཀྱིས་ཟས་རློན་དག་མཚེའུ་རུ་འཕངས་ནས་འཕྲལ་མར་ཚོས་རྗེས་ཁ་ཟས་སུ་རོལ་བཞིན་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།