མག་པར་སྐ་རགས་བཅིང་སྲོལ།
རྩོམ་པ་པོ།:བྱ་ཁོག་དཔལ་འབུམ་གྱིས་བཤད།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
དུས་ཚོད།:2025-12-12 10:58:08
ཀློག་གྲངས།:
མཆོད་ཨོཾ་ཨཱ་ཧཱུཾ། མཆོད་ཨོཾ་ཨཱ་ཧཱུཾ། མཆོད་ཨོཾ་ཨཱ་ཧཱུཾ།
མཆོད་བླ་མ་ཡི་དམ་མཆོད།།
སངས་རྒྱས་བྱང་སེམས་མཆོད།།
དཔའ་བོ་མཁའ་འགྲོ་མཆོད།།
ཆོས་སྐྱོང་སྲུང་མ་མཆོད།།
ཡུལ་ལྷ་གཞི་བདག་མཆོད།
།ཡུལ་རིག་གི་རྒྱལ་བོ་མཆོད།།
གནས་རིག་པའི་སྲུང་མ་མཆོད།།
སའི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་མཆོད།།
གནས་དམ་པ་བྱ་རྒོད་ཕུང་བོའི་རི་མཆོད།།
མགོ་རྨོག་དཀར་བཀང་གི་ཡར་བུད་ནས།།
དགུང་ཐེམ་པ་བཅུ་གསུམ་ཡན་ཆད་ནས།།
སྟེང་ལ་གནས་པའི་ལྷ་མཆོད།།
སྟོད་ལྷ་ཆེན་ཚངས་པ་དཀར་པོ་མཆོད།།
ཨ་ནེ་གུང་སྨན་རྒྱལ་མོ་མཆོད།།
ལྷ་ཕྲུག་བྱེ་བ་དུང་ཕྱུར་མཆོད།།
རྐང་སག་ལྷམ་བཀང་གི་མར་བུད་ནས།།
ས་ཐེམ་པ་བཅུ་གསུམ་མན་ཆད་ནས།།
ས་ལ་གནས་པའི་ཀླུ་མཆོད།།
ཀླུ་རྒྱལ་གཙུག་ན་རིན་ཆེན་མཆོད།།
ཀླུ་མོ་དུང་སྐྱོང་དཀར་མོ་མཆོད།།
ཀླུ་ཕྲུག་བྱེ་བ་དུང་ཕྱུར་མཆོད།།
སྟོང་གསུམ་སྟོང་གི་ཡར་བུད་ནས།།
སྟོང་གསུམ་མགོན་ལྷ་དཀར་པོ་མཆོད།།
བསྐལ་བ་སྟོང་གི་ཡར་བུད་ནས།།
བསྐལ་བཟང་སངས་རྒྱས་སྟོང་སྐུ་མཆོད།།
ངྷ་ན་ཀོ་ཥའི་མཚོ་ནང་ནས།།
སྔགས་རལ་པདྨ་འབྱུང་གནས་མཆོད།།
གཡུ་ལོ་བཀོད་པའི་ཞིང་ཁམས་ནས།།
རྗེ་བཙུན་འཕགས་མ་སྒྲོལ་མ་མཆོད།།
ཕ་རྒྱུད་གསང་བ་འདུས་པ་མཆོད།།
མ་རྒྱུད་འཁོར་ལོ་བདེ་མཆོག་མཆོད།།
ཁྲོ་རྒྱུད་རྟ་མཆོག་རོལ་བ་མཆོད།།
བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་མཆོད།།
མཆོད་བླ་མ་ཡི་དམ་མཆོད།།
སངས་རྒྱས་བྱང་སེམས་མཆོད།།
དཔའ་བོ་མཁའ་འགྲོ་མཆོད།།
ཆོས་སྐྱོང་སྲུང་མ་མཆོད།།
ཡུལ་ལྷ་གཞི་བདག་མཆོད།
།ཡུལ་རིག་གི་རྒྱལ་བོ་མཆོད།།
གནས་རིག་པའི་སྲུང་མ་མཆོད།།
སའི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་མཆོད།།
གནས་དམ་པ་བྱ་རྒོད་ཕུང་བོའི་རི་མཆོད།།
མགོ་རྨོག་དཀར་བཀང་གི་ཡར་བུད་ནས།།
དགུང་ཐེམ་པ་བཅུ་གསུམ་ཡན་ཆད་ནས།།
སྟེང་ལ་གནས་པའི་ལྷ་མཆོད།།
སྟོད་ལྷ་ཆེན་ཚངས་པ་དཀར་པོ་མཆོད།།
ཨ་ནེ་གུང་སྨན་རྒྱལ་མོ་མཆོད།།
ལྷ་ཕྲུག་བྱེ་བ་དུང་ཕྱུར་མཆོད།།
རྐང་སག་ལྷམ་བཀང་གི་མར་བུད་ནས།།
ས་ཐེམ་པ་བཅུ་གསུམ་མན་ཆད་ནས།།
ས་ལ་གནས་པའི་ཀླུ་མཆོད།།
ཀླུ་རྒྱལ་གཙུག་ན་རིན་ཆེན་མཆོད།།
ཀླུ་མོ་དུང་སྐྱོང་དཀར་མོ་མཆོད།།
ཀླུ་ཕྲུག་བྱེ་བ་དུང་ཕྱུར་མཆོད།།
སྟོང་གསུམ་སྟོང་གི་ཡར་བུད་ནས།།
སྟོང་གསུམ་མགོན་ལྷ་དཀར་པོ་མཆོད།།
བསྐལ་བ་སྟོང་གི་ཡར་བུད་ནས།།
བསྐལ་བཟང་སངས་རྒྱས་སྟོང་སྐུ་མཆོད།།
ངྷ་ན་ཀོ་ཥའི་མཚོ་ནང་ནས།།
སྔགས་རལ་པདྨ་འབྱུང་གནས་མཆོད།།
གཡུ་ལོ་བཀོད་པའི་ཞིང་ཁམས་ནས།།
རྗེ་བཙུན་འཕགས་མ་སྒྲོལ་མ་མཆོད།།
ཕ་རྒྱུད་གསང་བ་འདུས་པ་མཆོད།།
མ་རྒྱུད་འཁོར་ལོ་བདེ་མཆོག་མཆོད།།
ཁྲོ་རྒྱུད་རྟ་མཆོག་རོལ་བ་མཆོད།།
བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་མཆོད།།

མཆོད་ཨོཾ་ཨཱ་ཧཱུཾ།
ཡ། དེ་རིང་བཀྲ་ཤིས་ལྷ་ལྡན་གྱི་ཉི་མ་བཟང་པོ།།
བདུད་རྩི་སུམ་སྦྱོར་གྱི་སྐར་མ་བཟང་པོ།།
ཆུ་གཙང་བོར་ཟམ་པ་འཐེན་པའི་ཉི་མ།།
བྲག་དམར་པོར་ཆོས་ཁྲི་བརྩིགས་པའི་ཉི་མ།།
བདག་གཞི་མགྲོན་གཉེན་དོན་འགྲུབ་པའི་ཉི་མ།།
ཕ་ཨ་ཁུ་གྲལ་ལ་འཚོགས་པའི་ཉི་མ།།
སྟག་ཤ་རས་གོར་ཚར་གྱོན་པའི་ཉི་མ།།
སྨན་བུ་མོའི་རྒྱན་ཆ་འདོགས་པའི་ཉི་མ།།
དེ་རིང་ནམ་ལངས་ཀྱི་དང་པོ།།
ཉི་ཤར་གྱི་རྩེ་མོ།།
རྟེན་འབྲེལ་གྱི་འགོ་མ་འདིར།།
ནམ་ལངས་ཨ་སྔོན་གྱི་གསལ་ཆ་དགུང་ནས་དག་གི།
དབང་ཕྱོགས་ཁྲི་གདུགས་ཀྱི་ཉི་མ་ཚང་ནས་ཤར་དུས།།
ངས་དེ་རིང་གཉེན་ཚང་ཚང་གི་རེ་བ་ལྟར་ར།།
སྐྱིད་ཀྱི་ལྷ་ཁྱིམ་གྲུ་བཞིའི་ནང་ནས།།
ལུས་མདའ་སྨྱུག་འདྲ་བའི་མག་པ་འདི་ལ།།
ལིང་དར་ཚོན་སྣ་ལྔའི་སྐ་རགས་ཤིག་བཅིང་ཡ།།
ཡ་་་་་་དང་པོ་ངའི་ལག་གི་ཁ་བཏགས་ལྷ་དགུ་མ་འདིའི་བསྟོད་པ་རྣམ་གསུམ་ཅིག་བཤད་ན།།
འདི་ཡར་ཞང་མོ་བརྒྱ་ཡིས་སེལ་ནི་ཡིན།།
ཡར་ཞང་མོ་བརྒྱ་ཡི་སེལ་སྲོལ་ཡག་ནས་ཟེར་ཀིབར་ལྷ་མོ་བརྒྱ་ཡིས་འཁེལ་ནི་ཡིན།།
བར་ལྷ་མོ་བརྒྱ་ཡིས་འཁེལ་སྲོལ་ཡག་ནས་ཟེར་ཀི
མར་ཀླུ་མོ་བརྒྱ་ཡིས་འཐག་ནི་ཡིན།།
མར་ཀླུ་མོ་བརྒྱ་ཡི་འཐག་སྲོལ་ཡག་ནས་ཟེར་ཀི
སེལ་བའི་བལ་ལ་ཡག་བཙོག་མེད་ནས་ཟེར་ཀི
འཁེལ་བའི་སྤུན་ལ་སྦོམ་ཕྲ་མེད་ནས་ཟེར་ཀི
འཐག་པའི་ཐགས་ངོར་ཉེ་རིང་མེད་ནས་ཟེར་ཀི
རྗེ་བླ་མར་འབུལ་ན་མཇལ་དར་ཉན་ནས་ཟེར་ཀི
སྡེ་དཔོན་པོར་འབུལ་ན་ཐུགས་རྟེན་ཉན་ནས་ཟེར་ཀི
སྐུ་རྒྱལ་བོད་ཀྱི་གཉེན་དར་ཉན་ནས་ཟེར་ཀི
ཡ་་་་་་གཉིས་པ་ངའི་ལག་གི་དཀར་ཡོལ་ཁྱུང་གཤོག་ལྡེམ་པ་འདིའི་བསྟོད་པ་རྣམ་གསུམ་ཅིག་བཤད་ན།།
འདིའི་ཁ་ན་འཁོར་ལོ་རྩེ་བརྒྱད་ཡོད།།
འཁོར་ལོ་རྩེ་བརྒྱད་ཀྱི་རྩེ་ཡག་ནས་ཟེར་ཀི
འདིའི་བར་ན་བཀྲ་ཤིས་རྟགས་བརྒྱད་ཡོད།།
བཀྲ་ཤིས་རྟགས་བརྒྱད་ཀྱི་རྟགས་ཡག་ནས་ཟེར་ཀི
འདིའི་ཞབས་ན་པདྨ་འདབ་བརྒྱད་ཡོད།།
པདྨ་འདབ་བརྒྱད་ཀྱི་འདབ་ཡག་ནས་ཟེར་ཀི
འདིའི་ནང་ན་བདུད་རྩི་བསིལ་མ་ཡོད་ནས་ཟེར་ཀི
འདི་ལོ་ལ་བསྙལ་བའི་ལོ་ཆང་ཁམ་པ་ཡིན་ནས་ཟེར་ཀི
ཟླ་ལ་བསྙལ་བའི་ཟླ་ཆང་བསིལ་མ་ཡིན་ནས་ཟེར་ཀི
ཞག་ལ་བསྙལ་བའི་ཞག་ཆང་དྲོན་མོ་ཡིན་ནས་ཟེར་ཀི
རྒྱ་ནས་དཀར་པོ་བཙག་ནས་རྒྱ་གར་དེམ་ལ་ཕབས་ནས་ཟེར་ཀི
རྒྱ་ནས་ནག་པོ་བཙག་ནས་རྒྱ་ནག་དེམ་ལ་ཕབས་ནས་ཟེར་ཀི
ཨ་གར་བཟང་དྲུག་ཕབས་ནས་ཟེར་ཀི
དཀར་གསུམ་མངར་གསུམ་ཕབས་ནས་ཟེར་ཀི
ཞིམ་ཤ་ཆེ་བ་སེང་གེ་དཀར་མོའི་འོ་མ་འདྲེས་ནས་ཟེར་ཀི
བཟི་སྟོབས་ཆེ་བ་གཡུ་འབྲུག་སྔོན་མོའི་ཁ་ཆུ་འདྲེས་ནས་ཟེར་ཀི
སྙིང་སྟོབས་ཆེ་བ་དོམ་ནག་སྨྱོན་པའི་སྙིང་ཁྲག་འདྲེས་ནས་ཟེར་ཀི
མ་འཐུང་བའི་བུར་སྐོམ་པ་ཆེ་ནས་ཟེར་ཀི
འཐུང་བའི་བུར་རིག་པ་གསལ་ནས་ཟེར་ཀི
ཁྱོད་མག་པས་ཡ་ཁ་གསེར་ལོ་ཡིན་པས་འཇིབ་ཤེས་བྱོས།།
མ་ཁ་དངུལ་ལོ་ཡིན་པས་སྐྱོར་ཤེས་བྱོས།།
མིད་ཐག་སྦུ་གུ་ཡིན་པའི་དྲངས་ཤེས་བྱོས།།
རྒྱུ་མ་གཡུང་དྲུང་ཡིན་པས་བཀྲམ་ཤེས་བྱོས།
ཡ། དེ་རིང་བཀྲ་ཤིས་ལྷ་ལྡན་གྱི་ཉི་མ་བཟང་པོ།།
བདུད་རྩི་སུམ་སྦྱོར་གྱི་སྐར་མ་བཟང་པོ།།
ཆུ་གཙང་བོར་ཟམ་པ་འཐེན་པའི་ཉི་མ།།
བྲག་དམར་པོར་ཆོས་ཁྲི་བརྩིགས་པའི་ཉི་མ།།
བདག་གཞི་མགྲོན་གཉེན་དོན་འགྲུབ་པའི་ཉི་མ།།
ཕ་ཨ་ཁུ་གྲལ་ལ་འཚོགས་པའི་ཉི་མ།།
སྟག་ཤ་རས་གོར་ཚར་གྱོན་པའི་ཉི་མ།།
སྨན་བུ་མོའི་རྒྱན་ཆ་འདོགས་པའི་ཉི་མ།།
དེ་རིང་ནམ་ལངས་ཀྱི་དང་པོ།།
ཉི་ཤར་གྱི་རྩེ་མོ།།
རྟེན་འབྲེལ་གྱི་འགོ་མ་འདིར།།
ནམ་ལངས་ཨ་སྔོན་གྱི་གསལ་ཆ་དགུང་ནས་དག་གི།
དབང་ཕྱོགས་ཁྲི་གདུགས་ཀྱི་ཉི་མ་ཚང་ནས་ཤར་དུས།།
ངས་དེ་རིང་གཉེན་ཚང་ཚང་གི་རེ་བ་ལྟར་ར།།
སྐྱིད་ཀྱི་ལྷ་ཁྱིམ་གྲུ་བཞིའི་ནང་ནས།།
ལུས་མདའ་སྨྱུག་འདྲ་བའི་མག་པ་འདི་ལ།།
ལིང་དར་ཚོན་སྣ་ལྔའི་སྐ་རགས་ཤིག་བཅིང་ཡ།།
ཡ་་་་་་དང་པོ་ངའི་ལག་གི་ཁ་བཏགས་ལྷ་དགུ་མ་འདིའི་བསྟོད་པ་རྣམ་གསུམ་ཅིག་བཤད་ན།།
འདི་ཡར་ཞང་མོ་བརྒྱ་ཡིས་སེལ་ནི་ཡིན།།
ཡར་ཞང་མོ་བརྒྱ་ཡི་སེལ་སྲོལ་ཡག་ནས་ཟེར་ཀིབར་ལྷ་མོ་བརྒྱ་ཡིས་འཁེལ་ནི་ཡིན།།
བར་ལྷ་མོ་བརྒྱ་ཡིས་འཁེལ་སྲོལ་ཡག་ནས་ཟེར་ཀི
མར་ཀླུ་མོ་བརྒྱ་ཡིས་འཐག་ནི་ཡིན།།
མར་ཀླུ་མོ་བརྒྱ་ཡི་འཐག་སྲོལ་ཡག་ནས་ཟེར་ཀི
སེལ་བའི་བལ་ལ་ཡག་བཙོག་མེད་ནས་ཟེར་ཀི
འཁེལ་བའི་སྤུན་ལ་སྦོམ་ཕྲ་མེད་ནས་ཟེར་ཀི
འཐག་པའི་ཐགས་ངོར་ཉེ་རིང་མེད་ནས་ཟེར་ཀི
རྗེ་བླ་མར་འབུལ་ན་མཇལ་དར་ཉན་ནས་ཟེར་ཀི
སྡེ་དཔོན་པོར་འབུལ་ན་ཐུགས་རྟེན་ཉན་ནས་ཟེར་ཀི
སྐུ་རྒྱལ་བོད་ཀྱི་གཉེན་དར་ཉན་ནས་ཟེར་ཀི
ཡ་་་་་་གཉིས་པ་ངའི་ལག་གི་དཀར་ཡོལ་ཁྱུང་གཤོག་ལྡེམ་པ་འདིའི་བསྟོད་པ་རྣམ་གསུམ་ཅིག་བཤད་ན།།
འདིའི་ཁ་ན་འཁོར་ལོ་རྩེ་བརྒྱད་ཡོད།།
འཁོར་ལོ་རྩེ་བརྒྱད་ཀྱི་རྩེ་ཡག་ནས་ཟེར་ཀི
འདིའི་བར་ན་བཀྲ་ཤིས་རྟགས་བརྒྱད་ཡོད།།
བཀྲ་ཤིས་རྟགས་བརྒྱད་ཀྱི་རྟགས་ཡག་ནས་ཟེར་ཀི
འདིའི་ཞབས་ན་པདྨ་འདབ་བརྒྱད་ཡོད།།
པདྨ་འདབ་བརྒྱད་ཀྱི་འདབ་ཡག་ནས་ཟེར་ཀི
འདིའི་ནང་ན་བདུད་རྩི་བསིལ་མ་ཡོད་ནས་ཟེར་ཀི
འདི་ལོ་ལ་བསྙལ་བའི་ལོ་ཆང་ཁམ་པ་ཡིན་ནས་ཟེར་ཀི
ཟླ་ལ་བསྙལ་བའི་ཟླ་ཆང་བསིལ་མ་ཡིན་ནས་ཟེར་ཀི
ཞག་ལ་བསྙལ་བའི་ཞག་ཆང་དྲོན་མོ་ཡིན་ནས་ཟེར་ཀི
རྒྱ་ནས་དཀར་པོ་བཙག་ནས་རྒྱ་གར་དེམ་ལ་ཕབས་ནས་ཟེར་ཀི
རྒྱ་ནས་ནག་པོ་བཙག་ནས་རྒྱ་ནག་དེམ་ལ་ཕབས་ནས་ཟེར་ཀི
ཨ་གར་བཟང་དྲུག་ཕབས་ནས་ཟེར་ཀི
དཀར་གསུམ་མངར་གསུམ་ཕབས་ནས་ཟེར་ཀི
ཞིམ་ཤ་ཆེ་བ་སེང་གེ་དཀར་མོའི་འོ་མ་འདྲེས་ནས་ཟེར་ཀི
བཟི་སྟོབས་ཆེ་བ་གཡུ་འབྲུག་སྔོན་མོའི་ཁ་ཆུ་འདྲེས་ནས་ཟེར་ཀི
སྙིང་སྟོབས་ཆེ་བ་དོམ་ནག་སྨྱོན་པའི་སྙིང་ཁྲག་འདྲེས་ནས་ཟེར་ཀི
མ་འཐུང་བའི་བུར་སྐོམ་པ་ཆེ་ནས་ཟེར་ཀི
འཐུང་བའི་བུར་རིག་པ་གསལ་ནས་ཟེར་ཀི
ཁྱོད་མག་པས་ཡ་ཁ་གསེར་ལོ་ཡིན་པས་འཇིབ་ཤེས་བྱོས།།
མ་ཁ་དངུལ་ལོ་ཡིན་པས་སྐྱོར་ཤེས་བྱོས།།
མིད་ཐག་སྦུ་གུ་ཡིན་པའི་དྲངས་ཤེས་བྱོས།།
རྒྱུ་མ་གཡུང་དྲུང་ཡིན་པས་བཀྲམ་ཤེས་བྱོས།

ཡ་་་་་་གསུམ་པ་རིན་ཆེན་གསེར་གྱི་ས་གཞིའི་སྟེང་གི།
སྐྱིད་ཀྱི་མགོ་སྦྲ་གྲུ་བཞིའི་ནང་ནས།།
འཛོམས་པའི་ཁྲོམ་པ་གྲལ་གྱི་དཀྱིལ་ནས།།
ཡག་གི་གདན་དཀར་ཐིག་ལེ་སྟེང་ནས།།
དཀྱིལ་དྲུང་རྡོ་རྗེ་མདུད་པ་བཤིགས་ཀ།
ལུས་མདའ་སྨྱུག་འདྲ་བོ་ཡར་ལ་ལོངས་ང་།།
ཞལ་འཛུམ་མདངས་ཁྲོལ་ལེར་ཚུར་ར་འཁོར་བཏང་།།
ངས་ཁྱོར་ལིང་དར་ཚོན་སྣ་ལྔའི་སྐ་རགས་ཤིག་བཅིངས་ཡ་་་་
ཡ་་་་་་ངའི་ལག་གི་དར་ཚོན་སྣ་ལྔའི་སྐ་རགས་འདི།།
རི་ཆེན་ཞིག་གི་སྒང་ནས་བཤིགས་ན།།
རི་ཆུང་ཆུང་ཞིག་ལ་དཀྲིས་གསུམ་རྒྱོབས་བ།།
ཆུ་ཆེན་ཞིག་གི་ཁ་ནས་བཤིགས་ན།།
ཆུ་ཆུང་ཆུང་ཞིག་ལ་ཟམ་པ་འདང་ང་།།
དེ་རིང་ཁྲོམ་པའི་གྲལ་ནས་བཤིགས་ན།།
ཁྱོད་མག་པ་ཞི་ལིར་དཀྲིས་གསུམ་རྒྱོབས་བ།།
ཡ་་་་་་ངའི་ལག་གི་སྐ་རགས་འདི་གཡས་ནས་བླངས་ནས་གཡོན་ནས་མདུད་ན།།
སྟོད་དབུས་གཙང་བླ་མའི་ཆོས་མདུད་ཡིན་ནས་ཟེར་ཀི
ཕྱུགས་ཁྲ་ཁྲ་ལྷས་ལ་འཇུག་སྲོལ་ཡིན་ནས་ཟེར་ཀི
འདི་གཡོན་ནས་བླངས་ནས་གཡས་ནས་མདུད་ན།།
སྨད་རྒྱ་ནག་རྒྱལ་བོའི་ཁྲིམས་མདུད་ཡིན་ནས་ཟེར་ཀི
བུ་དཔའ་བོའི་རལ་གྲི་འཕྱར་སྲོལ་ཡིན་ནས་ཟེར་ཀི
འདི་གཞུག་ནས་བླངས་ནས་སྔོན་ནས་མདུད་ན།།
མ་སྒྲོལ་མ་སྔོན་མོའི་ཚེ་མདུད་ཡིན་ནས་ཟེར་ཀི
མ་སྲུ་མོའི་ཇ་ཆང་འདྲེན་སྲོལ་ཡིན་ནས་ཟེར་ཀི
འདི་སྔོན་ནས་བླངས་ནས་གཞུག་ནས་མདུད་ན།།
དར་ཟབ་དར་གྱི་མདུད་པ་ཡིན་ནས་ཟེར་ཀི
སྐུ་རྒྱལ་བོད་ཀྱི་བཅིངས་སྲོལ་ཡིན་ནས་ཟེར་ཀི
སྐྱིད་ཀྱི་མགོ་སྦྲ་གྲུ་བཞིའི་ནང་ནས།།
འཛོམས་པའི་ཁྲོམ་པ་གྲལ་གྱི་དཀྱིལ་ནས།།
ཡག་གི་གདན་དཀར་ཐིག་ལེ་སྟེང་ནས།།
དཀྱིལ་དྲུང་རྡོ་རྗེ་མདུད་པ་བཤིགས་ཀ།
ལུས་མདའ་སྨྱུག་འདྲ་བོ་ཡར་ལ་ལོངས་ང་།།
ཞལ་འཛུམ་མདངས་ཁྲོལ་ལེར་ཚུར་ར་འཁོར་བཏང་།།
ངས་ཁྱོར་ལིང་དར་ཚོན་སྣ་ལྔའི་སྐ་རགས་ཤིག་བཅིངས་ཡ་་་་
ཡ་་་་་་ངའི་ལག་གི་དར་ཚོན་སྣ་ལྔའི་སྐ་རགས་འདི།།
རི་ཆེན་ཞིག་གི་སྒང་ནས་བཤིགས་ན།།
རི་ཆུང་ཆུང་ཞིག་ལ་དཀྲིས་གསུམ་རྒྱོབས་བ།།
ཆུ་ཆེན་ཞིག་གི་ཁ་ནས་བཤིགས་ན།།
ཆུ་ཆུང་ཆུང་ཞིག་ལ་ཟམ་པ་འདང་ང་།།
དེ་རིང་ཁྲོམ་པའི་གྲལ་ནས་བཤིགས་ན།།
ཁྱོད་མག་པ་ཞི་ལིར་དཀྲིས་གསུམ་རྒྱོབས་བ།།
ཡ་་་་་་ངའི་ལག་གི་སྐ་རགས་འདི་གཡས་ནས་བླངས་ནས་གཡོན་ནས་མདུད་ན།།
སྟོད་དབུས་གཙང་བླ་མའི་ཆོས་མདུད་ཡིན་ནས་ཟེར་ཀི
ཕྱུགས་ཁྲ་ཁྲ་ལྷས་ལ་འཇུག་སྲོལ་ཡིན་ནས་ཟེར་ཀི
འདི་གཡོན་ནས་བླངས་ནས་གཡས་ནས་མདུད་ན།།
སྨད་རྒྱ་ནག་རྒྱལ་བོའི་ཁྲིམས་མདུད་ཡིན་ནས་ཟེར་ཀི
བུ་དཔའ་བོའི་རལ་གྲི་འཕྱར་སྲོལ་ཡིན་ནས་ཟེར་ཀི
འདི་གཞུག་ནས་བླངས་ནས་སྔོན་ནས་མདུད་ན།།
མ་སྒྲོལ་མ་སྔོན་མོའི་ཚེ་མདུད་ཡིན་ནས་ཟེར་ཀི
མ་སྲུ་མོའི་ཇ་ཆང་འདྲེན་སྲོལ་ཡིན་ནས་ཟེར་ཀི
འདི་སྔོན་ནས་བླངས་ནས་གཞུག་ནས་མདུད་ན།།
དར་ཟབ་དར་གྱི་མདུད་པ་ཡིན་ནས་ཟེར་ཀི
སྐུ་རྒྱལ་བོད་ཀྱི་བཅིངས་སྲོལ་ཡིན་ནས་ཟེར་ཀི

མཆོད་ཨོཾ་ཨཱ་ཧཱུཾ།
ཡ་་་་་་སྟོད་རྨ་རྒྱལ་གངས་ཀྱི་བདག་པོ།།
ཕྱི་རྒྱ་མཚོ་ཆུ་ཡི་བདག་པོ།།
བོད་མགོ་ནག་རྟེན་འབྲེལ་གྱི་བདག་པོ།།
ངས་དེ་རིང་རྟགས་ར་རྟེན་འབྲེལ་གྱི་ལུགས་སྲོལ་ལྟར་དུ།
ཁྱོད་མག་པ་ཞི་ལིར་ཁ་གཡང་ཞིག་འབོད་ཡ།
དེ་རིང་གི་ཁྱོའི་ཆུང་མ་འབྲུག་ལོ་བ་འདིའི་རིང་ལ།།
ལས་བསོད་ནམས་ཅན་གྱི་བུ་གསུམ་འཁྲུངས་ང་།།
བུ་ཆེ་བ་གནམ་ལོ་བྱ་ལ་འཁྲུངས་ང་།།
གཏམ་ཁ་ལྕེ་ཁུ་བྱུག་གྲགས་གྲགས་བྱེད་ལ།།
བློ་རིག་པ་གློག་དམར་འཁྱུག་འཁྱུག་བྱེད་ལ།།
བུ་འབྲིང་བ་གནམ་ལོ་འབྲུག་ལ་འཁྲུངས་ང་།།
མཚན་སྙན་གྲགས་གཡུ་འབྲུག་ལྡིར་ལྡིར་བྱེད་ལ།།
ལས་བསོད་ནམས་ཆར་བ་འབབ་འབབ་བྱེད་ལ།།
བུ་ཆུང་བ་གནམ་ལོ་སྟག་ལ་འཁྲུངས་ང་།།
དཔའ་སྙིང་སྟོབས་རྒྱ་སྟག་ངར་ངར་བྱེད་ལ།།
རྩལ་ཆེ་བས་རི་རབ་པང་ནས་བསྐོར་ར།།
ཕྱུགས་ཁྲ་ཁྲའི་འགོ་ལོ་རྫར་བྱེད་ལ།།
ཁྱོས་མི་བརྒྱའི་འགོ་ནས་ཚིག་བཤད་ལ།།
རྟ་བརྒྱའི་གོང་ནས་ལྕག་གཡུག་ཀ།།
དྲིན་ཕ་མའི་སྔུན་ནས་བལ་དཀར་གྱི་འཇམ་ཡིན།།
ནང་ཕུ་ནུའི་གྲལ་ནས་དར་སྐུད་ཀྱི་ཡག་ཡིན།།
དགྲ་ནག་པོའི་སྔུན་ནས་གློག་ཞགས་ཀྱི་མྱུར་ཡིན།།
གོས་ཚ་རུའི་ནང་ནས་མདའ་སྨྱུག་གི་དྲང་ཡིན།།
རྟ་འདོ་བའི་གོང་ནས་བལ་དཀར་གྱི་འཇམ་ཡིན།།
ཁྱོའི་ཁ་ལས་དམར་པོ་མྱེ་ཡིན།།
མྱེ་དམར་པོར་ཆག་འཇིག་མི་ཡོང་།།
ཁྱོའི་རླུང་རྟ་སྔོན་མོ་ཆུ་ཡིན།།
ཆུ་སྔོན་མོར་དར་རྒུད་མི་ཆག།
དེ་རིང་གྲལ་མགོའི་ཨ་ཁུ་སྨ་ར་ཅན་ཚོས།།
ཁྱོར་ལོ་གཡང་ར་ཚེ་གཡང་སྟེར་ར།།
གྲལ་སྐེད་ཀྱི་སྟག་ཤར་གྲི་ཆུང་ཅན་ཚོས།།
ཁྱོར་ཁ་གཡང་ར་བཀྲ་ཤིས་འབོད་ལ།།
གྲལ་རྔའི་བུ་མོ་དུང་རལ་ཅན་ཚོས།།
ཁྱོར་ལྟ་བ་ར་བསུ་བ་བྱེད་ལ་ཟེར་ཀི
མཆོད་ཨོཾ་ཨཱ་ཧཱུཾ།
རྒན་མགོ་དཀར་མན་ར་གཞོན་སོ་དཀར་ཡན་ནས།
ཁྱོར་ཁ་གཡང་བཀྲ་ཤིས་བོས་ན།
ཁྱོའི་ཁ་རྗེ་དབང་ཐང་དར་ར། འུ་གོ།
ཡ་་་་་་སྟོད་རྨ་རྒྱལ་གངས་ཀྱི་བདག་པོ།།
ཕྱི་རྒྱ་མཚོ་ཆུ་ཡི་བདག་པོ།།
བོད་མགོ་ནག་རྟེན་འབྲེལ་གྱི་བདག་པོ།།
ངས་དེ་རིང་རྟགས་ར་རྟེན་འབྲེལ་གྱི་ལུགས་སྲོལ་ལྟར་དུ།
ཁྱོད་མག་པ་ཞི་ལིར་ཁ་གཡང་ཞིག་འབོད་ཡ།
དེ་རིང་གི་ཁྱོའི་ཆུང་མ་འབྲུག་ལོ་བ་འདིའི་རིང་ལ།།
ལས་བསོད་ནམས་ཅན་གྱི་བུ་གསུམ་འཁྲུངས་ང་།།
བུ་ཆེ་བ་གནམ་ལོ་བྱ་ལ་འཁྲུངས་ང་།།
གཏམ་ཁ་ལྕེ་ཁུ་བྱུག་གྲགས་གྲགས་བྱེད་ལ།།
བློ་རིག་པ་གློག་དམར་འཁྱུག་འཁྱུག་བྱེད་ལ།།
བུ་འབྲིང་བ་གནམ་ལོ་འབྲུག་ལ་འཁྲུངས་ང་།།
མཚན་སྙན་གྲགས་གཡུ་འབྲུག་ལྡིར་ལྡིར་བྱེད་ལ།།
ལས་བསོད་ནམས་ཆར་བ་འབབ་འབབ་བྱེད་ལ།།
བུ་ཆུང་བ་གནམ་ལོ་སྟག་ལ་འཁྲུངས་ང་།།
དཔའ་སྙིང་སྟོབས་རྒྱ་སྟག་ངར་ངར་བྱེད་ལ།།
རྩལ་ཆེ་བས་རི་རབ་པང་ནས་བསྐོར་ར།།
ཕྱུགས་ཁྲ་ཁྲའི་འགོ་ལོ་རྫར་བྱེད་ལ།།
ཁྱོས་མི་བརྒྱའི་འགོ་ནས་ཚིག་བཤད་ལ།།
རྟ་བརྒྱའི་གོང་ནས་ལྕག་གཡུག་ཀ།།
དྲིན་ཕ་མའི་སྔུན་ནས་བལ་དཀར་གྱི་འཇམ་ཡིན།།
ནང་ཕུ་ནུའི་གྲལ་ནས་དར་སྐུད་ཀྱི་ཡག་ཡིན།།
དགྲ་ནག་པོའི་སྔུན་ནས་གློག་ཞགས་ཀྱི་མྱུར་ཡིན།།
གོས་ཚ་རུའི་ནང་ནས་མདའ་སྨྱུག་གི་དྲང་ཡིན།།
རྟ་འདོ་བའི་གོང་ནས་བལ་དཀར་གྱི་འཇམ་ཡིན།།
ཁྱོའི་ཁ་ལས་དམར་པོ་མྱེ་ཡིན།།
མྱེ་དམར་པོར་ཆག་འཇིག་མི་ཡོང་།།
ཁྱོའི་རླུང་རྟ་སྔོན་མོ་ཆུ་ཡིན།།
ཆུ་སྔོན་མོར་དར་རྒུད་མི་ཆག།
དེ་རིང་གྲལ་མགོའི་ཨ་ཁུ་སྨ་ར་ཅན་ཚོས།།
ཁྱོར་ལོ་གཡང་ར་ཚེ་གཡང་སྟེར་ར།།
གྲལ་སྐེད་ཀྱི་སྟག་ཤར་གྲི་ཆུང་ཅན་ཚོས།།
ཁྱོར་ཁ་གཡང་ར་བཀྲ་ཤིས་འབོད་ལ།།
གྲལ་རྔའི་བུ་མོ་དུང་རལ་ཅན་ཚོས།།
ཁྱོར་ལྟ་བ་ར་བསུ་བ་བྱེད་ལ་ཟེར་ཀི
མཆོད་ཨོཾ་ཨཱ་ཧཱུཾ།
རྒན་མགོ་དཀར་མན་ར་གཞོན་སོ་དཀར་ཡན་ནས།
ཁྱོར་ཁ་གཡང་བཀྲ་ཤིས་བོས་ན།
ཁྱོའི་ཁ་རྗེ་དབང་ཐང་དར་ར། འུ་གོ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号