ཕྱི་རྒྱལ་དུ་བོར་བརླག་ཏུ་སོང་པའི་ས་སྐྱ་དགོན་པའི་ཆོས་དཔེ་ཕྱིར་རང་སར་འབྱོར་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་རིག་པའི་དྲ་བ། དུས་ཚོད།:2013-06-12 15:48:00 ཀློག་གྲངས།:

ཕྱི་རྒྱལ་དུ་བོར་བརླག་ཏུ་སོང་པའི་ས་སྐྱ་དགོན་པའི་ཆོས་དཔེ་ཕྱིར་རང་སར་འབྱོར་བ།
ཆོས་དཔེ་ཕྱིར་ས་སྐྱ་དགོན་པར་ཞུས་པ།

      ཟླ6པའི་ཚེས11ཉིན་བོད་ལྗོངས་ས་སྐྱ་དགོན་ནས་ཕྱི་རྒྱལ་དུ་བོར་བརླག་ཟིན་པའི་ཆོས་དཔེ་ཕྱིར་རང་ལག་ཏུ་འབྱོར་བའི་མཛད་སྒོ་བསྡུས་ཤིང་། བོར་བརླག་ཏུ་སོང་པའི་《བཀའ་བསྟན་འགྱུར》ཁྲོད་ཀྱི་ཆོས་དཔེ་དུམ་བུ་དེ་གྲྭ་བ་རྣམས་ཀྱིས་ས་སྐྱ་དགོན་པའི་འདུ་ཁང་ཆེན་མོར་ཞུས་ཏེ། ཆོས་དཔེ་བརྩིགས་པའི་བང་རིམ་གྱི་ཁྲོད་དུ་བཞག ཆོས་དཔེ་དེར་ཆེད་མཁས་པས་ཞིབ་བཤེར་གཏན་འབེབས་བྱས་ན། དེ་ནི་དུས་རབས15བའི་དུས་མགོར་མིང་རྒྱལ་རབས་ཡུན་ལེའི་དུས་སྐབས་ཀྱི་གནའ་དཔེ་རྩ་ཆེན་ཞིག་ཡིན་ཞིང་། མིང་རྒྱལ་རབས་ཀྱིས་ས་སྐྱ་བར་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་ཆོ་ལོ་གནང་དུས་ཞལ་འདེབས་སུ་《བཀའ་བསྟན་ལས་བཀའ་འགྱུར》གསེར་བྲིས་གནང་བའི་དུམ་བུ་ཞིག་ཡིན་པ་རེད་ཟེར། ཟླ6པའི་ཚེས11ཉིན་ཕྱི་རྒྱལ་དུ་བོར་བརླག་ཏུ་སོང་བའི་ས་སྐྱ་དགོན་པའི་ཆོས་དཔེ་ཕྱིར་རང་ལག་ཏུ་འབྱོར་པའི་མཛད་སྒོ་སྤེལ་བ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།