ངོས་དང་པོ > རྒྱལ་སྤྱི། > གསར་འགྱུར་ཀུན་གླེང་། > མོ་ཞི་ཁོས“གོ་ལ་གཞན་གྱི་སྐྱེ་དངོས”འདྲ་བའི་ཕུང་རུས་གཉིས་ཕྱིར་སྟོན་བྱས།
མོ་ཞི་ཁོས“གོ་ལ་གཞན་གྱི་སྐྱེ་དངོས”འདྲ་བའི་ཕུང་རུས་གཉིས་ཕྱིར་སྟོན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-09-15 09:17:30
ཀློག་གྲངས།:
ས་གནས་དེ་གའི་དུས་ཚོད་ཚེས12ཉིན། མོ་ཞི་ཁོའི་གྲོས་ཚོགས་ཀྱིས“གང་ཡིན་མི་ཤེས་པའི་རྒྱུན་འགལ་སྣང་ཚུལ”དང་འབྲེལ་བ་ཡོད་པའི་ཡོངས་བསྒྲགས་དཔང་ཉན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། “གོ་ལ་གཞན་གྱི་སྐྱེ་དངོས”དང་འདྲ་པོ་ཡོད་པར་ངོས་འཛིན་བྱེད་པའི་ཕུང་རུས་གཉིས་འགྲེམས་སྟོན་བྱས་པ་རེད།
དེ་ཉིན་གྱི་དཔང་ཉན་ཚོགས་འདུའི་ཐོག མོ་ཞི་ཁོའི་གྲོས་ཚོགས་ཀྱིས“གོ་ལ་གཞན་གྱི་སྐྱེ་དངོས”དང་འདྲ་པོ་ཡོད་པའི་ཕུང་རུས་གཉིས་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱས་པ་རེད། ཕུང་རུས་དེ་གཉིས་ནི2017ལོར་ཕེ་རུ་ནས་རྙེད་པ་དང་ད་བར་ཁག་སོ་སོར་ལོ1800དང་ལོ700ཡོད། ཕུང་རུས་དེ་གཉིས་ཀྱི་མགོ་བོ་ཕྲ་ཞིང་རིང་ལ། ལག་པ་རེར་མཛུབ་མོ་གསུམ་རེ་ཡོད་ཅིང་། དེ་ལས་བླངས་པའིDNAལས་ཀྱང་དེ་གཉིས་ནི་མིའི་རིགས་མིན་པ་གསལ་པོར་མངོན་ཡོད་པ་རེད།
མིག་སྔར་ཕུང་རུས་དེ་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་ཞིབ་འཇུག་སྔར་ལས་ལྷག་པ་བྱ་དགོས། དཔང་ཉན་ཚོགས་འདུའི་ཐད་གཏོང་ལ་ལྟ་མཁན་མང་ཚོགས་ཀྱིས“ཕུང་རུས”དེ་གཉིས་བདེན་པ་ཡིན་མིན་ལ་དོགས་པ་འདུག་ཅེས་བསྟན་ཡོད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མོ་ཞི་ཁོ་ཕྱོགས་ཀྱིས་དཔང་ཉན་ཚོགས་འདུར་བརྟེན་ནས་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་འཆར་ཡོད་པས། རྒྱལ་ཁབ་དེ་ཉིད་གོ་ལ་ཧྲིལ་པོའི་ཐོག“གོ་ལ་གཞན་གྱི་སྐྱེ་དངོས”འཚོ་གནས་བྱས་པ་ཁས་ལེན་བྱེད་མཁན་གྱི་རྒྱལ་ཁབ་དང་པོ་དེར་འགྱུར་བཟོ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།