ངོས་དང་པོ > རྒྱལ་སྤྱི། > རིག་གནས་འདུས་ཚོགས། > པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་མཇུག་སྒྲིལ་བ།
པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་མཇུག་སྒྲིལ་བ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-08-18 18:32:14
ཀློག་གྲངས།:
“བོད་རིག་པའི་དར་རྒྱས་གོང་འཕེལ་དང་སྒོ་དབྱེའི་བོད་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པ་ཚེས16ཉིན་པེ་ཅིང་དུ་གྲོལ་བ་རེད།
སྐབས་འདིའི་དཔྱད་གླེང་གྲོས་ཚོགས་སུ་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཁྱོན320ཡོད་པ་དེ་དག་ཀྲུང་གོ་དང་ལྗར་པན། འཇར་མན། ཨ་རི། དབྱིན་ཇི། ཧྥ་རན་སེ། ཨོ་སི་ཁྲུ་རི་ཡ། ཨོ་སི་ཁྲུ་ལི་ཡ། མོང་གོལ། ནོར་ཝེ། རྒྱ་གར། ནེ་པ་ལ་སོགས་རྒྱལ་ཁབ་དང་ས་ཁུལ་ནས་ཡིན་པ་རེད། དཔྱད་གླེང་གྲོས་ཚོགས་ཐོག་ད་དུང་སྐབས་ལྔ་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་། མི་རིགས་ཡི་གེའི(བོད་ཡིག)རིག་གཞུང་དུས་དེབ་ཀྱི་དཔྱད་འཇོག་མ་ལག་འགྲེམས་བསྒྲགས་བྱེད་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཕྱི་རྒྱལ་ནས་ཆེད་མངགས་གདན་འདྲེན་ཞུས་པའི་ཞིབ་འཇུག་པར་ལག་ཁྱེར་སྤྲོད་པའི་མཛད་སྒོ་སོགས་སྤེལ་བ་རེད།
ཉིན་གསུམ་གྱི་ཚོགས་འདུའི་རིང་། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་རིག་ཚན་གྱི་ཚོགས་ཆུང་ཁག་བགོས་ཀྱི་བགྲོ་གླེང་ནང་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས། སློབ་གསོ། བོད་བརྒྱུད་ནང་བསྟན། བོད་ཡིག་ཚད་ལྡན་ཡིག་ཆ། སྤྱི་ཚོགས་བརྗེ་སྒྱུར་དང་འཕོ་འགྱུར། ལེགས་སྦྱར་གྱི་ཡི་གེ མཚོ་བོད་གླིང་སྣེའི་བཟོ་བཀོད་དང་མིའི་འཚོ་སྡོད་ཁོར་ཡུག་སོགས་གྲོས་གཞི20ལ་དམིགས་ནས་གྲོས་བསྡུར་གང་ལེགས་བྱས་ཏེ་གསར་གཏོད་རང་བཞིན་གྱི་ལྟ་བ་དང་ཇུས་གཞི་བཏོན་ནས། བོད་རིག་པ་ཞིབ་འཇུག་གི་འབྱུང་འགྱུར་འཕེལ་རྒྱས་ལ་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད།
ཚོགས་འདུའི་རིང་། གཙོ་གཉེར་ཕྱོགས་ཀྱིས་མི་ཆོས་དངོས་བྲིས་གློག་བརྙན«འབྲོག་པ»ཞེས་པར་མྱོང་དཔྱད་དང་། «སྤྲུལ་སྐུའི་ཆས་ཅན་གྱི་ཆིང་གོང་མ་བདེ་སྐྱིད་ཀྱི་སྐུ་ཐང»འགྲེམ་དཔྱད་གླེང་སྟེགས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམས་སྟོན། བོད་རིག་པའི་དཔེ་དེབ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་། ཕྱི་རྒྱལ་གྱི་མཁས་དབང་ཁག་གཅིག་ཚོགས་འདུ་གྲོལ་རྗེས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏུ་འཚམས་འདྲིར་བསྐྱོད་རྒྱུ་རེད།
ཚོགས་འདུར་ཞུགས་མཁན་བོད་རིག་པའི་ཞིབ་འཇུག་མཁས་དབང་གིས་རིག་ཚན་གཞན་དག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་མཉམ་ལས་བྱས་པ་བརྒྱུད། བོད་རིག་པའི་ཁྱབ་ཁོངས་མི་འདྲ་བའི་མདུན་གྲལ་གྱི་གནས་ཚུལ་ཤེས་རྟོགས་སྔར་བས་ཟབ་ཏུ་ཕྱིན་ནས། བོད་ལྗོངས་དང་དེ་བཞིན་བོད་འབྲེལ་ཞིང་ཆེན་བཞིའི་ཁུལ་དང་རྫོང་བཅས་ཀྱི་སྒོ་དབྱེའི་འཕེལ་རྒྱས་ཀྱི་རྣམ་པ་དངོས་སུ་ཚོར་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་དེ1991ལོར་འཚོགས་ཚུན། སྐབས་རེ་རེའི་དཔྱད་རྩོམ་གྱི་གྲངས་འབོར་དང་སྤུས་ཚད་དེ་སྐབས་གོང་མ་དང་བསྡུར་ན་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་ཡོད། སྐབས་འདིའི་དཔྱད་གླེང་གྲོས་ཚོགས་ལ་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཚོགས་འདུའི་བརྗོད་གཞི་དང་མཐུན་པའི་དཔྱད་རྩོམ370ཕུལ་ཡོད་པ་དང་། དེའི་ནང་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། ལོ་རྒྱུས། རིག་གནས། ཆོས་ལུགས། སྣོད་བཅུད་སོགས་ཕྱོགས་མང་པོ་ཚུད་ཡོད་པ་དེ་དག་ཚང་མ་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ལས་རིགས་ཀྱི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་དེ་ཡིན་པ་རེད། དཔྱད་རྩོམ་གྲུབ་འབྲས་དེ་དག་ཚོགས་འདུའི་རྗེས་སུ་དཔེ་སྐྲུན་བྱ་རྒྱུའི«སྐབས་བདུན་པའི་པེ་ཅིང་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཀྱི་རྩོམ་བསྡུས»ནང་བསྡུ་སྒྲིག་བྱ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།