ཁི་ལའོ་ལ་ཏུའོ་གྲོག་རོང་ཆེན་པོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་གི་ངོ་མཚར་ཡུལ་ལྗོངས་ལས་བཏུས། དུས་ཚོད།:2014-08-12 10:28:00 ཀློག་གྲངས།:

ས་གཤིས་ལོ་རྒྱུས་ཀྱི་སློབ་དེབ་གསོན་པོ།

ས་གཤིས་ལོ་རྒྱུས་ཀྱི་སློབ་དེབ་གསོན་པོ།
ཁི་ལའོ་ལ་ཏུའོ་གྲོག་རོང་ཆེན་པོ།

     སྤྱི་ལོ1869ལོར་ཨ་མེ་རི་ཁའི་ཉེན་བརྟག་ཚོ་ཆུང་ཞིག་ཁི་ལའོ་ལ་ཏུའོ་གྲོག་རོང་ཆེན་པོར་འབྱོར་དུས། གནས་དེ་གའི་ཡུལ་ལྗོངས་ཀྱིས་ཧ་ལས་སུ་བཅུག  ཉི་མའི་འོད་སྣང་ལས་གྲོག་རོང་ཆེན་པོའི་བྲག་རྡོ་ནི་རི་མོའི་ཤོག་དྲིལ་ཞིག་དང་འདྲ་བར་ཁ་དོག་སྣ་ཚོགས་སུ་སྣང་། གཡང་གཟར་བྲག་རིའི་རྟིང་རིམ་དུ་ཁི་ལའོ་ཏུའོ་ཆུ་བོ་དྲག་ཏུ་འབབ་བཞིན་ཡོད།
     ཁི་ལའོ་ལ་ཏུའོ་གྲོག་རོང་ནི་ཨ་མེ་རི་ཁའི་ནུབ་ཁུལ་གྱི་ཡཱ་ལེ་སང་ན་ཀྲོའུ་ཡི་ནུབ་བྱང་གི་ཁད་པཱ་པི་མཐོ་སྒང་དུ་མཆིས་ལ། སྤྱིའི་རིང་ཚད་ལ་སྟོང་སྨིས446ཡོད། དེ་ནི་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་གྲོག་རོང་ཆེན་པོའི་ཁྲོད་ཀྱི་གཅིག་ཡིན། གྲོག་རོང་དེའི་རྣམ་པ་དོ་མི་མཉམ་ཞིང་། ཆ་སྙོམས་ཀྱི་ཞེང་ཚད་ལ་སྟོང་སྨིས16དང་ཆེས་ཟབ་སར་སྨིས1740ཡོད། ཤིན་ཏུ་རིང་བའི་གྲོག་རོང་དེ་ཁོད་ཡངས་དོག་གཉིས་སུ་ཡོད་ལ། བྲག་ངོས་ཀྱི་དབྱིབས་སྣ་ཚོགས་སུ་ཡོད་པ་དང་ཀྱག་ཀྱོག་ཆེ་བས་གཏུམ་དྲག་ཆེ་བའི་སྦྲུལ་ཆེན་ཞིག་ཁད་པཱ་པི་མཐོ་སྒང་དུ་གོག་འགྲོག་བྱེད་པ་དང་མཚུངས།
     གྲོག་རོང་ཆེན་པོ་དེ་ནི་ཁི་ལའོ་ལ་ཏུའོ་ཆུ་བོའི་ཕུལ་བྱུང་བརྩམས་ཆོས་ཏེ། ཆུ་བོའི་རྒྱུན་ཁི་ལའོ་ལ་ཏུའོ་མཐོ་སྒང་བརྒྱུད་དུས། རྒྱུན་ཆད་མེད་པར་དེ་གའི་བྲག་རྡོ་བྲུས་པ་དང་བཤལ་བས་ད་གཟོད་ད་ལྟའི་རྣམ་པ་དེ་བྱུང་བ་རེད། གྲོག་རོང་དེའི་ཞབས་ནས་ཁའི་བར་གྱི་བྲག་ངོས་སུ་བརྩེགས་རིམ་དུ་ཆགས་པའི་བྲག་རྡོ་ཡིན། དེ་དག་ལ་ཧན་ཝུའུ་ནས་གསར་ཐོན་དུས་རབས་སོ་སོའི་སའི་ཆགས་རིམ་གྱི་དབྱེ་བ་གསལ་ཞིང་ཁ་དོག་ཀྱང་གཅིག་འདྲ་མིན། ད་དུང་ས་གཤིས་དུས་རིམ་སོ་སོའི་སྐྱེ་དངོས་ཀྱི་འགྱུར་རྡོ་ཡང་ཡོད་པས། མི་རྣམས་ཀྱིས་གྲོག་རོང་ཆེན་པོ་དེ་ནི་ས་གཤིས་ལོ་རྒྱུས་ཀྱི་སློབ་དེབ་གསོན་པོ་ཞེས་བསྔགས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།