ངོས་དང་པོ > རྒྱལ་སྤྱི། > གསར་འགྱུར་ཀུན་གླེང་། > དེ་རིང་ཁྲེང་ཏུའུ་ནས་འཛམ་གླིང་ལུས་རྩལ་འགྲན་ཚོགས་འཚོག་རྒྱུ་རེད།
དེ་རིང་ཁྲེང་ཏུའུ་ནས་འཛམ་གླིང་ལུས་རྩལ་འགྲན་ཚོགས་འཚོག་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2025-08-07 08:43:17
ཀློག་གྲངས།:
ཟླ༨པའི་ཚེས༧ཉིན་ནས་ཟླ༨པའི་ཚེས༡༧ཉིན་བར། ༢༠༢༥ལོའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་སྤོས་ངད་ལྡན་པའི་གྲོང་ཁྱེར་ཁྲེང་ཏུའུ་ནས་འཚོག་རྒྱུ་ཡིན་ལ། འདི་ནི་ཀྲུང་གོའི་སྐམ་ས་ཆེན་པོ་ནས་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཚོགས་ཐེངས་དང་པོ་རེད།
འཛམ་གླིང་ལུས་རྩལ་འགྲན་ཚོགས་ནི་རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་མཐུན་ཚོགས་ཀྱིས་སྤེལ་བའི་རྒྱལ་སྤྱིའི་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཆེན་མོ་ཞིག་ཡིན་ལ། དེ་ནི་སྤྱི་ལོ༡༩༨༡ལོར་ཐེངས་དང་པོར་སྤེལ་བ་དང་། ལོ་བཞི་རེའི་མཚམས་སུ་ཐེངས་རེར་སྤེལ་བཞིན་ཡོད། དེ་ནི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཕུད་པའི་ཆུ་ཚད་ཆེས་མཐོ་བའི་རྒྱལ་སྤྱིའི་ཕྱོགས་འདུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པས། ཨོ་རྩལ་འགྲན་ཚོགས་དང་མཉམ་དུ་ཕན་ཚུན་སྐུལ་སྤེལ་དང་། ཕན་ཚུན་གསབ་རེས་བྱས་ནས། ཐུན་མོང་ཐོག་འཛམ་གླིང་ཁྱབ་ཁོངས་ནས་ལུས་རྩལ་འཕེལ་རྒྱས་དང་ཨོ་ལིན་ཕི་ཁེ་ཡི་སྙིང་སྟོབས་དར་སྤེལ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་བཟོ་བའི་བློ་སྐྱེད་ནི་ཀྲུང་གོའི་དོམ་ཁྲ་དང་པད་མ། ཀྲུང་གོའི་མདུད་པ་བཅས་ལས་བྱུང་བ་དང་། ཀྲུང་གོའི་དམར་མདོག་དང་། ཅིན་ཧྲ་ཡི་གསེར་མདོག སྤྱི་གླིང་གི་ལྗང་མདོག དོམ་ཁྲ་ཡི་ནག་མདོག གངས་རིའི་དཀར་མདོག་སོགས་ཀྱི་ཁ་དོག་གཙོ་བོར་བཟུང་ནས་གྲུབ་ཅིང་། དེ་ཡིས་ཨོ་ལིན་ཕི་ཁེ་ཡི་སྙིང་སྟོབས་དང་། ཀྲུང་གོའི་སྲོལ་རྒྱུན་གྱི་རིག་གནས་གྲུབ་ཆ། ཁྲེང་ཏུའུ་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཅས་འབུར་དུ་ཐོན་པ་བྱས་པས། མཐུན་སྒྲིལ་དང་གུ་ཡངས། སྣ་མང་རང་བཞིན་གྱི་རིན་ཐང་ལྟ་བ་ལེགས་པར་མཚོན་པ་རེད།
ལུས་རྩལ་འགྲན་ཚོགས་ཀྱི་འབོད་ཚིག་ནི་ལུས་རྩལ་ལ་རྫོགས་མཐའ་མེད། མཚར་སྡུག་གི་རྣམ་པས་ཁེངས་ཞེས་པ་དེ་རེད། དེ་ལས་ལུས་རྩལ་ལ་རྫོགས་མཐའ་མེད་ཅེས་པ་ཡིས་ལུས་རྩལ་པས་རང་ཉིད་ལ་འགྲན་སློང་དང་རང་ཉིད་ལ་ཐོད་བརྒལ་བྱེད་པའི་སྙིང་སྟོབས་མཚོན་པ་དང་། མཚར་སྡུག་གི་རྣམ་པས་ཁེངས་ཞེས་པ་ཡིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་སྲོལ་རྒྱུན་དང་དེང་རབས་མཆམ་མཐུན་མཉམ་གནས་ཀྱི་རྣམ་པ་དང་། བདེ་བའི་དཔལ་ལ་རོལ་བའི་འཚོ་བའི་སྤྲོ་སྣང་དང་བརྩོན་པ་དང་དུ་ལེན་པའི་ལུས་རྩལ་གྱི་སྙིང་སྟོབས་གཉིས་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གྲུབ་པ་མཚོན་པ་རེད།
༢༠༢༥ལོའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྟེང་དུ་ཁྱོན་བསྡོམས་རྩལ་འགྲན་རྣམ་གྲངས༣༤བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་དུ་བྲག་འཛེག་དང་དྲག་རྩལ། གླང་ཆེན་ས་བཤགས་སོགས་རྣམ་གྲངས་ཡོད་པར་མ་ཟད། ད་དུང་རྩལ་སྦྱོང་དང་། རང་མོས་དྲག་རྩལ་འགྲན་བསྡུར་སོགས་རྣམ་གྲངས་ཕུན་སུམ་ཚོགས་ཤིང་། འདི་ལྟ་བུའི་ངོ་མཚར་ཞིང་བལྟོས་བཅས་ཀྱིས་འགྲན་ཞུགས་པ་ཉུང་བའི་རྣམ་གྲངས་འདི་དག་ནི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་དགོངས་དོན་དང་མཐུན་པར་མ་ཟད། ཨོ་རྩལ་ཕུད་པའི་ལུས་རྩལ་རྣམ་གྲངས་ཀྱི་ཁ་གསབ་ཅིག་ཀྱང་ཡིན་པས། འཛམ་གླིང་གི་ལུས་རྩལ་རིག་གནས་འཕེལ་རྒྱས་ལ་སྐུལ་མ་གཏོང་ཐུབ་པ་རེད།
ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྤེལ་བའི་ཚུན་ནས་གཞི་ཁྱོན་ཆེས་ཆེ་བ་དང་། འགྲན་ཚན་ཆེས་མང་བའི་འགྲན་ཚོགས་ཤིག་ཡིན་ལ། འཐུས་ཚབ་ཚོགས་པ༤༨༩དང་། ལུས་རྩལ་པ༣༢༡ཡོད། རང་རྒྱལ་གྱིས་ཐེངས་དང་པོར་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་འགྲན་ཞུགས་ལ་མངགས་པར་མ་ཟད། ད་དུང་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་པ༢༩འགྲན་བསྡུར་ལ་ཞུགས་རྒྱུ་རེད།
འཛམ་གླིང་ལུས་རྩལ་འགྲན་ཚོགས་ནི་ཀུན་གྱིས་ཡུན་རིང་རེ་སྒུག་བྱེད་པའི་ལུས་རྩལ་གྱི་དགྱེས་འཛོམས་ཤིག་ཡིན་ཞིང་། ཕུལ་བྱུང་ལུས་རྩལ་པའི་རྩལ་བཟང་ངོམ་པ་དང་། རྒྱལ་སྤྱིའི་སྤེལ་རེས་ལ་སྐུལ་མ་བཏང་བ་བརྒྱུད་ནས། ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱིས་ཁྲེང་ཏུའུ་ཡི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་བཅས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུ་ཡིན་ལ། འགྲན་ཞུགས་པ་དང་ལྟད་མོ་བ་མ་ཟད། གྲོང་ཁྱེར་ཡོངས་ལ་རྫོགས་ལྡན་གསར་པའི་སྒོ་འཕར་འབྱེད་རྒྱུ་ཡིན་པས། འདི་ནི་ཁྲེང་ཏུའུ་ཡི་གཟི་བརྗིད་དང་། རྒྱལ་ཁབ་ཕྱི་ནང་ཡོངས་སུ་སྙན་པ་རྒྱས་པའི་ལུས་རྩལ་གྱི་དགྱེས་འཛོམས་ཤིག་ཏུ་འགྱུར་བར་ང་ཚོ་ཡིད་ཆེས་ཀྱིས་ཁེངས་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།