ངོས་དང་པོ > རྒྱལ་སྤྱི། > གསར་འགྱུར་ཀུན་གླེང་། > དབྱིན་ཇིས་ལོ་དུང་ཕྱུར1.8གོང་གི་ཉ་འབྲུག་གི་འགྱུར་རྡོ་ཞིག་རྙེད།
དབྱིན་ཇིས་ལོ་དུང་ཕྱུར1.8གོང་གི་ཉ་འབྲུག་གི་འགྱུར་རྡོ་ཞིག་རྙེད།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2022-01-12 09:15:37
ཀློག་གྲངས།:
དབྱིན་ཇིའི«མེ་ལོང་ཚགས་པར»ཐོག་ཚེས༡༠ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་གནའ་བོའི་སྐྱེ་དངོས་རིག་པ་མཁས་ཅན་གྱིས་དབྱིན་ཇིའི་དབུས་རྒྱུད་དུ་རྒྱལ་ནང་གི་ཉ་འབྲུག་གི་འགྱུར་རྡོ་ཆེ་ཤོས་དང་ཆ་ཚང་ཤོས་དེ་རྙེད་པ་དང་། འགྱུར་རྡོའི་མགོ་རུས་ཀྱི་ལྗིད་ཚད་ལ་ཏུན༡ཡོད་ལ། སྐྱེ་དངོས་རིག་པ་མཁས་ཅན་གྱིས་དབྱིན་ཇིའི་གནའ་བོའི་སྐྱེ་དངོས་རིག་པའི་ལོ་རྒྱུས་སྟེང་གི“ཆེས་རླབས་ཆེ་བའི་གསར་རྙེད”ཅེས་བརྗོད་བཞིན་ཡོད།
གནས་ཚུལ་སྤེལ་བར་གཞིགས་ན། དུས་རབས༢༠པའི་ལོ་རབས༧༠པར་མི་རྣམས་ཀྱིས་ལ་ཐེ་ལན་ཆུ་ཁོངས་ནས་ཉ་འབྲུག་གཉིས་ཀྱི་འགྱུར་རྡོ་རྙེད་མྱོང་ཡོད་མོད། འོན་ཀྱང་ཚང་མ་ཆ་མི་ཚང་ལ་གཟུགས་དབྱིབས་ཀྱང་ཅུང་ཆུང་། ད་ཐེངས་རྙེད་པའི་ཉ་འབྲུག་ནི་རུས་སྒྲོམ་ཆ་ཚང་་ཡིན་པ་དང་། ཉ་འབྲུག་དེ་ལོ་དུང་ཕྱུར༡.༨གོང་དུ་འཚོ་ལ། རུས་སྒྲོམ་གྱི་རིང་ཚད་ལ་ཕལ་ཆེར་སྨི༡༠ཙམ་ཡོད།

༢༠༢༡ལོའི་ཟླ༢པར། ལའེ་སི་ཐེ་ཅུན་དང་ལ་ཐེ་ལན་རི་སྐྱེས་སྲོག་ཆགས་ཡིད་རྟོན་མངགས་བཅོལ་ཐེབས་རྩའི་ཆའོ་ཏའེ་ཝུའེ་སི་ཡིས་ལ་ཐེ་ལན་ཆུ་ཁོངས་ཀྱི་མཚོ་འགྲམ་མཚེའུའི་གླིང་ཕྲན་ཞིག་ཏུ་ཆུ་ཕྱིར་ཕུད་སྐབས་འགྱུར་རྡོའི་སྒྲོམ་གཞི་འདི་རྙེད་ཅིང་། ༢༠༢༡ལོའི་ཟླ༨པ་ནས་ཟླ༩པའི་བར། དབྱིན་ཇིའི་ས་གནས་ཁག་ནས་ཡོང་བའི་གནའ་བོའི་སྐྱེ་དངོས་རིག་པ་མཁས་ཅན་གྱིས་ཆེད་མཁས་ཚོགས་ཆུང་བཙུགས་ནས། ཐུན་མོང་ཐོག་སྔོག་འདོན་ལས་དོན་བསྒྲུབས་པ་རེད། དབྱིན་ཇིའི་ལྷོ་སྣེའི་བརྟག་དཔྱད་ཅུས་ཀྱི་འབུམ་རམས་པ་མ་ཁེ•ཨའེ་ཝུན་སིས་བརྗོད་དོན། དེ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་གསར་རྙེད་ཅིག་ཡིན་པར་མ་ཟད། ལ་ཐེ་ལན་དང་མཐའ་འཁོར་ས་ཁུལ་གྱི་མི་དམངས་ཀྱི་ངོས་ནས་བརྗོད་ནའང་གལ་འགངས་ཧ་ཅང་ཆེན་པོ་རེད་ཅེས་བཤད།
དཔྱད་ཡིག་ལས་མངོན་པར། ཉ་འབྲུག་ནི་རྒྱ་མཚོའི་ནང་གི་ལྟོ་བགྲོད་སྲོག་ཆགས་ཤིག་ཡིན་པ་དང་། ཆེས་སྔ་ཤོས་ནི་ལོ་དུང་ཕྱུར༢.༥ཡི་ཡར་སྔོན་དུ་བྱུང་བ་ཡིན་པ་དང་། ལོ་ཁྲི༩༠༠༠ཡི་གོང་མེད་པར་གྱུར་ཡོད། ཉ་འབྲུག་གི་ཆེ་ཆུང་ལ་སྨི༡ནས་སྨི༢༥ཡན་ཡོད་ཅིང་། གཟུགས་དབྱིབས་ནི་མཚོ་ཕག་དང་འདྲ་ལ། ཕལ་ཆེར་དབྱིན་ཀེ་ལན་གྱི་མཐའ་འཁོར་གྱི་ཆུ་ཁོངས་དང་ནུབ་རྒྱ་མཚོ་ཆེན་པོའི་མཚོ་ཁོངས་སུ་གནས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།