ངོས་དང་པོ > རྒྱལ་སྤྱི། > གསར་འགྱུར་ཀུན་གླེང་། > མཚོ་སྔོན་གྱི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཟི་ལིང་ནས་ཚོགས་གྲབས་ཡོད།
མཚོ་སྔོན་གྱི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཟི་ལིང་ནས་ཚོགས་གྲབས་ཡོད།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-08-20 16:23:00
ཀློག་གྲངས།:
སྐབས་བཞི་བའི་མཚོ་སྔོན་གྱི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཟླ8པའི་ཚེས19ནས22བར་དུ་ཟི་ལིང་གྲོང་ཁྱེར་གྱི་ལྷོ་གྲོང་འགྲེམ་སྟོན་ལྟེ་གནས་ནས་ཚོགས་གྲབས་ཡོད་པ་དང་། བོད་ལྗོངས་ཀྱི་ཕུལ་དུ་བྱུང་བའི་ལྷ་བཟོ་དང་ཐང་གའི་ཁེ་ལས་སོགས་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་དུ་གདན་འདྲེན་ཞུ་རྒྱུ་རེད།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱིས“མི་རིགས་རིག་གནས་དར་སྤེལ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་མྱོང་།”ཞེས་པ་བརྗོད་དོན་དུ་བྱས་ནས་ཐང་ཀ་འགྲེམ་སྟོན་ནམ་ཀྲུང་གོའི་ཐང་ག་འབྲི་བའི་ལག་རྩལ་འགྲན་སྡུར་དང་གླེང་སྟེགས། རིག་གནས་ཐོན་ལས་ལས་གཞི་མཚམས་སྦྱོར་དང་གན་རྒྱ་འཇོག་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད། བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱིས་གཅིག་གྱུར་གྱིས་རྩ་འཛུགས་བྱས་ཏེ་མི་སྒེར་དང་ཡང་ན་ལས་ཁུངས་ཀྱི་མཚོན་བྱེད་རང་བཞིན་གྱི་ཐང་ག་མཆོག་གྱུར་བརྒྱད་ནས་བཅུ་ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།