ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > བོད་ཀྱི་གོས་རྒྱན་རིག་གནས་སྐོར་གྱི་དེབ་གསར་གཉིས་འགྲེམ་སྤེལ་བྱས།
བོད་ཀྱི་གོས་རྒྱན་རིག་གནས་སྐོར་གྱི་དེབ་གསར་གཉིས་འགྲེམ་སྤེལ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2025-07-30 08:24:31
ཀློག་གྲངས།:
«བོད་ཀྱི་གོས་རྒྱན་རིག་གནས་ཚན་བསྟར་དཔེ་ཚོགས»ལས«བྲག་མགོའི་གོས་རྒྱན»དང«མི་ཉག་སྐོར་གྱི་གོས་རྒྱན»ཞེས་པའི་དེབ་གསར་གཉིས་འགྲེམ་སྤེལ་བྱས།
སྤྱི་ཟླ༧པའི་ཚེས༢༦ཉིན། དཀར་མཛེས་ཁུལ་བྲག་མགོ་རྫོང་གི་འོང་སྐོར་རིག་གནས་ཡུལ་སྐོར་བྱེད་སྒོའི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན་དེ་བྲག་མགོ་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་ཐོན་ལས་གླིང་དུ་བདེ་བླག་ངང་སྤེལ། བྱེད་སྒོའི་ཡུལ་དངོས་སུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གསར་དུ་པར་སྐྲུན་བྱས་པའི«བོད་ཀྱི་གོས་རྒྱན་རིག་གནས་ཚན་བསྟར་དཔེ་ཚོགས»ལས«བྲག་མགོའི་གོས་རྒྱན»དང«མི་ཉག་སྐོར་གྱི་གོས་རྒྱན»ཞེས་པའི་དེབ་གསར་གཉིས་འགྲེམ་སྤེལ་བྱས།

ཐེངས་འདིའི་དེབ་གསར་འགྲེམ་སྤེལ་ཚོགས་འདུའི་ཐོག་བྲག་མགོ་རྫོང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཧྲིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགན་འཛིན་གཞོན་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཐང་དབྱི། «བོད་ཀྱི་གོས་རྒྱན་རིག་གནས་ཚན་བསྟར་དཔེ་ཚོགས»ཀྱི་རྩོམ་པ་པོའི་འཐུས་ཚབ་པ་ཚུལ་བློ་བཅས་ཀྱིས་དེབ་གསར་གྱི་རིན་ཐང་དང་དོན་སྙིང་། རྩོམ་སྒྲིག་གི་གནས་ཚུལ། དེབ་གསར་གྱི་ཁྱད་ཆོས་སོགས་ཀྱི་ཐད་ནས་ངོ་སྤྲོད་དང་གསལ་བཤད་གནང་ཞིང་། འབྲེལ་ཡོད་ཆེད་མཁས་པ་དང་དཔེ་དེབ་རྩོམ་སྒྲིག་ཚན་ཆུང་། དཔེ་སྐྲུན་ཁང་གི་སྐུ་ཚབ་སོགས་དེབ་གསར་འགྲེམ་སྤེལ་བྱེད་སྒོར་ཞུགས་པ་རེད།

«བོད་ཀྱི་གོས་རྒྱན་རིག་གནས་ཚན་བསྟར་དཔེ་ཚོགས»ཞེས་པ་འདི་ལ་མཚོན་ན་བསིལ་ལྡན་ཁ་བའི་ལྗོངས་སུ་གོས་རྒྱན་རིག་གནས་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པ་ཞིག་གནས་ཡོད་པ་དེའི་རིག་གནས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ། ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བ་དམིགས་ཡུལ་དུ་བཟུང་ཞིང་། འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་དང་ཆེད་མཁས་པའི་མཛུབ་སྟོན་འོག་ནས། རིགས་ལམ་ཁ་གསལ་བ་དང་། ནང་དོན་འཐུས་ཚང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ལམ་ནས་རྩོམ་སྒྲིག་གི་ལས་ལ་ཞུགས་ཤིང་། ཁྱད་པར་དུ་པར་རིས་གཉིས་ཀྱི་ལམ་ནས་བོད་ཀྱི་སྲོལ་རྒྱུན་གོས་རྒྱན་གྱི་རིགས་དང་རྣམ་པ། ཁྱད་ཆོས་སོགས་གསལ་བོར་བསྟན་པའི་ལས་ལ་ཞུགས་དང་འཇུག་བཞིན་ཡོད།
བྱེ་བྲག་ཏུ་ཐེངས་འདིར་དངོས་སུ་འགྲེམ་སྤེལ་བྱས་པའི«བྲག་མགོའི་གོས་རྒྱན»དང«མི་ཉག་སྐོར་གྱི་གོས་རྒྱན»ནི«བོད་ཀྱི་གོས་རྒྱན་རིག་གནས་ཚན་བསྟར་དཔེ་ཚོགས»ལས་དངོས་སུ་པར་སྐྲུན་བྱས་པའི་དེབ་ཐོག་མ་གཉིས་ཡིན་ལ། གཙོ་བོ་བྲག་མགོ་རྫོང་དང་མི་ཉག་ཡུལ་གྱི་བོད་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གོས་རྒྱན་དམིགས་སུ་བཟུང་ནས་རྩོམ་སྒྲིག་བྱས་ཤིང་། དྭངས་གསལ་གྱི་པར་རིས་དང་། རྒྱ་བོད་དབྱིན་གསུམ་གྱི་ཡི་གེའི་ལམ་ནས་ས་གནས་དེའི་གོས་རྒྱན་གྱི་རྣམ་པ་དང་བཟོ་རྩལ་སོགས་ངོ་སྤྲོད་ཁ་གསལ་གོ་བདེ་ཞིག་གནང་ཡོད་ལ། དེའི་ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཀྱི་ཁྱད་ཆོས་སོགས་ལ་གང་ཐུབ་ཀྱིས་འགྲེལ་བཤད་བྱས་པས། དེ་ནི་བོད་ཀྱི་རྒྱན་གོས་རིག་གནས་ལ་དུང་བ་ཡོད་པའི་ཀློག་པ་པོ་རྣམས་ཀྱིས་བྲག་མགོ་རྫོང་དང་མི་ཉག་ཡུལ་གྱི་གོས་རྒྱན་རིག་གནས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ངམ་གསེར་ཟམ་ལྟ་བུ་ཞིག་ཏུ་གྱུར་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མ་འོངས་པར་མུ་མཐུད་དེ་ས་ཁོངས་དང་ཡུལ་ལུང་གི་ཚབ་མཚོན་རང་བཞིན་ལྡན་པའི་གོས་རྒྱན་གཞིར་བཟུང་ནས་དཔེ་ཚོགས་འདི་རྩོམ་སྒྲིག་དང་པར་སྐྲུན་བྱེད་འཆར་ཡོད་ཅིང་། འདི་ནི་བོད་ཀྱི་གོས་རྒྱན་རིག་གནས་དེ་ངག་ཐོག་ནས་ཡིག་ཐོག་དང་། བཤམས་སྟོན་ནས་ཞིབ་འཇུག་གི་ཕྱོགས་སུ་གོམ་ཁ་སྤོ་བའི་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་ཡོངས་དང་། མི་རིགས་སོ་སོའི་མི་དམངས་ཀྱིས་བོད་ཀྱི་གོས་རྒྱན་རིག་གནས་ལ་ཅུང་ཆ་ཚང་བའི་སྒོ་ནས་རྒྱུས་ལོན་བྱེད་པར་མཐུན་རྐྱེན་གང་ལེགས་བསྐྲུན་དང་སྐྲུན་བཞིན་ཡོད་པས། ང་ཚོས་ཀྱང་མུ་མཐུད་དེ་མིག་ཀེམ་ཀེམ་དང་རྣ་ཀྲོང་ཀྲོང་གིས་མཛད་བཟང་འདི་ལ་རེ་སྒུག་བྱ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།