༄༅།།ཡོ་རོབ་གླིང་མཉམ་འབྲེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-19 10:47:27 ཀློག་གྲངས།:
ཡོ་རོབ་གླིང་མཉམ་འབྲེལ(ཡོ་རོབ་གླིང་ཐུན་མོང་ཚོགས་པ)ཏེ། རྒྱ་སྐད་དུ (欧洲联盟)ཟེར་བ་དང་། དབྱིན་སྐད་དུ(European Union-EU)ཟེར་བ་ཡིན། དེ་ནི་ཡོ་རོབ་གླིང་ཐུན་མོང་ཚོགས་པའི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་། དེར་ཡོ་རོབ་གླིང་རྡོ་སོལ་དང་ངར་ལྕགས་ཐུན་མོང་ཚོགས་པ་དང་། ཡོ་རོབ་གླིང་ཉིང་རྡུལ་ནུས་ཁུངས་ཐུན་མོང་ཚོགས་པ། ཡོ་རོབ་གླིང་དཔལ་འབྱོར་ཐུན་མོང་ཚོགས་པ་བཅས་འདུས་པ་ཡིན། དེའི་ནང་གི་ཡོ་རོབ་གླིང་དཔལ་འབྱོར་ཐུན་མོང་ཚོགས་པ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། 1951ལོའི་ཟླ4པའི་ཚེས18ཉིན། ཧྥ་རན་སི་དང་། འཇར་མན་མཉམ་འབྲེལ། ཨི་ཐ་ལི། ཧོ་ལན། བྷེལ་ཇམ། ལུ་སེམ་པག་བཅས་ཀྱིས་ཕེ་རིས་སུ་ཡོ་རོབ་གླིང་རྡོ་སོལ་དང་ངར་ལྕགས་ཐུན་མོང་ཚོགས་པ་འཛུགས་པའི་ཆིངས་ཡིག་སྟེང་མིང་རྟགས་བཀོད། 1957ལོའི་ཟླ་3པའི་ཚེས25ཉིན། རྒྱལ་ཁབ་དྲུག་པོས་རོ་མ་གྲོང་ཁྱེར་དུ་ཡོ་རོབ་གླིང་དཔལ་འབྱོར་ཐུན་མོང་ཚོགས་པ་དང་ཡོ་རོབ་གླིང་ཉིང་རྡུལ་ནུས་ཁུངས་ཐུན་མོང་ཚོགས་པ་གཉིས་འཛུགས་པའི་ཆིངས་ཡིག་སྟེང་མིང་རྟགས་བཀོད་དེ། སྤྱི་མིང་ལ《རོ་མའི་ཆིངས་ཡིག》ཟེར། 1965ལོའི་ཟླ4པའི་ཚེས8ཉིན། རྒྱལ་ཁབ་དྲུག་གིས《པོ་ལོ་སེར་ཆིངས་ཡིག》སྟེང་མིང་རྟགས་བཀོད་དེ། གོང་སྨོས་ཀྱི་ཐུན་མོང་ཚོགས་པ་གསུམ་པོ་གཅིག་སྡུད་བྱས་པ་དང་། དེར་ཡོ་རོབ་གླིང་ཐུན་མོང་ཚོགས་པ་ཞེས་ཟེར།
ཁ་ཕྱོགས་ནི་ནང་ཁུལ་མཐའ་མཚམས་ཀྱི་བར་སྟོང་མེད་པ་བཙུགས་པ་བརྒྱུད་ནས། དཔལ་འབྱོར་དང་འཕེལ་རྒྱས་དོ་མཉམ་ལ་ཤུགས་སྣོན་བྱས་ཏེ། མཐའ་མར་དངུལ་ལོ་གཅིག་གྱུར་གྱིས་དཔལ་འབྱོར་དངུལ་ལོ་མཉམ་འབྲེལ་ལག་བསྟར་བྱས་ནས། (ཚོགས་ཞུགས་རྒྱལ་ཁབ) དཔལ་འབྱོར་དང་སྤྱི་ཚོགས་དོ་མཉམ་ལ་སྐུལ་སྤེལ་བྱས་ཏེ། མུ་མཐུད་དུ་འཕེལ་རྒྱས་གཏོང་བར་བྱེད་པ་ཡིན།
ཚོགས་ཞུགས་རྒྱལ་ཁབ་ལ་ཧྥ་རན་སི་དང་། འཇར་མན། ཨི་ཐ་ལི། ཧོ་ལན། བྷེལ་ཇམ། ལུ་སེམ་པག ཏེན་མག ཨེར་ལན། ཨོ་སི་ཐྲ་ལི་ཡ། ཧྥིན་ལན། སི་ཝེས་ཙེར། ཨེ་སི་ཐོ་ཉི་ཡ། ལེད་ཁྲི་ཡ། ཕོ་ལན། ཆེ་ཁི། སི་ལོ་ཝ་ཁི་ཡ། ཧང་གྷ་རི། སི་ལོ་ཝེ་ཉི་ཡ། མོལ་ཐ། སེ་ཕར་སི་སོགས་སྔོན་གྱི་རྒྱལ་ཁབ་བཅོ་ལྔ་ནས་ད་ལྟའི་རྒྱལ་ཁབ་ཉེར་བཞི་རུ་གྱུར་ཡོད།
འགན་འཛིན་པ་གཙོ་བོ་ནི། ཡོ་རོབ་གླིང་མཉམ་འབྲེལ་གྱི་ཚོགས་གཙོ་པཱ་ལོ་ཙོ(ཕོར་ཐུ་གལ་གྱི་ཙུང་ལི་སྔོན་མ་སྟེ། 2004ལོའི་ཟླ11པའི་ཚེས1ཉིན་འགན་བཞེས)ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།