བདའ་ཚང་སྙེམས་གྲོལ་གྱི་སྙན་ཚོམ་ཞིག
རྩོམ་པ་པོ།:བདའ་ཚང་སྙེམས་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-07-29 08:05:24
ཀློག་གྲངས།:
མངའ་རིས། ནམ་མཁའི་མཐའ་ན་འདུག(སྙན་ཚོམ)
བདའ་ཚང་སྙེམས་གྲོལ།
ཀ ལམ་བར་གྱི་མཐོང་སྣང་།
གངས་རི་མཛོ་ཕོ་ཁྲ་ཁྲ་ཉལ་འདྲ་མཐོང་།།
རི་བོ་བན་ཆུང་ཕྱམ་ཙེ་གྱོན་འདྲ་སྣང་།།
ངམ་ཐང་དགུ་ཚིགས་སྐྱ་མོ་ལྷུང་འདྲ་འདུག།།
ཆུ་བོ་རྩ་རྒྱུས་སྟོང་ཕྲག་གྱེས་འདྲ་གདའ།།
རྐྱང་ཆུང་རྣ་བ་རུབ་སེ་རྩྭ་ལ་གཡེང་།།
རྩྭ་རྩེ་ཉི་མས་བསྒོགས་པའི་རྣོ་སོ་གཟེངས།།
གཉིས་གཅིག་དགུ་ཡི་གཞུང་ལམ་སྣུམ་ཡུག་གེ།
ས་གཞིའི་ཟེ་བར་བརྐྱངས་པ་མངའ་རིས་རེད།།
འདི་ནས་ཉི་མའི་མར་ལྟང་ཟད་པ་མེད།།
འདི་ནས་ལྷགས་པའི་འདུར་རྒྱུགས་ཆད་པ་མེད།།
འདི་ནས་རྨ་བྱའི་རྒྱན་གོས་རྙིང་བ་མེད།།
འདི་ནས་མེས་པོའི་ཞབས་རྗེས་ཡལ་བ་མེད།།
༢༠༢༤.༧.༡༦འབྲོང་པ་རུ་བྲིས།
ཁ། གངས་རིན་པོ་ཆེ།
གངས་ཀྱི་སྣང་བརྙན་ནམ་མཁའི་ཡ་གི་ནས།།
གློ་བུར་མཐོང་བས་ལུས་སེམས་རྐྱ་ཞིག་སྟེ།།
ཅི་ཡང་བྱར་མེད་ཐོ་ཡོར་བཞིན་དུ་ལུས།།
ལུས་སེམས་གཉིས་ཀྱི་འདུ་འཛི་རེ་ཞིག་འཇགས།།
གངས་རིའི་ན་བཟའ་སུལ་མོ་ཀྲིག་གེ་འདུག།།
སུལ་མོའི་ནང་ན་བེང་གི་ཐག་རྗེས་འདུག།།
འདི་ནས་བྱ་བཞིན་ལྡིང་བའི་མི་ལ་དྲན།།
འདི་ནས་རྔ་བཞིན་འདྲིལ་བའི་བོན་ཆུང་དྲན།།
ཇུ་བོའི་འདམ་ལ་གྲུབ་པའི་ཞབས་རྗེས་ལྷུང་།།
ད་ལྟ་སྲ་མཁྲེགས་རྡོ་ཡི་རིས་སུ་འདུག།།
གངས་ཀྱི་འདབ་མ་གཏུམ་མོའི་མེ་ལ་ལྡེས།།
ད་ལྟ་བྲག་དང་སྐྱིབས་ལ་བརྫུས་ནས་འདུག།།
ཁྱེད་ཉིད་བསྐལ་བའི་རླུང་ལ་བཅིབས་ནས་འོངས།།
བདེ་སྡུག་ཆུ་རིས་སྣ་ཚོགས་གཟིགས་ནས་འོངས།།
ཀེར་རེར་འགྲེང་བའི་སྐུ་ཟིལ་མི་བཟོད་དོ།།
ཧྲེང་ངེར་ལངས་པའི་བརྟན་ཆ་མི་ཤིགས་སོ།།
གློ་བུར་མཐོང་བས་ལུས་སེམས་རྐྱ་ཞིག་སྟེ།།
ཅི་ཡང་བྱར་མེད་ཐོ་ཡོར་བཞིན་དུ་ལུས།།
ལུས་སེམས་གཉིས་ཀྱི་འདུ་འཛི་རེ་ཞིག་འཇགས།།
གངས་རིའི་ན་བཟའ་སུལ་མོ་ཀྲིག་གེ་འདུག།།
སུལ་མོའི་ནང་ན་བེང་གི་ཐག་རྗེས་འདུག།།
འདི་ནས་བྱ་བཞིན་ལྡིང་བའི་མི་ལ་དྲན།།
འདི་ནས་རྔ་བཞིན་འདྲིལ་བའི་བོན་ཆུང་དྲན།།
ཇུ་བོའི་འདམ་ལ་གྲུབ་པའི་ཞབས་རྗེས་ལྷུང་།།
ད་ལྟ་སྲ་མཁྲེགས་རྡོ་ཡི་རིས་སུ་འདུག།།
གངས་ཀྱི་འདབ་མ་གཏུམ་མོའི་མེ་ལ་ལྡེས།།
ད་ལྟ་བྲག་དང་སྐྱིབས་ལ་བརྫུས་ནས་འདུག།།
ཁྱེད་ཉིད་བསྐལ་བའི་རླུང་ལ་བཅིབས་ནས་འོངས།།
བདེ་སྡུག་ཆུ་རིས་སྣ་ཚོགས་གཟིགས་ནས་འོངས།།
ཀེར་རེར་འགྲེང་བའི་སྐུ་ཟིལ་མི་བཟོད་དོ།།
ཧྲེང་ངེར་ལངས་པའི་བརྟན་ཆ་མི་ཤིགས་སོ།།
༢༠༢༤.༧.༡༧ སྤུ་ཧྲེང་དུ་བྲིས།
ག མ་ཕམ་གཡུ་མཚོ།
ནམ་མཁའི་དར་ཟབ་སྔོན་པོ་སྤྲུགས་པའི་རྡུལ།།
ས་གཞིའི་ཟེ་བར་བྱེར་བ་མ་ཕམ་མཚོ།།
གཡུ་ཡི་མདངས་སུ་བརྫུས་པ་མཐོང་བའི་ཚེ།།
ལྕེ་རྩེའི་བྲག་ཆ་དར་ཅིག་འགག་པར་གྱུར།།
སད་མ་ཀར་གྱི་ཁེར་འགྲོས་ཆུ་བརྙན་ལ།།
ཤར་བ་རླབས་རིས་ཕྲ་མོས་ཡུལ་ལུ་ལུ།།
བསྒུལ་ཚེ་བདག་སེམས་གསེར་གྱི་ངང་བ་མོ།།
རླབས་ཀྱི་སྒང་གཤོང་ཕྱེས་པའི་མཚམས་ནས་སྐྱོ།།
གཡུ་ཡི་སྤྲིས་མ་ཧྲུག་གེ་ཆགས་པ་ལ།།
གསེར་གྱི་ངང་ཆུང་ཉིལ་ལེ་འབབ་པ་མཐོང་།།
འདི་ནས་གདོང་གི་རྫུ་བག་གཙང་མར་བཀྲུས།།
རང་ཉིད་རྗེན་པ་ཆུ་ཁའི་བརྙན་ལས་རྙེད།།
ས་གཞིའི་ཟེ་བར་བྱེར་བ་མ་ཕམ་མཚོ།།
གཡུ་ཡི་མདངས་སུ་བརྫུས་པ་མཐོང་བའི་ཚེ།།
ལྕེ་རྩེའི་བྲག་ཆ་དར་ཅིག་འགག་པར་གྱུར།།
སད་མ་ཀར་གྱི་ཁེར་འགྲོས་ཆུ་བརྙན་ལ།།
ཤར་བ་རླབས་རིས་ཕྲ་མོས་ཡུལ་ལུ་ལུ།།
བསྒུལ་ཚེ་བདག་སེམས་གསེར་གྱི་ངང་བ་མོ།།
རླབས་ཀྱི་སྒང་གཤོང་ཕྱེས་པའི་མཚམས་ནས་སྐྱོ།།
གཡུ་ཡི་སྤྲིས་མ་ཧྲུག་གེ་ཆགས་པ་ལ།།
གསེར་གྱི་ངང་ཆུང་ཉིལ་ལེ་འབབ་པ་མཐོང་།།
འདི་ནས་གདོང་གི་རྫུ་བག་གཙང་མར་བཀྲུས།།
རང་ཉིད་རྗེན་པ་ཆུ་ཁའི་བརྙན་ལས་རྙེད།།
༢༠༢༤.༧.༡༦སྤུ་ཧྲེང་དུ་བྲིས།
ང་། གུ་གེ་མཁར་ཤུལ།
ཀེར་རེར་འགྲེང་བའི་རྫོང་གོག་མཐོང་བའི་ཚེ།།
སྐར་མདར་ཡལ་བའི་གསེར་གྱི་རྒྱལ་རབས་དྲན།།
ཆར་ཆུས་འཇིག་པའི་ལྡེབས་རིས་མཇལ་བའི་ཚེ།།
སྦ་དབྱུག་ཐོགས་པའི་ལོ་པཎ་རིམ་བྱོན་དྲན།།
ཤོན་ཆས་སྤྲས་པའི་མི་རབས་བྱེ་མར་གཟིམས།།
ཞང་སྐད་འདྲེས་པའི་ཤོན་ཚིག་བྲག་ཆར་ཡལ།།
མི་རྒན་བརྒྱད་ཅུའི་གུག་རྩིས་གང་དུ་ཁྱེར།།
དངུལ་མིག་ཅན་གྱི་བཟོ་རྩལ་སུ་ལ་བྱིན།།
རང་ཤ་རང་གི་ལུས་ཀྱི་དགྲ་རུ་ལྡང་།།
རང་སྐེ་རང་གི་རལ་གྲིའི་སོ་ལས་ལྷུང་།།
སྐྱི་བུང་བུང་གི་ཡིག་ཚང་ཁ་བསུམས་ཀྱང་།།
དམར་ཙར་ཙར་གྱི་ཁྲག་རྗེས་མིག་ལ་གཟན།།
འདི་ནས་ཁྲག་གིས་ཕྱུངས་པའི་འོབས་རིང་མཐོང་།།
འདི་ནས་བྱེ་མས་སྦས་པའི་རུས་གོག་རྙེད།།
བྱེ་རིས་ཤིག་ཤིག་ཁྲོད་ཀྱི་རྒྱལ་རབས་དེ།།
སླར་ཡང་བྱེ་རིས་ཤིག་ཤིག་ཁྲོད་དུ་ཡལ།།
སྐར་མདར་ཡལ་བའི་གསེར་གྱི་རྒྱལ་རབས་དྲན།།
ཆར་ཆུས་འཇིག་པའི་ལྡེབས་རིས་མཇལ་བའི་ཚེ།།
སྦ་དབྱུག་ཐོགས་པའི་ལོ་པཎ་རིམ་བྱོན་དྲན།།
ཤོན་ཆས་སྤྲས་པའི་མི་རབས་བྱེ་མར་གཟིམས།།
ཞང་སྐད་འདྲེས་པའི་ཤོན་ཚིག་བྲག་ཆར་ཡལ།།
མི་རྒན་བརྒྱད་ཅུའི་གུག་རྩིས་གང་དུ་ཁྱེར།།
དངུལ་མིག་ཅན་གྱི་བཟོ་རྩལ་སུ་ལ་བྱིན།།
རང་ཤ་རང་གི་ལུས་ཀྱི་དགྲ་རུ་ལྡང་།།
རང་སྐེ་རང་གི་རལ་གྲིའི་སོ་ལས་ལྷུང་།།
སྐྱི་བུང་བུང་གི་ཡིག་ཚང་ཁ་བསུམས་ཀྱང་།།
དམར་ཙར་ཙར་གྱི་ཁྲག་རྗེས་མིག་ལ་གཟན།།
འདི་ནས་ཁྲག་གིས་ཕྱུངས་པའི་འོབས་རིང་མཐོང་།།
འདི་ནས་བྱེ་མས་སྦས་པའི་རུས་གོག་རྙེད།།
བྱེ་རིས་ཤིག་ཤིག་ཁྲོད་ཀྱི་རྒྱལ་རབས་དེ།།
སླར་ཡང་བྱེ་རིས་ཤིག་ཤིག་ཁྲོད་དུ་ཡལ།།
༢༠༢༤.༧.༡༨རྩ་མདའ་རུ་བྲིས།
ཅ། མཐོ་ལྡིང་གསེར་གྱི་ལྷ་ཁང་།
ཆུ་བོ་གང་གཱས་གསེར་གྱི་བྱེ་མ་བརྡལ།།
མཐོ་ལྡིང་ཁང་དམར་བྱུ་རུའི་ལྷུན་པོར་སྐྱེས།།
ལྕགས་རི་དམར་པོའི་ནང་ན་ལྷུན་ཆགས་པའི།།
གསེར་གྱི་ལྷ་ཁང་རྒྱང་ནས་ཡོང་སྟེ་མཇལ།།
ཇོ་བོ་དབུ་ཞྭ་རྒྱང་ངེ་ཆིབས་ལས་བཤོལ།།
ལོ་ཆེན་བགྲེས་ཉམས་བཞེས་བཞིན་ཆིབས་ཁ་འཛིན།།
སྔར་བྱུང་ལོ་རྒྱུས་གཟུགས་བརྙན་བཞིན་དུ་མཐོང་།།
མིག་གི་རྩྭ་རྩེས་ཟིལ་བ་འཛིན་དགོས་བྱུང་།།
མངའ་བདག་རྩེ་ལྡེས་མེ་འབྲུག་ཆོས་འཁོར་བསྐུལ།།
སྡེ་སྣོད་འཛིན་པ་ཕལ་ཆེར་འུབས་ཀྱིས་འདུས།།
རྭ་ལོ་གཉན་ལོ་ཁྱུང་པོ་ཆོས་བརྩོན་གྱི།།
རྒྱབ་གཟུགས་འདི་ནས་ཁ་ཆེའི་ཡུལ་དུ་ཡལ།།
ཚོན་རྩི་བྱུགས་པའི་མཆོད་རྟེན་ཁྲ་བོང་ངེ་།།
བྱེ་མ་སྐྱ་བོར་བཀྲག་མདངས་གཞན་ཞིག་སྟེར།།
མཐིང་ཤོག་སྔོན་པོའི་ཡིག་རྙིང་སེར་ལམ་མེ།།
ལོ་རྒྱུས་རྒན་པོར་སྨ་ར་གཞན་ཞིག་སྩོལ།།
འདི་ནས་དགེ་སྡིག་སྐུད་པ་དཀར་ནག་གིས།།
དྲུབ་པའི་བྱ་བཞག་སྣ་ཚོགས་བློས་བཏང་སྟེ།།
བྱང་ཆུབ་ལམ་སྒྲོན་སྐད་ལ་བརྒྱབ་ནས་བསྐྱར།།
རང་སེམས་ཀོ་གྱོང་ཆུ་ལ་ཅུང་ཟད་སྣེམ།།
མཐོ་ལྡིང་ཁང་དམར་བྱུ་རུའི་ལྷུན་པོར་སྐྱེས།།
ལྕགས་རི་དམར་པོའི་ནང་ན་ལྷུན་ཆགས་པའི།།
གསེར་གྱི་ལྷ་ཁང་རྒྱང་ནས་ཡོང་སྟེ་མཇལ།།
ཇོ་བོ་དབུ་ཞྭ་རྒྱང་ངེ་ཆིབས་ལས་བཤོལ།།
ལོ་ཆེན་བགྲེས་ཉམས་བཞེས་བཞིན་ཆིབས་ཁ་འཛིན།།
སྔར་བྱུང་ལོ་རྒྱུས་གཟུགས་བརྙན་བཞིན་དུ་མཐོང་།།
མིག་གི་རྩྭ་རྩེས་ཟིལ་བ་འཛིན་དགོས་བྱུང་།།
མངའ་བདག་རྩེ་ལྡེས་མེ་འབྲུག་ཆོས་འཁོར་བསྐུལ།།
སྡེ་སྣོད་འཛིན་པ་ཕལ་ཆེར་འུབས་ཀྱིས་འདུས།།
རྭ་ལོ་གཉན་ལོ་ཁྱུང་པོ་ཆོས་བརྩོན་གྱི།།
རྒྱབ་གཟུགས་འདི་ནས་ཁ་ཆེའི་ཡུལ་དུ་ཡལ།།
ཚོན་རྩི་བྱུགས་པའི་མཆོད་རྟེན་ཁྲ་བོང་ངེ་།།
བྱེ་མ་སྐྱ་བོར་བཀྲག་མདངས་གཞན་ཞིག་སྟེར།།
མཐིང་ཤོག་སྔོན་པོའི་ཡིག་རྙིང་སེར་ལམ་མེ།།
ལོ་རྒྱུས་རྒན་པོར་སྨ་ར་གཞན་ཞིག་སྩོལ།།
འདི་ནས་དགེ་སྡིག་སྐུད་པ་དཀར་ནག་གིས།།
དྲུབ་པའི་བྱ་བཞག་སྣ་ཚོགས་བློས་བཏང་སྟེ།།
བྱང་ཆུབ་ལམ་སྒྲོན་སྐད་ལ་བརྒྱབ་ནས་བསྐྱར།།
རང་སེམས་ཀོ་གྱོང་ཆུ་ལ་ཅུང་ཟད་སྣེམ།།
༢༠༢༤.༧.༡༨རྩ་མདའ་རུ་བྲིས།
ཆ། ཁྭ་ཆར་གཙུག་ལག་ཁང་།
གུར་ལ་བརྒྱབ་ནས་སྤུ་ཧྲེང་ཕྱོགས་སུ་སོང་།།
གངས་རི་གནས་མོ་སྣ་གཉིས་དགུང་ནས་མཐོང་།།
སྐུ་མཁར་ཉི་བཟུངས་བྲག་རྩེ་ཡ་གི་ནས།།
ཀེར་རེར་འགྲེང་བ་མཇལ་ལམ་མཇལ་ལམ་སྙམ།།
དགོན་དང་གྲོང་ཚོ་གྲ་བསྡེབས་འཛུགས་བསྐྲུན་གྱི།།
བར་ནས་ཁྭ་ཆར་གཙུག་ལག་ཁང་ལ་མཇལ།།
དངུལ་སྐུ་མཆེད་གསུམ་བྱིན་རླབས་ཐིབས་སེ་བཞུགས།།
སྒྲོལ་མ་ཆུ་ལྡོག་ཞལ་འཛུམ་ཤིག་གེ་བཞུགས།།
གར་ལོག་སྐྱ་དམག་རྦབ་བཞིན་ཆད་དུས་སུ།།
ཇོ་བོས་གསུང་བྱོན་སྡིག་ཅན་ཚེ་དུས་བྱས།།
གཙང་སྨྱོན་འོད་གསལ་གཉིད་ལ་ཡུར་དུས་སུ།།
ཇོ་བོས་སྐུ་རྒྱབ་བྱད་གཏད་འདོན་པར་བསྐུལ།།
འདི་ནས་སེམས་ཀྱི་ངང་རྒྱུད་ལྷོད་ཤིག་ཤིག།།
ཇོ་བོའི་སྐུ་ལ་གསོལ་བ་འདེབས་རྒྱུ་བྱུང་།།
འདི་ནས་དགེ་སེམས་གློག་འགྱུའི་འོད་སྣང་ཙམ།།
སེམས་ཀྱི་གཅོང་རོང་ནང་ལ་འཁྱུག་རྒྱུ་བྱུང་།།
གངས་རི་གནས་མོ་སྣ་གཉིས་དགུང་ནས་མཐོང་།།
སྐུ་མཁར་ཉི་བཟུངས་བྲག་རྩེ་ཡ་གི་ནས།།
ཀེར་རེར་འགྲེང་བ་མཇལ་ལམ་མཇལ་ལམ་སྙམ།།
དགོན་དང་གྲོང་ཚོ་གྲ་བསྡེབས་འཛུགས་བསྐྲུན་གྱི།།
བར་ནས་ཁྭ་ཆར་གཙུག་ལག་ཁང་ལ་མཇལ།།
དངུལ་སྐུ་མཆེད་གསུམ་བྱིན་རླབས་ཐིབས་སེ་བཞུགས།།
སྒྲོལ་མ་ཆུ་ལྡོག་ཞལ་འཛུམ་ཤིག་གེ་བཞུགས།།
གར་ལོག་སྐྱ་དམག་རྦབ་བཞིན་ཆད་དུས་སུ།།
ཇོ་བོས་གསུང་བྱོན་སྡིག་ཅན་ཚེ་དུས་བྱས།།
གཙང་སྨྱོན་འོད་གསལ་གཉིད་ལ་ཡུར་དུས་སུ།།
ཇོ་བོས་སྐུ་རྒྱབ་བྱད་གཏད་འདོན་པར་བསྐུལ།།
འདི་ནས་སེམས་ཀྱི་ངང་རྒྱུད་ལྷོད་ཤིག་ཤིག།།
ཇོ་བོའི་སྐུ་ལ་གསོལ་བ་འདེབས་རྒྱུ་བྱུང་།།
འདི་ནས་དགེ་སེམས་གློག་འགྱུའི་འོད་སྣང་ཙམ།།
སེམས་ཀྱི་གཅོང་རོང་ནང་ལ་འཁྱུག་རྒྱུ་བྱུང་།།
༢༠༢༤.༧.༡༩སྤུ་ཧྲེང་དུ་བྲིས།
ཇ། བཤད་འཕེལ་གླིང་།
ལྔ་པ་ཆེན་མོའི་བཀའ་ལྟར་མོང་གོལ་གྱི།།
རྒྱལ་རྒྱུད་དུ་སྐྱེས་དགའ་ལྡན་ཚེ་དབང་གིས།།
མདུང་རྩེ་སྟོད་ལ་གཏད་པའི་སྡིག་བཤགས་སུ།།
སྟག་ལ་མཁར་དུ་དགོན་འདི་བཏབ་པར་བཤད།།
འདི་ནས་ལྔ་པ་ཆེན་མོའི་སྐུ་བརྙན་མཐོང་།།
ཞལ་སྤུའི་ཁྱུང་རུ་དིང་ངེ་ཚུར་གཟིགས་པས།།
མགོ་བོ་ཅུང་ཟད་སྨད་ནས་ལྟ་དགོས་བྱུང་།།
སེམས་ཁ་ཅུང་ཟད་འཚབ་བཞིན་མཇལ་དགོས་བྱུང་།།
ལ་དྭགས་སླེལ་གྱི་ཕོ་བྲང་འདར་བྱེད་ཅིང་།།
པ་ཆའི་སྐྱ་དམག་སྲན་ཕུང་བཞིན་དུ་གཏོར།།
སེང་གེ་ལྟར་འཕྱོ་དགའ་ལྡན་ཚེ་དབང་ཡང་།།
ད་ལྟ་གདུང་རྟེན་ནང་དུ་གཟིམས་ནས་འདུག།།
འདི་ནས་རྨ་བྱ་ཁ་འབབ་བག་མ་བཞིན།།
རྒྱང་རིང་ཡུལ་དུ་འབབ་པའི་རྒྱབ་གཟུགས་མཐོང་།།
འདི་ནས་སྔར་ཚུལ་ལོ་རྒྱུས་རྡུལ་འཚུབ་བཞིན།།
རེས་འཐིབས་རེས་འགར་དྭངས་ནས་ཡལ་བ་མཐོང་།།
རྒྱལ་རྒྱུད་དུ་སྐྱེས་དགའ་ལྡན་ཚེ་དབང་གིས།།
མདུང་རྩེ་སྟོད་ལ་གཏད་པའི་སྡིག་བཤགས་སུ།།
སྟག་ལ་མཁར་དུ་དགོན་འདི་བཏབ་པར་བཤད།།
འདི་ནས་ལྔ་པ་ཆེན་མོའི་སྐུ་བརྙན་མཐོང་།།
ཞལ་སྤུའི་ཁྱུང་རུ་དིང་ངེ་ཚུར་གཟིགས་པས།།
མགོ་བོ་ཅུང་ཟད་སྨད་ནས་ལྟ་དགོས་བྱུང་།།
སེམས་ཁ་ཅུང་ཟད་འཚབ་བཞིན་མཇལ་དགོས་བྱུང་།།
ལ་དྭགས་སླེལ་གྱི་ཕོ་བྲང་འདར་བྱེད་ཅིང་།།
པ་ཆའི་སྐྱ་དམག་སྲན་ཕུང་བཞིན་དུ་གཏོར།།
སེང་གེ་ལྟར་འཕྱོ་དགའ་ལྡན་ཚེ་དབང་ཡང་།།
ད་ལྟ་གདུང་རྟེན་ནང་དུ་གཟིམས་ནས་འདུག།།
འདི་ནས་རྨ་བྱ་ཁ་འབབ་བག་མ་བཞིན།།
རྒྱང་རིང་ཡུལ་དུ་འབབ་པའི་རྒྱབ་གཟུགས་མཐོང་།།
འདི་ནས་སྔར་ཚུལ་ལོ་རྒྱུས་རྡུལ་འཚུབ་བཞིན།།
རེས་འཐིབས་རེས་འགར་དྭངས་ནས་ཡལ་བ་མཐོང་།།
༢༠༢༤.༧.༡༩སྤུ་ཧྲེང་དུ་བྲིས།
ཉ། གངས་རི་གཡུང་དྲུང་བྱེ་མ།
དུས་བཞི་དབྱེར་མེད་ཁ་བའི་ཕྱིང་ཞྭ་གྱོན།།
སྤྲིན་དང་སྨུག་པའི་ན་བཟའ་གསོལ་ནས་འདུག།།
བགྲེས་པོ་ཞིག་དང་འདྲ་བར་ཚུར་གཟིགས་པ།།
གངས་རི་བྱེ་མ་གཡུང་དྲུང་ལམ་ནས་མཐོང་།།
འདི་ནས་སྐྱིད་ལྡེ་ཉི་མ་མགོན་དྲན་བྱུང་།།
བློན་པོ་གཉིས་ཀྱིས་སྐྱེལ་མ་བྱེད་པ་དྲན།།
དྲེལ་དང་སྤྱང་ཐུལ་ཕུལ་ནས་ངུས་པ་དྲན།།
ཉ་དང་སྒོ་ང་བཏུས་ནས་གསོལ་བ་དྲན།།
ལོ་ཟླའི་ཕ་མཐར་ཡལ་བའི་གཟུགས་བརྙན་ཞིག།།
འདི་ལྟར་དྲན་པའི་ལྡེབས་ནས་རྙེད་པའི་ཚེ།།
མིག་གི་ལྕིབས་ལ་བཟུང་བའི་ཆུ་ཐིགས་འདི།།
ཤུགས་ཀྱིས་བཟུང་ཡང་རང་དབང་མེད་པར་ཟགས།།
སྤྲིན་དང་སྨུག་པའི་ན་བཟའ་གསོལ་ནས་འདུག།།
བགྲེས་པོ་ཞིག་དང་འདྲ་བར་ཚུར་གཟིགས་པ།།
གངས་རི་བྱེ་མ་གཡུང་དྲུང་ལམ་ནས་མཐོང་།།
འདི་ནས་སྐྱིད་ལྡེ་ཉི་མ་མགོན་དྲན་བྱུང་།།
བློན་པོ་གཉིས་ཀྱིས་སྐྱེལ་མ་བྱེད་པ་དྲན།།
དྲེལ་དང་སྤྱང་ཐུལ་ཕུལ་ནས་ངུས་པ་དྲན།།
ཉ་དང་སྒོ་ང་བཏུས་ནས་གསོལ་བ་དྲན།།
ལོ་ཟླའི་ཕ་མཐར་ཡལ་བའི་གཟུགས་བརྙན་ཞིག།།
འདི་ལྟར་དྲན་པའི་ལྡེབས་ནས་རྙེད་པའི་ཚེ།།
མིག་གི་ལྕིབས་ལ་བཟུང་བའི་ཆུ་ཐིགས་འདི།།
ཤུགས་ཀྱིས་བཟུང་ཡང་རང་དབང་མེད་པར་ཟགས།།
༢༠༢༤.༧.༢༠འབྲོང་པ་རུ་བྲིས།
ཏ། གུང་ཐང་སྐྱ་རྔ་རྩ།
གུང་ཐང་ལ་མོ་བརྒྱབ་ནས་མར་མར་བབས།།
ལུང་པའི་ཆུ་དང་བསྡེབས་ནས་མར་མར་བབས།།
སྐྱ་རྔ་རྩ་ལ་ཐོན་དུས་ཉི་འོད་ཀྱིས།།
མིག་འཛུམ་ཤིག་ཤིག་ཕ་གིའི་རི་ནས་ལྟ།།
ས་ཞིང་ལག་ངར་ཙམ་ཞིག་སྟོན་པ་དེ།།
ཞིང་ཆུང་འོར་མ་གྲུ་གསུམ་ཡིན་པར་འཆད།།
མཁར་ཤུལ་རོ་མ་ཙམ་ཞིག་མཐོང་བ་དེ།།
ཁང་བ་ཀ་བཞི་གདུང་བརྒྱད་ཡིན་པར་གླེང་།།
མ་སྨད་གསུམ་གྱི་གཟུགས་པོ་སྐམ་གྲོག་གེ།
དལ་མེད་ལས་ལ་འདུར་བའི་རྒྱབ་གཟུགས་མཐོང་།།
སྤྲིན་ནག་འུབས་ཀྱིས་བསྡུས་པའི་སེར་རྡོ་ཡིས།།
ལུང་པའི་ཕུ་མདའ་ཆུ་ལ་བསྐུར་བ་མཐོང་།།
སྐྱ་རྔ་རྩ་ནས་རལ་བ་ཉིལ་ལེ་སྐྱེས།།
སྐྱ་རྔ་རྩ་ནས་ཤིག་སྲོ་ཉིལ་ལེ་འདུར།།
སྐྱ་རྔ་རྩ་ནས་མཆི་མ་ཉིལ་ལེ་ངུ་།།
སྐྱ་རྔ་རྩ་ནས་མི་ལ་རས་པ་དྲན།།
ལུང་པའི་ཆུ་དང་བསྡེབས་ནས་མར་མར་བབས།།
སྐྱ་རྔ་རྩ་ལ་ཐོན་དུས་ཉི་འོད་ཀྱིས།།
མིག་འཛུམ་ཤིག་ཤིག་ཕ་གིའི་རི་ནས་ལྟ།།
ས་ཞིང་ལག་ངར་ཙམ་ཞིག་སྟོན་པ་དེ།།
ཞིང་ཆུང་འོར་མ་གྲུ་གསུམ་ཡིན་པར་འཆད།།
མཁར་ཤུལ་རོ་མ་ཙམ་ཞིག་མཐོང་བ་དེ།།
ཁང་བ་ཀ་བཞི་གདུང་བརྒྱད་ཡིན་པར་གླེང་།།
མ་སྨད་གསུམ་གྱི་གཟུགས་པོ་སྐམ་གྲོག་གེ།
དལ་མེད་ལས་ལ་འདུར་བའི་རྒྱབ་གཟུགས་མཐོང་།།
སྤྲིན་ནག་འུབས་ཀྱིས་བསྡུས་པའི་སེར་རྡོ་ཡིས།།
ལུང་པའི་ཕུ་མདའ་ཆུ་ལ་བསྐུར་བ་མཐོང་།།
སྐྱ་རྔ་རྩ་ནས་རལ་བ་ཉིལ་ལེ་སྐྱེས།།
སྐྱ་རྔ་རྩ་ནས་ཤིག་སྲོ་ཉིལ་ལེ་འདུར།།
སྐྱ་རྔ་རྩ་ནས་མཆི་མ་ཉིལ་ལེ་ངུ་།།
སྐྱ་རྔ་རྩ་ནས་མི་ལ་རས་པ་དྲན།།
༢༠༢༤.༧.༢༠ སྐྱ་རྔ་རྩ་རུ་བྲིས།
ཐ། བྲག་དཀར་རྟ་སོ།
བྲག་རི་མ་བརྩིགས་ནམ་མཁའི་དབྱིངས་ན་མཐོ།།
ཤིང་ནགས་མ་བཙུགས་རི་བོའི་རྐེད་ན་འཐིབས།།
འདི་ནས་རྗེ་བཙུན་བ་སྤུ་སྔོ་ཞོལ་ལེ།།
སྒྲུབ་པར་གཞོལ་ནས་སྒྱུ་ལུས་རྡུལ་དུ་བརླགས།།
ལྟོགས་གྲིར་ཤི་ཡང་ལྟོ་ཕྱིར་བབ་པ་མེད།།
འཁྱགས་གྲིར་ཤི་ཡང་ཨ་ཆི་ཤོར་བ་མེད།།
སྐྱོ་གྲིར་ཤི་ཡང་འདུ་འཛིར་གཡེང་བ་མེད།།
སྔོ་ཧྲེང་ཧྲེང་གི་མི་ལ་རས་པ་དྲན།།
འདི་ནས་ཀེང་རུས་གཅིག་ལ་ཉམས་རྟོགས་སྐྱེས།།
འདི་ནས་རྩྭ་ལྡུམ་གཅིག་ལ་དགེ་སྦྱོར་འཕེལ།།
འདི་ནས་སྤྲང་པོ་གཅིག་ལ་རྫུ་འཕྲུལ་བྱུང།།
འདི་ནས་སྡིག་ཅན་གཅིག་ལ་སངས་རྒྱས་ཐོབ།།
ཤིང་ནགས་མ་བཙུགས་རི་བོའི་རྐེད་ན་འཐིབས།།
འདི་ནས་རྗེ་བཙུན་བ་སྤུ་སྔོ་ཞོལ་ལེ།།
སྒྲུབ་པར་གཞོལ་ནས་སྒྱུ་ལུས་རྡུལ་དུ་བརླགས།།
ལྟོགས་གྲིར་ཤི་ཡང་ལྟོ་ཕྱིར་བབ་པ་མེད།།
འཁྱགས་གྲིར་ཤི་ཡང་ཨ་ཆི་ཤོར་བ་མེད།།
སྐྱོ་གྲིར་ཤི་ཡང་འདུ་འཛིར་གཡེང་བ་མེད།།
སྔོ་ཧྲེང་ཧྲེང་གི་མི་ལ་རས་པ་དྲན།།
འདི་ནས་ཀེང་རུས་གཅིག་ལ་ཉམས་རྟོགས་སྐྱེས།།
འདི་ནས་རྩྭ་ལྡུམ་གཅིག་ལ་དགེ་སྦྱོར་འཕེལ།།
འདི་ནས་སྤྲང་པོ་གཅིག་ལ་རྫུ་འཕྲུལ་བྱུང།།
འདི་ནས་སྡིག་ཅན་གཅིག་ལ་སངས་རྒྱས་ཐོབ།།
༢༠༢༤.༧.༢༠བྲག་དཀར་རྟ་སོ་རུ་བྲིས།
ད། འཕགས་པ་དགོན་པ།
སྐྱིད་གྲོང་གཙང་བོ་བལ་ཡུལ་མཐིལ་དུ་འབབ།།
མཁལ་རབ་རྦབ་ཆུ་བྲག་དམར་རྩེ་ནས་འཕྱོ།།
ལྗང་ཐང་ཐང་གི་ནགས་ཀློང་བརྒྱུད་བརྒྱུད་མཐར།།
སྐྱིད་རོང་ཚོང་འདུས་ཆེན་པོའི་ནང་དུ་སླེབས།།
ཤྭ་བོའི་བླུད་བུ་གསེར་གྱིས་བཀང་བ་ཡིས།།
པོ་ཏི་རྟ་ཁལ་དྲེལ་ཁལ་བླུ་བ་པོ།།
མར་ལོ་གཉན་ལོ་རྭ་ལོ་ལ་སོགས་པ།།
འདི་ནས་ཕར་བཞུད་ཚུར་འབྱོན་བྱས་པ་དྲན།།
འཕགས་པ་ཝ་ཏི་བཟང་པོ་བཞེངས་སྟངས་ཀྱིས།།
ཀེར་རེར་བཞུགས་ལ་མོས་གུས་ཡང་ཡང་ཤོར།།
འདི་ནས་རང་སེམས་ཤེལ་གྱི་མེ་ལོང་ལ།།
ཧ་བཏབ་དགེ་བའི་བྱི་དོར་ཡང་ཡང་བྱས།།
མཁལ་རབ་རྦབ་ཆུ་བྲག་དམར་རྩེ་ནས་འཕྱོ།།
ལྗང་ཐང་ཐང་གི་ནགས་ཀློང་བརྒྱུད་བརྒྱུད་མཐར།།
སྐྱིད་རོང་ཚོང་འདུས་ཆེན་པོའི་ནང་དུ་སླེབས།།
ཤྭ་བོའི་བླུད་བུ་གསེར་གྱིས་བཀང་བ་ཡིས།།
པོ་ཏི་རྟ་ཁལ་དྲེལ་ཁལ་བླུ་བ་པོ།།
མར་ལོ་གཉན་ལོ་རྭ་ལོ་ལ་སོགས་པ།།
འདི་ནས་ཕར་བཞུད་ཚུར་འབྱོན་བྱས་པ་དྲན།།
འཕགས་པ་ཝ་ཏི་བཟང་པོ་བཞེངས་སྟངས་ཀྱིས།།
ཀེར་རེར་བཞུགས་ལ་མོས་གུས་ཡང་ཡང་ཤོར།།
འདི་ནས་རང་སེམས་ཤེལ་གྱི་མེ་ལོང་ལ།།
ཧ་བཏབ་དགེ་བའི་བྱི་དོར་ཡང་ཡང་བྱས།།
༢༠༢༤.༧.༢༠མང་ཡུལ་སྐྱིད་རོང་དུ་བྲིས།
ན། གྱེས་ཕུག
དཔྱངས་ཟམ་བརྒྱུད་ནས་ཕར་ལ་བགྲོད་དུས་སུ།།
གྲོག་རོང་ཟབ་མོར་གཏིང་མཐའ་བྲལ་བ་མཐོང་།།
ནགས་ལམ་ཕྲ་མོ་དེད་ནས་འགྲོ་དུས་སུ།།
བྲག་རིའི་ངོས་སུ་གྱེས་ཕུག་ཡོད་པ་མཐོང་།།
འདི་ནས་བལ་བཟའ་རྐང་གདུབ་སིལ་སིལ་འོང་།།
ལུས་དྲི་པད་མའི་བསུང་ངད་བསྣམས་ནས་འོང་།།
ཟུར་མིག་སྦྲང་རྩའི་མདའ་མོ་བདུངས་ནས་འོང་།།
འཕྱོར་སྒེག་ལང་ཚོའི་འཇའ་ཚོན་གྱོན་ནས་འོང་།།
འདི་ནས་བཙན་པོའི་སྐྱ་དམག་རྦབ་རྡོ་བཞིན།།
ཕྱོགས་བཞིར་ཟློག་པ་མེད་པར་འདྲིལ་བ་དྲན།།
འདི་ནས་བཀའ་ལུང་སེང་གེའི་ང་རོ་ཡིས།།
ས་ཆེན་འདར་བར་བྱས་པའི་བཙན་བརྗིད་དྲན།།
གྲོག་རོང་ཟབ་མོར་གཏིང་མཐའ་བྲལ་བ་མཐོང་།།
ནགས་ལམ་ཕྲ་མོ་དེད་ནས་འགྲོ་དུས་སུ།།
བྲག་རིའི་ངོས་སུ་གྱེས་ཕུག་ཡོད་པ་མཐོང་།།
འདི་ནས་བལ་བཟའ་རྐང་གདུབ་སིལ་སིལ་འོང་།།
ལུས་དྲི་པད་མའི་བསུང་ངད་བསྣམས་ནས་འོང་།།
ཟུར་མིག་སྦྲང་རྩའི་མདའ་མོ་བདུངས་ནས་འོང་།།
འཕྱོར་སྒེག་ལང་ཚོའི་འཇའ་ཚོན་གྱོན་ནས་འོང་།།
འདི་ནས་བཙན་པོའི་སྐྱ་དམག་རྦབ་རྡོ་བཞིན།།
ཕྱོགས་བཞིར་ཟློག་པ་མེད་པར་འདྲིལ་བ་དྲན།།
འདི་ནས་བཀའ་ལུང་སེང་གེའི་ང་རོ་ཡིས།།
ས་ཆེན་འདར་བར་བྱས་པའི་བཙན་བརྗིད་དྲན།།
༢༠༢༤.༧.༢༠ མང་ཡུལ་སྐྱིད་རོང་དུ་བྲིས།
པ། མཇུག་སྡུད་པའི་གཏམ།
གཙང་བོའི་མགོ་ཁུངས་ཡིན་པས་ཕྱི་མིག་ཤོར།།
གསེར་གྱི་རྒྱལ་རབས་ཡལ་བས་ཕངས་སེམས་ཤོར།།
མེས་པོའི་ཞབས་རྗེས་གསལ་བས་དད་གུས་ཤོར།།
བདག་གི་ཡོད་ཚད་འདི་ནས་ལུས་པ་འདྲ།།
སྤུ་ཧྲེང་གངས་ཀྱིས་ད་དུང་བསྐོར་བར་ཤོག།།
གུ་གེ་གཡའ་ཡིས་ད་དུང་བསྐོར་བར་ཤོག།།
མང་ཡུལ་མཚོ་ཡིས་ད་དུང་བསྐོར་བར་ཤོག།།
བདག་གིས་ད་དུང་བསྐོར་བ་ཐེབས་པར་ཤོག།།
སརྦ་མངྒ་ལཾ།
གསེར་གྱི་རྒྱལ་རབས་ཡལ་བས་ཕངས་སེམས་ཤོར།།
མེས་པོའི་ཞབས་རྗེས་གསལ་བས་དད་གུས་ཤོར།།
བདག་གི་ཡོད་ཚད་འདི་ནས་ལུས་པ་འདྲ།།
སྤུ་ཧྲེང་གངས་ཀྱིས་ད་དུང་བསྐོར་བར་ཤོག།།
གུ་གེ་གཡའ་ཡིས་ད་དུང་བསྐོར་བར་ཤོག།།
མང་ཡུལ་མཚོ་ཡིས་ད་དུང་བསྐོར་བར་ཤོག།།
བདག་གིས་ད་དུང་བསྐོར་བ་ཐེབས་པར་ཤོག།།
སརྦ་མངྒ་ལཾ།
༢༠༢༤.༧.༢༢སྐྱིད་རོང་རྫོང་དུ་བྲིས།
རྩོམ་ཁུངས། ༢༠༢༥ལོའི«གངས་རྒྱན་མེ་ཏོག»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།