སྐབས་བཅུ་གསུམ་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ་ལན་གྲུ་རུ་མཇུག་སྒྲིལ།
སྐབས་བཅུ་གསུམ་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ་ལན་གྲུ་རུ་མཇུག་སྒྲིལ།
ཟླ7པའི་ཚེས19ཉིན། སྐབས་བཅུ་གསུམ་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ་ལན་གྲུ་རུ་མཇུག་སྒྲིལ་ཞིང་། གྲུབ་འབྲས་ལེགས་པའི་ལྕགས་རྟའི་རུ་ཁག་དང་ལྕགས་རྟ་བ་ལ་བྱ་དགའ་གནང་བ་མ་ཟད་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་བཀོད་སྒྲིག་གནང་།
རྒྱུས་ལོན་པ་ལྟར་ན། ཚེས19ཉིན་སྐབས་བཅུ་གསུམ་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་འགྲན་ལམ13དངོས་སུ་མཇུག་སྒྲིལ་ཞིང་། ཧ་ས་ཁི་སི་ཐཱན་རྒྱལ་ཁབ་ཀྱི་ཨ་སི་ཐ་ན་རུ་ཁག་གི་ཏཱ་ཝེ་ཏིའུ་ནོ་ཁི་ཡིས་ཆུ་ཚོད51དང་སྐར་མ39། སྐར་ཆ58ལས་མི་སྒེར་གྱི་ཨང་དང་པོ་བླངས་པ་མ་ཟད་ཡ་གླིང་གི་ཕུལ་བྱུང་ལྕགས་རྟ་བའི་མཚན་བཟང་ཐོབ་པ་དང་། དབྱི་ལང་གི་ཏཱ་པུ་ལེ་ཧྲི་ཧྲི་ཧྭ་རུ་ཁག་གི་ཀི་ཨར་ཏིའུ་ཡིས་སྒང་འགོས་ཀྱི་ཨང་དང་པོ་དང་། ཝུ་ཁི་ལན་གྱི་ཁི་ཨར་སི་རུ་ཁག་གི་ཁི་ནོ་ཨིན་ཁི་ཡིས་མཐའ་མའི་གདོང་མཆོང་བ་བཅས་བླངས་པ་རེད།
སྐབས་འདིའི་མཚོ་སྔོན་པོ་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ནི་ཟླ7པའི་ཚེས6ནས་མགོ་བརྩམས་པ་དང་། དུས་ཡུན་ཉིན14རིང་འགྲན་ལམ13ལ་བརྒྱུད་ཅིང་། མཚོ་སྔོན་དང་། ཀན་སུའུ། ཉིན་ཞཱ་བཅས་སུ་བརྒལ་ཏེ། སྤྱིའི་ལམ་ཐག་ལ་སྤྱི་ལེ3787དང་། དེ་ལས་ལྕགས་རྟ་འགྲན་པའི་ལམ་ཐག་སྤྱི་ལེ2194ཡིན་ལ། ཆེས་མཐོ་བའི་མཚོ་ངོས་མཐོ་ཚད་ནི་སྨི3858ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com