རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་བྷི་ལཱ་ཁྲར་གྱིས་ལས་འབུད་ཁྱབ་བསྒྲགས་བྱས་པ།
རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་བྷི་ལཱ་ཁྲར་གྱིས་ཚོགས་གཙོ་ལས་འབུད་པ་ཁྱབ་བསྒྲགས་བྱས།
ཟླ6པའི་ཚེས3ཉིན་རྒྱུས་ལོན་པ་ལྟར་ན། རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས(FIFA)བྲེལ་མྱུར་ངང་སྐོང་ཚོགས་བསྡུས་ཏེ་བྷི་ལཱ་ཁྲར་གྱིས་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་འགན་ལས་འབུད་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། ཁོས་བཤད་རྒྱུར། ཁོ་རང་ཡང་བསྐྱར་འདེམ་བསྐོ་ལ་ཞུགས་པ་ནི་རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ལ་སྔ་ན་མེད་པའི་དཀའ་ཁག་ལ་འཕྲད་ཡོད་པས་འདི་ནི་ཆེས་ལེགས་པའི་གདམ་གསེས་ཤིག་ཡིན་པར་འདོད། རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོ་ལ་འོས་འགན་གསར་བ་གནང་ནའང་མི་མང་པོ་ཞིག་གིས་རྒྱབ་སྐྱོར་མི་བྱེད་པས་བྲེལ་མྱུར་གྱིས་སྐོང་ཚོགས་བསྡུས་པ་ཡིན་ལ། འཕྲལ་མར་ཚོགས་གཙོ་གསར་བ་ཞིག་འདེམ་པར་སྨོན་པ་ཞུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com