ཨ་མེ་རི་ཁ་དང་ཁ་ན་ཏའི་ཐུན་མོང་གི་རྦབ་ཆུ་སྟེ་ཉི་ཡ་ཅ་ལ་རྦབ་ཆུ།
ཨ་མེ་རི་ཁ་དང་ཁ་ན་ཏའི་ཐུན་མོང་གི་རྦབ་ཆུ།
ཉི་ཡ་ཅ་ལ་རྦབ་ཆུ།
འཛམ་གླིང་སྟེང་གི་ཆེས་ཆེ་བའི་རྦབ་ཆུ་གསུམ་ནི། ཧྥེ་གླིང་གི་ཝེ་ཏུའུ་ལེ་ཡ་དང་། མེ་གླིང་ལྷོ་མའི་ཡེ་ཀྭ་སོ། མེ་གླིང་བྱང་མའི་ཉི་ཡ་ཅ་ལ་རྦབ་ཆུ་གསུམ་ཡིན་ལ། དེ་དག་ལས་ཡེ་ཀྭ་སོ་རྦབ་ཆུ་དང་ཝེ་ཏུའུ་ལེ་ཡ་རྦབ་ཆུ་གཉིས་སྔོན་དུ་བཤད་ཟིན་པ་ཡིན།
ཉི་ཡ་ཅ་ལ་རྦབ་ཆུ་ནི་ཉི་ཡ་ཅ་ལའི་ཆུ་བོའི་སྟེང་དུ་གནས་ཤིང་། ཐུར་དུ་དྲང་ཐད་དུ་འབབ་པས་མཐོ་ཚད་ལ་སྨིས50ལྷག་ཡོད་ནའང་། ཨན་ཧོ་ཨར་རྦབ་ཆུའི་དོ་ཟླར་མི་ཡོང་མོད། འོན་ཏེ་རྦབ་ཆུ་དེ་བརྗིད་ཉམས་ལྡན་པ་ཞིག་རེད།
དབྱིན་ཏེ་ཨན་མིའི་སྐད་ལས་ཉི་ཡ་ཅ་ལ་ནི་ཐོག་ལྷའི་ཆུ་བོ་ཞེས་པའི་དོན་ཡིན་ཏེ། གནས་དེ་གར་གཞིས་སྡོད་བྱས་ཡོད་པའི་དབྱིན་ཏེ་ཨན་མིས་རྦབ་ཆུ་ཡི་ལྡིར་སྒྲ་ནི་ཐོག་ལྷས་གསུང་འབྱོན་པར་འདོད་པ་ཡིན།
ཉི་ཡ་ཅ་ལ་རྦབ་ཆུ་ནི་ཨ་མེ་རི་ཁ་ཕྱོགས་ཀྱི་རྦབ་ཆུ་དང་ཁ་ན་ཏ་ཕྱོགས་ཀྱི་རྦབ་ཆུ་ཡིས་གྲུབ་ཅིང་། རྦབ་ཆུ་དེ་གཉིས་ནི་ར་མ་གླིང་ཕྲན་གྱིས་སོ་སོར་ཕྱེ་ཡོད། ཆེ་ཆུང་མི་འདྲ་བའི་རྦབ་ཆུ་གཉིས་ཆུ་ཁུངས་གཅིག་ལས་ཐོན་པ་དང་། དེ་དག་ལས་ཨ་མེ་རི་ཁ་ཕྱོགས་ཀྱི་རྦབ་ཆུ་ཡི་རྦབ་ཆུ་ཡོངས་ཀྱི6%ཟིན་ལ། 94%ཡི་བཞུར་ཚད་ནི་ཁ་ན་ཏ་ཕྱོགས་ཀྱི་རྦབ་ཆུ་ལས་གྲུབ་པ་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱི་རྦབ་ཆུ་ཡི་མདོག་ནི་སྔོན་པོར་སྣང་ཞིང་། དྲག་ཏུ་འབབ་པའི་ཆུ་རྒྱུན་རྦབ་ཆུའི་འོག་རིམ་གྱི་བརྩེགས་རིམ་དུ་ཡོད་པའི་བྲག་རྡོའི་སྲུབས་ཀར་བབས་ཏེ། བྲག་སྲུབས་ལས་ལང་ལོང་དུ་ཐོན་རྗེས། དེའི་འོག་རིམ་དུ་ཡོད་པའི་བྲག་ངོས་སུ་མཆོང་བ་དང་། དེའི་རྗེས་ཆེས་འོག་རིམ་གྱི་བྲག་རྡོའི་ཁྲོད་ལྷུང་སྟེ་ཆུ་རྒྱུན་མང་བོ་དང་འདྲེས་ནས་བཞུར་བཞིན་ཡོད།
ཁ་ན་ཏ་ཕྱོགས་ཀྱི་རྦབ་ཆུ་ཡི་དབྱིབས་ནི་རྟའི་རྨིག་པ་དང་མཚུངས་པས། རྦབ་ཆུ་རྟ་རྨིག་མ་ཞེས་ཀྱང་འབོད། དེ་ཡི་མདོག་ནི་ལྗང་གུ་དང་། ཆུ་རྒྱུན་ཧ་ཅང་ཆེ་བས་ཆུའི་ཟེགས་མ་མཁའ་རུ་འཕྱོ་དུས་ཆེས་མཐོ་བ་ལ་ཧ་ལམ་སྨིས100ལྷག་ཡོད་པ་དང་། གལ་ཏེ་ཁྲོད་རང་དེ་ཡི་ཐག་ཉེ་སར་བཏུད་པ་ཡིན་ན་ལུས་ཧྲིལ་བོ་ཆུ་རྡུལ་གྱིས་རློན་པར་གཏོང་སྲིད། ནམ་མཁའ་དྭངས་ཤིང་རླུང་བུ་འཇམ་པ་དང་། ཉི་འོད་ལྷམ་མེར་འཕྲོ་དུས་སུ། མཁའ་རུ་འཇའ་ཚོན་མང་པོ་ལྷུན་གྱིས་གྲུབ་འོང་། སྤྲོ་བ་འཕེལ་བ་ཞིག་ལ་ཆུ་བོའི་སྟེང་དུ་ཟམ་པ་འཇའ་གཟུགས་མ་ཞིག་མཆིས་ཤིང་། སུ་ཞིག་གིས་ཟམ་པའི་སྟེང་གི་རྒྱལ་ཁབ་གཉིས་ཀྱི་དབྱེ་མཚམས་སུ་རྐང་བ་བཞག་ན། དེ་ཉིད་དུས་གཅིག་ལ་རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་སུ་གོམ་པ་སྤོས་པ་ཡིན་ནོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com