ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > ༄༅། །དེབ་གསར«འཛམ་གླིང་སྙན་ངག་གཅེས་བཏུས་དྲི་ཟའི་རྒྱུད་མངས»རྒྱ་བོད་ཤན་སྦྱར་མ་པར་སྐྲུན་བྱས།
༄༅། །དེབ་གསར«འཛམ་གླིང་སྙན་ངག་གཅེས་བཏུས་དྲི་ཟའི་རྒྱུད་མངས»རྒྱ་བོད་ཤན་སྦྱར་མ་པར་སྐྲུན་བྱས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2025-07-23 08:46:43
ཀློག་གྲངས།:
ཉེ་ལམ། ཁྲི་གོང་ཨོ་རྒྱན་ཚེ་རིང་ལགས་ཀྱིས་རྩོམ་སྒྱུར་གནང་བའི་དེབ་གསར«འཛམ་གླིང་སྙན་ངག་གཅེས་བཏུས་དྲི་ཟའི་རྒྱུད་མངས»རྒྱ་བོད་ཤན་སྦྱར་མ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

དེབ་འདིར་དུས་རབས༡༣པའི་ལོ་རབས༨༠ནས་དུས་རབས༢༠བའི་ལོ་རབས༨༠བར་གྱི་ལོ་ངོ༧༠༠ལྷག་ཙམ་གྱི་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་སྙན་ངག་པ༩༦གི་རང་མོས་སྙན་ངག༡༥༠རྩོམ་སྒྱུར་བྱས་ཡོད།
ཉེ་བའི་ལོ་འགའི་ནང་། ཁྲི་གོང་ཨོ་རྒྱན་ཚེ་རིང་ལགས་ཀྱིས་ལས་ཞོར་དུ་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་རང་ནུས་ཅི་ལྕོགས་སྒོས་འཛམ་གླིང་ན་སྐད་གྲགས་ཆོད་བའི་སྙན་ངག་དེ་ཚོ་ངོ་སྤྲོད་དམ་རྒྱུས་ལོན་བྱེད་པ་ལ། རྒྱ་ཡིག་གིས་འགྲེམ་སྤེལ་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་དཔེ་དེབ་དང་། དེ་བཞིན་དྲ་ཐོག་གི་འབྲེལ་ཡོད་སྙན་ངག་དང་དཔྱད་གཞིའི་ཡིག་རིགས་འཚོལ་བསྡུ་བྱས་པ་བརྒྱུད། སྔ་ཕྱིར་ཕན་ཚུན་གོ་བསྡུར་དང་འདེམ་སྒྲིག་ཐེངས་གང་མང་བྱས་མཐར། རྒྱ་བོད་ཤན་སྦྱར་ཚུལ་གྱིས«འཛམ་གླིང་སྙན་ངག་གཅེས་བཏུས་དྲི་ཟའི་རྒྱུད་མངས»ཞེས་པ་འདི་རྩོམ་སྒྱུར་བྱས་པ་ཡིན། འདིའི་ནང་དུས་རབས་མི་འདྲ་བ་དང་། མི་རིགས་མི་འདྲ་བ། འབྲི་ལུགས་མི་འདྲ་བའི་རྒྱལ་ཁབ་སོ་སོའི་ཕུལ་བྱུང་སྙན་ངག་སྐོར་ཞིག་བདམས་ཡོད།
དེ་ཡང་སྒྲིག་སྟངས་སྐོར་ནས་རྒྱལ་ཁབ་ལ་མ་བལྟས་པར། རྩོམ་པ་པོའི་འཁྲུངས་སྐར་གྱི་སྔ་རྗེས་ལྟར་དུས་རབས་ཀྱི་ཆ་ནས་འཛམ་གླིང་སྤྱིའི་འཕེལ་ཕྱོགས་ལ་བསམས་ཏེ་བསྒྲིགས་ཡོད། འདིར་བདམས་པའི་བརྩམས་ཆོས་ཐ་དག་གིས་འཛམ་གླིང་སྤྱིའམ་མི་སྒེར་གང་ཞིག་གི་སྙན་ངག་གསར་རྩོམ་གྱི་གྲུབ་འབྲས་ལེགས་ཤོས་དེ་མཚོན་མི་ཐུབ་ལ། སྒྱུར་མཁན་རང་ཉིད་ཀྱི་དགའ་ཕྱོགས་དེ་བས་ཀྱང་མིན། གཙོ་བོ་རང་བྱུང་ཁམས་ཀྱི་བསྟོད་པ་དང་། བརྩེ་བའི་ཞུ་མཆིད། མི་ཚེའི་ཚོར་སྣང་། ཤེས་པའི་སྐད་ཅིག་ལ་སོགས་འཆར་སྒོ་སྣ་ཚོགས་སྒྱུ་རྩལ་གྱི་ཐབས་ལམ་མི་འདྲ་བ་དང་། ཕྱོགས་དང་ཟུར་གང་མང་ནས་མངོན་པར་མཚོན་པ་བརྗོད་དོན་དུ་བཟུང་ནས། རྒྱ་ཆེའི་ཀློག་པ་པོ་རྣམས་ལ་འཛམ་གླིང་རང་མོས་སྙན་ངག་གི་དུས་བབ་དང་འཕེལ་འགྱུར། འབྲི་ལུགས། ཁྱད་ཆོས་སོགས་སྙན་ངག་རང་ངོས་དང་ཞོར་ནས་ངོ་སྤྲོད་ཞུས་པ་ཙམ་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།