ཨ་རིའི་རང་དབང་ལྷ་མོའི་སྐུ་བརྙན།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-13 14:31:00 ཀློག་གྲངས།:

ཨ་རིའི་རང་དབང་ལྷ་མོའི་སྐུ་བརྙན།
ཨ་རིའི་རང་དབང་ལྷ་མོའི་སྐུ་བརྙན།

      རང་དབང་ལྷ་མོའི་སྐུ་བརྙན(དབྱིན་ཇིའི་སྐད་དུStatue of Libertyདང་ཧྥ་རན་སིའི་སྐད་དུStatue de la liberté)ལ་རང་དབང་སྒོས་འཛམ་གླིང་ལ་འཕྲོ་བ(དབྱིན་ཇིའི་སྐད་དུLiberty Enlightening the Worldདང་ཧྥ་རན་སིའི་སྐད་དུLa Liberté éclairant le monde)ཡང་ཟེར། འདི་ནི་གནའ་ཉམས་རིང་ལུགས་གསར་བ་ཅན་གྱི་སྐུ་བརྙན་ཆེན་མོ་ཞིག་ཡིན་ཞིང་། ཨ་རིའི་ཉིག་ཡོ་མཚོ་ཁའི་རང་དབང་གླིང་ཕྲན་སྟེང་ཡོད་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རྐོས་རིས་མཁས་པ་པཱ་ཐིའུ་ལི་ཏེའུ་ཡིས་ཇུས་འགོད་བྱས་ལ། 1886ལོའི་ཟླ10བའི་ཚེས28ཉིན་ལེགས་འགྲུབ་བྱུང་།
      རང་དབང་ལྷ་མོའི་སྐུ་བརྙན་འདི་ནི་ཧྥ་རན་སི་མི་དམངས་ཀྱིས་ཨ་རི་ལ་ཕུལ་བའི་ལེགས་སྐྱེས་ཡིན་ཞིང་། སྣང་བརྙན་ནི་རོ་མའི་ལྷ་སྒྲུང་ཁྲོད་ཀྱི་རང་དབང་ལྷ་མོས་ལུས་ལ་གོས་རིང་སྤྲས་ཤིང་གཡས་ལག་ཏུ་དཔལ་འབར་བཏེགས་ལ། གཡོན་ལག་གི་ལག་དེབ་སྟེང་ཨ་རི་རང་བཙན་གྱི་སྒྲོག་གཏམ་སྤེལ་བའི་དུས་ཚོད་དེ1776ལོའི་ཟླ7པའི་ཚེས4ཉིན་བྲིས་ཡོད་པ་དང་། རྐང་འོག་ཏུ་ཆག་གས་སུ་སོང་བའི་ལྕགས་སྒྲོག་གིས་བསྐོར་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།