རི་སྐྱེས་སྲོག་ཆགས་བདེ་བར་གནས་ས།
རི་སྐྱེས་སྲོག་ཆགས་བདེ་བར་གནས་ས།
འདམ་གཞོངས་ཆེན་པོ།
མི་རྣམས་ཀྱིས་གནས་དེ་ལ་རྩྭས་གབ་པའི་ཆུ་བོ་ཞིག་དལ་མོར་རྒྱ་མཚོར་བཞུར་བ་ཞེས་བརྗོད་བཞིན་ཡོད་ནའང་། དོན་དངོས་སུ་དེ་ནི་འདམ་གཞོངས་ཆེན་པོ་ཞིག་སྟེ། སྔར་མི་ཞིག་གིས་གནས་དེ་ནི་སའི་གོ་ལའི་སྟེང་གི་ཐུན་མོང་མ་ཡིན་པ་དང་། དབེན་པའི་གནས། ད་དུང་ཉམས་ཞིབ་བྱེད་འོས་པའི་ས་ཁུལ་ཞེས་བསྙད་ཀྱང་། དེ་ལྟ་དེ་ལྟར་ཐུན་མོང་མ་ཡིན་པ་དང་ཉམས་ཞིབ་བྱེད་འོས་པས། སྤྱི་ལོ1974ལོར་མི་རྣམས་ཀྱིས་དེ་གར་འདམ་གཞོངས་ཆེན་པོ་རྒྱལ་ཁབ་སྤྱི་གླིང་གི་གཞི་ཚུགས་པ་རེད།
འདམ་གཞོངས་ཆེན་པོ་རྒྱལ་ཁབ་སྤྱི་གླིང་ནི་ཨ་མེ་རི་ཁའི་ལྷོ་ཕྱོགས་ཀྱི་ཧྥོ་ལུའོ་ལི་ཏ་ཀྲོའུ་ཡི་ལྷོ་སྣེ་རུ་ཡོད་པ་དང་། རྒྱ་མཚོ་ཆེན་པོ་དང་ཉེ་ཞིང་། རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨིས་གྲུ་བཞི་མ5670ཙམ་དང་། འདམ་གཞོངས་ཆེན་པོའི་སྤྱིའི་རིང་ཚད་ལ་ཧ་ལམ་སྟོང་སྨིས160ལྷག་ཡོད། ཞེང་ཚད་ཆེས་ཆེ་སར་སྟོང་སྨིས120ཡོད། དེ་ནི་རྡོ་ཐལ་བྲག་རྡོས་གྲུབ་པའི་གཞོངས་ས་ཞིག་ཡིན་པ་དང་། ཤར་བྱང་ནས་ནུབ་ལྷོའི་ཕྱོགས་སུ་འཁྱོག་སྟེ་ཡོད། གཞོངས་ས་རུ་ཆུ་རྩྭ་སྟུག་པོས་གཡོགས་པ་དང་། འདམ་གཞོངས་ཀྱིས་ཁྱབ་པ། ཆུ་ལམ་གང་སར་འབྲེལ་བ། གླིང་ཕྲན་ཆུང་ཆུང་བགྲང་གིས་མི་ལང་བ་ཡོད། འདམ་གཞོངས་ཆེན་པོའི་ཆུ་ཡི་འབྱུང་ཁུངས་ནི་མེ་གླིང་བྱང་མའི་མཚེའུ་ཆེན་པོ་ལྔར་མི་གཏོགས་པའི་ཆེས་ཆེ་བའི་མཚེའུ་སྟེ་ཨའོ་ཅི་ཆའོ་པི་མཚེའུ་ཡིན། མཚེའུ་ཆུ་ཨའོ་ཅི་ཆའོ་པི་ཆུ་བོ་བརྒྱུད་ནས་འཕྲེད་དུ་འདམ་གཞོངས་ཆེན་པོར་བཞུར་བས། གཞན་དང་ཐུན་མོང་མ་ཡིན་པའི་འདམ་གཞོངས་ཆེན་པོའི་ཁོར་ཡུག་དེ་གྲུབ་པ་རེད།
ཡངས་ཤིང་རྒྱ་ཆེ་བའི་འདམ་གཞོངས་ཆེན་པོ་དང་། བརྗིད་ཆགས་པའི་ཐང་ཤིང་གི་ནགས་ཚལ། སྐར་ཚོགས་ལྟར་བཀྲམ་པའི་ལྗོན་དམར་ནགས་ཚལ་སོགས་ཀྱིས་གྲངས་ལས་འདས་པའི་འདབ་ཆགས་ཀྱི་རིགས་དང་གོག་བགྲོད་སྲོག་ཆགས། ད་དུང་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་མང་པོ་ཞིག་ལ་བདེ་བའི་གནས་མཆོག་མཁོ་སྤྲོད་བྱས་ཡོད། གནས་དེ་ནི་ཨ་མེ་རི་ཁའི་ཆེས་ཆེ་བའི་ཚ་ཁུལ་ཕལ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁུལ་ཡིན་པས། དེར་འདབ་ཆགས་ཀྱི་རིགས320ལྷག་འཚོ་སྡོད་བྱས་ཡོད་པ་དང་། མཚོ་རྒྱུད་དུ་ཉ་རིགས150ལྷག་ཡོད། ད་དུང་རུས་སྦལ་གྱི་རིགས12དང་། མེ་གླིང་ཆུ་རྩངས། མཚོ་གླང་དང་ཧྥོ་ལུའི་ལི་ཏ་ཀྲོའུ་ཡི་གཟིག་ནག་སོགས་ལ་གནས་དེ་གར་སྲུང་སྐྱོབ་གང་ལེགས་བྱས་ཡོད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com