༄༅།།ཐན་ཝུན་དང་པོའི(天问一号)འཚོལ་ཞིབ་འཕྲུལ་ཆས་དེ་འཁོར་ལམ་ནས་​ཉིན144ནང་སྤྱི་ལེ360000000ལ་འཕུར་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2020-12-17 16:34:15 ཀློག་གྲངས།:
      གསར་འགོད་པས་རྒྱལ་ཁབ་མཁའ་སྐྱོད་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ12པའི་ཚེས14ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་པའི་བར་དུ། ཐན་ཝུན་དང་པོའི(天问一号)འཚོལ་ཞིབ་འཕྲུལ་ཆས་དེ་འཁོར་ལམ་ནས་ཉིན144རིང་འཕུར་སྐྱོད་བྱས་ཤིང་། འཕུར་སྐྱོད་ཀྱི་ལམ་ཐག་ཧ་ལམ་སྤྱི་ལེ་དུང་ཕྱུར3.6ཡོད་པ་དང་། སའི་གོ་ལ་དང་བར་ཐག་སྤྱི་ལེ་དུང་ཕྱུར་གཅིག་བརྒལ་ཟིན་ཞིང་། སྐར་མ་མིག་དམར་དབར་ཕལ་ཆེར་སྤྱི་ལེ་ཁྲི1200ཡོད་པ་དང་། འཕུར་སྐྱོད་ཀྱི་གནས་བབ་ཧ་ཅང་ལེགས།  སྐར་མའི་གོ་ལའི་འགུལ་སྐྱོད་ཆོས་ཉིད་ཀྱི་ཤུགས་རྐྱེན་ཐེབས་ཏེ། སྐར་མ་མིག་དམར་དང་སའི་གོ་ལའི་བར་ཐག་དེ་སྤྱི་ལེ་དུང་ཕྱུར0.5ནས་དུང་ཕྱུར4བར་དུ་འཁོར་ཡུན་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་ཡིན། ཐན་ཝུན་དང་པོའི(天问一号)འཚོལ་ཞིབ་འཕྲུལ་ཆས་སྐར་མ་མིག་དམར་གྱི་ཉེ་འགྲམ་དུ་སླེབས་དུས། སའི་གོ་ལ་དང་བར་ཐག་སྤྱི་ལེ་དུང་ཕྱུར1.9ལྷག་ཙམ་ཡོད།
      ཟླ7པའི་ཚེས23ཉིན་ཐན་ཝུན་དང་པོ(天问一号)འཕངས་པ་ནས་བཟུང་། སའི་གོ་ལར་ཟླ་བ་དང་མཉམ་དུ་པར་བརྒྱབ་པ་དང་། འཚོལ་ཞིབ་འཕྲུལ་ཆས་ཀྱིས“རང་པར་རྒྱག་པ”དང་།  ལམ་བར་དུ་ཐེངས་གསུམ་རིང་དག་བཅོས་བྱས་པ། བར་སྣང་འཕྲུལ་སྒུལ་ཐེངས་གཅིག་དང་། ཐེག་ཁུར་རང་བཤེར་སོགས་ཀྱི་ལས་དོན་བདེ་ལེགས་ངང་ཡོངས་གྲུབ་བྱས་ཤིང་། རྗེས་མར་ད་རུང་འཁོར་ལམ་དུ་ཐེངས་དང་པོར་དག་བཅོས་བྱས་ཏེ། སྔོན་རྩིས་བྱས་ན་སང་ལོའི་ཟླ2པའི་ཟླ་དཀྱིལ་དུ་སྐར་མ་མིག་དམར་དང་ཉེ་བར་བཅར་རྗེས། “འཁོར་བཀག”བཀག་གཏོང་དེ་སྐར་མ་མིག་དམར་ལ་སྐོར་བའི་འཁོར་ལམ་དུ་འཛུལ་རྒྱུ་ལག་བསྟར་བྱས་རྗེས།  སྐར་མ་མིག་དམར་ས་ཐོག་ཏུ་འབབ་པར་གྲ་སྒྲིག་བྱེད་ཀྱིན་ཡོད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།