ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > སྙན་སྒྲོན་གསར་རྩོམ་གྱི་རྨང་གཞི་སྟེ་མདོ་ཡིག་གྲ་སྒྲིག་གི་ཐབས་ལམ་སྐོར་རོབ་ཙམ་གླེང་བ།
སྙན་སྒྲོན་གསར་རྩོམ་གྱི་རྨང་གཞི་སྟེ་མདོ་ཡིག་གྲ་སྒྲིག་གི་ཐབས་ལམ་སྐོར་རོབ་ཙམ་གླེང་བ།
རྩོམ་པ་པོ།:གཏི་མུག་གླང་བོ་ནས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-06-17 09:48:00
ཀློག་གྲངས།:
སྙན་སྒྲོན་གསར་རྩོམ་གྱི་རྨང་གཞི་སྟེ་མདོ་ཡིག་གྲ་སྒྲིག་གི་ཐབས་ལམ་སྐོར་རོབ་ཙམ་གླེང་བ།
(浅谈播音创作的基础——备稿方法)
གཏི་མུག་གླང་བོ་ནས་བསྒྱུར།
ལེ་ཚན་སྙན་སྒྲོན་པ་དང་གཙོ་སྐྱོང་བའི་བསྒྲོན་བྱའི་མདོ་ཡིག་གང་ཡིན་དང་། ལེན་ཚན་གཙོ་སྐྱོང་བའི་ལེ་ཚན་སོ་སོར་ཚང་མར་དྲིལ་སྒྲོག་གི་དམིགས་ཡུལ་ངེས་ཅན་ཞིག་ལྡན་ཡོད། མདོ་ཚིག་གི་ནང་དོན་དང་། སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་བའི་གཤིས་སྤྱོད། སྙན་སྒྲོན་ཐབས་ལམ་བཅས་ནི་དྲིལ་བསྒྲགས་དམིགས་ཡུལ་ལ་རམ་འདེགས་བྱ་ཆེད་ཡིན། མདོ་ཡིག་ནི་དྲིལ་བསྒྲགས་དམིགས་ཡུལ་གྱི་ཉིང་བཅུད་ཡིན་ལ། ལེ་ཚན་བརྒྱུད་བསྒྲགས་དང་སྒྲིག་བཟོའི་གཞི་རྟེན་ཡིན་སྟབས། སྙན་སྒྲོན་པ་དང་ལེ་ཚན་གཙོ་སྐྱོང་བས་དྲིལ་བསྒྲགས་དམིགས་ཡུལ་ལེགས་འགྲུབ་ཡོངས་ཆེད་ངེས་པར་དུ་གཟབ་ནན་དང་ཞིབ་ཚགས་དགོས་སྙན་སྒྲོན་མདོ་ཡིག་གྲ་སྒྲིག་གང་འཚམས་བྱ་དགོས།
རྩོམ་མཁན་གྱིས་བཅར་འདྲིའི་ཐབས་ལམ་གང་རུང་ཞིག་བརྒྱུད་དེ་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དེ་མཐར་ཡིག་ངོས་མདོ་ཡིག་གི་རྣམ་པ་ཅིག་ཏུ་བསྒྱུར་སྐབས། རང་ཉིད་ནས་ཏང་དང་སྲིད་གཞུང་གི་བྱ་བའི་ཁ་ཕྱོགས་དང་དམིགས་སའི་རྒྱུས་ལོན། འཚོ་བའི་ངོས་འཛིན་བཅས་ཀྱང་མདོ་ཡིག་གི་ནང་མངོན་པར་བྱས་ཡོད་པས། ལེ་ཚན་སྙན་སྒྲོན་པས་མི་སྒེར་རང་དགར་གྱི་སྐད་ཆའི་རྣམ་པ་ཞིག་མ་ཡིན་པར་ངེས་པར་དུ་ཡིག་ངོས་མདོ་ཡིག་གི་ནང་དོན་དང་ཚད་བཀག་རང་བཞིན་ཡོད་པའི་སྒོ་ནས་ཡིག་ངོས་མདོ་ཡིག་དེ་ཁྱད་ཆོས་འབུར་ཐོན་གྱི་ངག་ཐོག་བརྒྱུད་སྒྲོག་གི་རྣམ་པ་ཅན་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན། སྙན་སྒྲོན་པས་ཡང་དག་པའི་སྒོ་ནས་ཕྱི་ཡུལ་གྱི་དོན་དངོས་ཚུར་སྣང་དང་། ཆེས་གསལ་ཆ་དོད་ཅིང་གནས་ལུགས་ལྡན་པའི་ངང་མདོ་ཡིག་གི་ནང་དོན་བརྒྱུད་སྒྲོག་བྱ་ཐུབ་ཚེ། བརྙན་འཕྲིན་དང་རླུང་འཕྲིན་གང་རུང་ལས་དྲིལ་བསྒྲགས་དམིགས་ཡུལ་མངོན་ཏུ་གྱུར་འོངས་ལ། ལེ་ཚན་སྙན་སྒྲོན་པ་དང་གཙོ་སྐྱོང་བ་ཞིག་གི་འོས་འགན་ཡང་ཆ་ཡོངས་ནས་ལེགས་འགྲུབ་བྱུང་བའོ།
མདོ་ཡིག་གྲ་སྒྲིག་ལེགས་པོ་ཞིག་བྱ་རྒྱུ་ནི་སྙན་སྒྲོན་གསར་རྩོམ་གྱི་རྨང་གཞིའི་གཞུང་ལུགས་ཀྱི་རྩ་བའི་གྲུབ་ཆ་ཞིག་ཡིན་ལ། སྙན་སྒྲོན་གསར་རྩོམ་གྱི་བྱ་འགུལ་སོ་སོའི་དབུ་ཁྱུད་དམ། མདོ་ཡིག་སྙན་སྒྲོན་གྱི་ཐོག་མའི་གོམ་པ་ཅི་ལྟར་སྤོ་པ་དེའོ།
མདོ་ཡིག་གྲ་སྒྲིག་ཞེས་པ་དེ་སྒྲ་ཡངས་དོག་གཉིས་སུ་ཕྱེས་ཆོག་ལ། སྒྲ་ཡངས་འཇུག་ལྟར་ན་ནམ་རྒྱུན་གཞུང་ལུགས་སློབ་སྦྱོང་དང་ཉམས་མྱོངས་གསོག་འཇོག་ཐད་འབད་པ་ཤ་ཐང་བགྱི་དགོས་པ་དེ་ཡིན། ལེ་ཚན་སྙན་སྒྲོན་པ་དང་གཙོ་སྐྱོང་བ་ནི་གསར་འགྱུར་ལས་དོན་པ་ཡིན་པས་ངེས་པར་དུ་ཆབ་སྲིད་བསམ་བློའི་གོ་རྟོགས་དང་གཞུང་ལུགས་ཆུ་ཚད། རིག་གནས་ཤེས་རྒྱ། གཏིང་ཟབ་པའི་ཆེད་ལས་རྨང་གཞིའི་ཤེས་བྱ་དང་། སྒྱུ་རྩལ་བྱང་ཚད་བཅས་ཆ་རྐྱེན་ལེགས་པོ་འཛོམས་དགོས། རྒྱུ་མཚན། ལེ་ཚན་སྙན་སྒྲོན་པ་དང་གཙོ་སྐྱོང་བའི་གོ་རྟོགས་ནུས་པ་དང་ཚོར་ཤུགས། མཚོན་ནུས། མདོ་ཚིག་གི་ཁྱབ་སྒྲོག་ནུས་པ་བཅས་ལེ་ཚན་སྙན་སྒྲོན་གྱི་བྱང་ཚད་གསོ་སྐྱོང་དང་འབྲེལ་བ་ཆེས་ཆེར་ལྡན་ཡོད། འདི་དག་ཚང་མ་ལོ་ཟླ་གང་མང་ཞིག་གི་རྒྱུན་ལྡན་གྱི་སློབ་སྦྱོང་དང་ལག་ལེན་དངོས་བརྒྱུད་དེ་རྒྱུད་ལ་ངེས་པར་བྱ་དགོས་ལ། ང་ཚོའི་སྙན་སྒྲོན་ལ་རྒྱལ་ཁ་ཐོབ་མིན་ཡང་འདི་ལྟ་བུའི་སློབ་སྦྱོང་དང་ཉམས་མྱོངས་གསོག་འཇོག་གི་ཆུ་ཚད་ཅིག་གིས་ཐག་གཅོད་དགོས། མདོར་ན། འདི་ལྟ་བུའི་མདོ་ཡིག་གྲ་སྒྲིག་ནི་སྙན་སྒྲོན་གསར་རྩོམ་གྱི་རྨང་གཞིར་གྱུར་ཡོད།
སྒྲ་དོག་འཇུག་གི་མདོ་ཡིག་གྲ་སྒྲིག་ཞེས་པ་ནི་སྙན་སྒྲོན་སྔོན་གྱི་བྱེ་བྲག་གི་མདོ་ཡིག་གྲ་སྒྲིག་ཅིག་ལ་བྱ། སྙན་སྒྲོན་པ་མི་འདྲ་བ་དང་སྒྲོན་བྱའི་མདོ་ཡིག་མི་འདྲ་བས་རྐྱེན་གྱིས་ཅི་ལྟར་མདོ་ཡིག་གྲ་སྒྲིག་བྱེད་སྟངས་ལའང་མི་འདྲ་བའི་ཆ་ཅུང་ཟད་རེ་ཡོད་སྲིད་མོད། འོན་ཀྱང་། སྙན་སྒྲོན་གསར་རྩོམ་གྱི་གཞི་རྩའི་ཐད་ནས་བལྟས་ན་རྩ་བའི་ཐབས་ལམ་གཅིག་པ་ཡིན་འདུག་སྟེ། རིམ་པ་དགར་བ་དང་བརྗོད་གཞི་མདོར་སྡུད། རྒྱབ་ལྗོངས་དང་འབྲེལ་བ། དམིགས་ཡུལ་གསལ་བ། གཙོ་གནད་འཚོལ་བ། བརྗོད་སྙིང་གཏན་འབེབ་བཅས་མདོར་བསྡུས་ན་རིམ་པ་དྲུག་སྟེ། དེ་ལ་སྙན་སྒྲོན་མདོ་ཡིག་གྲ་སྒྲིག་གི་ཐབས་ལམ་དྲུག་ཡང་ཟེར། (备稿的六步法)
གཅིག རིམ་པ་དགར་བ། (划分层次)
འདིར་བརྗོད་པའི་རིམ་པ་ཞེས་པ་ནི་མདོ་ཡིག་གི་སྒྲིག་གཞིའམ་བཀོད་སྒྲིག་བྱེད་སྟངས་ལ་ཟེར། མདོ་ཡིག་ལག་ཏུ་ཟིན་རྗེས་ཐོག་མར་དེ་རིམ་པ་ག་འདྲ་ཞིག་ལ་བརྟེན་ནས་འགྲུབ་ཏུ་བཅུག་ཡོད་པར་བལྟ་དགོས། མདོ་ཡིག་མ་ཟིན་གྱི་སྒྲིག་གཞི་བཀོད་སྟངས་ལ་ངོས་འཛིན་གསལ་བོ་བྱས་ན། ད་གཟོད་ང་ཚོའི་ངག་ཐོག་དྲིལ་སྒྲོག་གི་དམུགས་ཡུལ་འགྲུབ་པར་ཕན་པ་བླ་ལྷག་འདུག་པས་ཐོག་མར་མདོ་ཡིག་གི་ཚིག་རྐང་དང་ལེའུ་རེ་རེར་གོམ་གང་མདུན་སྤོས་ཀྱིས་ལེགས་སྒྲིག་བཟང་བོ་བྱེད་དགོས་ལ། དེ་བས་སྙན་སྒྲོན་གྱི་ངོས་ཐད་ནས་མདོ་ཡིག་ཁྲོད་ཀྱི་རང་བྱུང་ཚན་པ་དག་ཟླ་སྒྲིལ་དང་རིགས་དབྱེ་གཉིས་སུ་བྱ་དགོས།
༡ ཟླ་སྒྲིལ།(归并)
ཟླ་སྒྲིལ་ཞེས་པ་ནི་མདོ་ཡིག་གི་ནང་དོན་དང་འབྲེལ་བ་དམ་ཟབ་ལྡན་པའི་དུམ་བུ་དག་ཕྱོགས་གཅིག་ཏུ་སྒྲིལ་ཏེ་རིམ་པ་ཅུང་ཆེ་ཤོས་ཤིག་ཏུ་བསྒྲུབ་པ། གལ་ཏེ་ཡིག་ཚོགས་ཅུང་མང་འདུག་ཚེ། རིམ་པ་ཅུང་ཆེ་ཤོས་དེ་ལས་ཡང་འབྲེལ་བ་དམ་ཟབ་ལྡན་པའི་ནང་དོན་དག་རིགས་སྒྲིལ་ཏེ་ཚན་པ་ཆུང་ངུ་ཅིག་ཏུ་བཟོས་ཤིང་། མུ་མཐུད་ཚན་ཆུང་ནས་ཚན་ཆུང་དུ་དགར་ཆོག དེ་ལྟར་མདོ་ཡིག་གི་ནང་དོན་ཟླ་སྒྲིལ་གྱི་རིམ་པ་དགར་བའི་གནས་ཚུལ་འོག་མདོ་ཡིག་གི་ཡིག་ཚོགས་མང་བའི་སྣང་ཚུལ་ཇེ་ཉུང་དུ་འགྲོ་སྲིད། རིམ་པ་དང་ཚན་པ་ཟླ་སྒྲིལ་བྱས་རྗེས། མདོ་ཡིག་གི་རགས་བསྡུས་རིམ་པའི་ནང་དོན་གཙོ་བོ་སྒྲིལ་བ་དང་། ནང་དོན་གཙོ་བོའི་ཉིང་བསྡུས་མདོ་དོན་དུ་སྒྲིལ་དགོས།
༢ དགར་བ། (划分)
དགར་ཞེས་པ་ནི་རང་བྱུང་ཚན་པ་ཞིག་གི་ནང་ནང་གནས་ཀྱི་འབྲེལ་བ་དམ་པའི་ཚིག་རྐང་ཅུང་རིང་བ་དག་རིམ་པ་ཆུང་ངུར་དགར་བ་ལ་བྱ་ཞིང་། ཡིག་ཟོར་ཉུང་བ་དག་དེ་ལྟར་མ་དགར་ནའང་ཆོག་མོད། ཅུང་རིང་བའི་རང་བྱུང་ཚན་པ་དག་ངེས་པར་ཏུ་རིམ་པ་དགར་དགོས།
འདི་ལྟར་རང་བྱུང་ཚན་པ་དག་རིམ་པར་དགར་བའི་དམིགས་ཡུལ་ནི་ཚིག་ཚོགས་ཇེ་ཉུང་དང་ཚིག་གི་ནུས་པ་ཇེ་ལེགས་སུ་བཏང་སྟེ། བརྗོད་བྱ་ཁ་གསལ་ཅན་ཏུ་གཏོང་བ་དེའོ།
གཉིས། བརྗོད་དོན་མདོར་སྡུད། (概括主题)
བརྗོད་གཞི་ཞེས་པ་ནི་མདོ་ཡིག་གི་བརྗོད་སྙིང་་གཙོ་བོའི་ཁྲོད་ཀྱི་བསམ་བློའི་བརྗོད་དོན་སྟེ། མདོ་ཡིག་གི་དགོངས་དོན་སྙིང་བོ་དང་གླེང་གཞི་གཙོ་བོ་ལ་གོ་དགོས།
གསུམ། རྒྱབ་ལྗོངས་དང་འབྲེལ་བ། (联系背景)
རྒྱབ་ལྗོངས་ཞེས་པ་ནི་གཅིག་ནས་མདོ་ཡིག་གི་ནང་དོན་དང་འབྲེལ་ཡོད་ཀྱི་ཏང་དང་སྲིད་གཞུང་གི་བྱ་བའི་ལམ་ཕྱོགས་དང་སྲིད་ཇུས་བཅས་ལ་གོ་དགོས་ཤིང་། གཉིས་སུ་རྒྱལ་སྤྱི་དང་རྒྱལ་ནང་གི་ཕྱོགས་སོ་སོའི་དངོས་ཡོད་གནས་ཚུལ་དང་དེའི་འགྱུར་ལྡོག་ལ་བྱ། སྔུན་མ་དེར་གོང་གི་གནས་ཚུལ་དང་གཞུག་མ་དེར་འོག་གི་གནས་ཚུལ་ཅེས་ཟེར་ཞིང་། དེ་ལས་འོག་གི་གནས་ཚུལ་ལ་ཡང་ལངས་ཕྱོགས་གཙོ་བོ་དང་ལངས་ཕྱོགས་ཕལ་བ་གཉིས་ཡོད། འཕེལ་ཕྱོགས་གཙོ་བོ (主流)ཞེས་པ་ནི་མདོ་ཡིག་གི་ནང་དོན་དང་འབྲེལ་ཡོད་ཀྱི་དངོས་ཡོད་གནས་ཚུལ་དང་དེའི་འགྱུར་ལྡོག་ཁྲོད་ཀྱི་ཐོབ་འབྲས་ཀྱི་ཆ། བཟང་ཕྱོགས་དང་བྱ་དངོས་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་པའི་མདུན་སྐྱོད་ཀྱི་ཆ་ལ་གོ་དགོས། འཕེལ་ཕྱོགས་ཕལ་བ (支流)་ཞེས་པ་ནི་མདོ་ཡིག་གི་ནང་དོན་དང་འབྲེལ་ཡོད་ཀྱི་དངོས་ཡོད་གནས་ཚུལ་དང་དེའི་འགྱུར་ལྡོག་ཁྲོད་ཀྱི་གནད་དོན་དང་མི་ལེགས་པའི་ཆ་དེར་གོ རྒྱབ་ལྗོངས་ལ་དབྱེ་ཞིབ་བྱེད་པ་ནི་མདོ་ཚིག་ཁྲོད་ཀྱི་སྲིད་ཇུས་དགོངས་དོན་དང་སྙན་སྒྲོན་གྱི་དམིགས་སའི་རང་བཞིན་ལ་ངོས་འཛིན་དང་གདེང་ཚོད་བརྟན་པོ་ལོན་རྒྱུ་དེའོ།
བཞི། དམིགས་ཡུལ་གསལ་བ། (明确目的)
དེ་ནི་དམིགས་ཡུལ་གང་དང་ཅི་ལྟ་བུ་ཞིག་གི་ཆེད་དུ་སྒྲོན་བྱའི་མདོ་ཡིག་ཡིན་པ་ཤེས་རྗེས། ད་དུང་གོམ་གང་མདུན་སྤོས་ཀྱིས་ལེ་ཚན་སྙན་སྒྲོན་པ་དང་གཙོ་སྐྱོང་བས་སྙན་སྒྲོན་བརྒྱུད་དེ་དྲིལ་བསྒྲགས་ཀྱི་དམིགས་ཡུལ་ཅི་ལྟ་བུ་ཞིག་ལ་སླེབས་དགོས་པ་གསལ་བོ་བྱ་དགོས། དམིགས་ཡུལ་ཅེས་པ་ནི་མདོ་ཡིག་རྩོམ་མཁན་གྱི་དགོངས་དོན་གསལ་བོ་བྱེད་རྒྱུ་དེ་ཡིན་མོད། འོན་ཀྱང་ང་ཚོས་འདིར་ངེས་གསལ་བྱ་དགོས་པའི་དམིགས་ཡུལ་ཅེས་པ་ནི་སྙན་སྒྲོན་པ་དང་གཙོ་སྐྱོང་བའི་སྙན་སྒྲོན་གྱི་དམིགས་ཡུལ་སྟེ། མདོ་ཡིག་སྙན་དུ་བསྒྲོན་རྗེས་ཀྱི་སྤྱི་ཚོགས་སུ་ཐོན་པའི་བྱེད་ནུས་ལ་གོ་དགོས།
ལྔ། གཙོ་གནད་འཚོལ་བ། (找出重点)
གཙོ་གནད་འཚོལ་བ་ཅེས་པ་ནི་སྤྱིར་བཏང་དུ་ཐད་ཀར་བརྗོད་གཞི་གསལ་ཞིང་དམིགས་ཡུལ་མངོན་པ། བརྩེ་དུངས་ཀྱིས་བྱུག་པ། ཉན་མཁན་གྱི་ཡིད་དབང་འགུག་པ་བཅས་ཀྱི་ཆ་དེ་ཡིན། དེ་ལ་ཡང་སྤྱིར་བཏང་དུ་གཅིག་བསྡུས་དང་ཁ་ཐོར་གྱི་རྣམ་པ་རིགས་གཉིས་སུ་ཕྱེས་ཡོད་དེ། གཅིག་བསྡུས་ནི་མདོ་ཡིག་གི་གཙོ་གནད་དེ་རང་གྲུབ་ཚན་པ་གཅིག་གམ་དུ་མར་སྡུད་པ་ལ་ཟེར་ཞིང་། ཁ་ཐོར་ནི་མདོ་ཡིག་གི་གཙོ་གནད་དེ་རྩོམ་ཡིག་སྤྱིའི་ཁོངས་སུ་ཁྱབ་འགྲེམ་བྱས་པ་ལ་ཟེར། གཙོ་གནད་མེད་ན་དམིགས་ཡུལ་ཡོད་མི་སྲིད་མོད། འོན་ཀྱང་རྩོམ་ཁོངས་ཡོད་ཚད་གཙོ་གནད་དུ་གྱུར་ཚེ་ཡང་གཙོ་གནད་ཟེར་བ་ཞིག་འཚོལ་རྒྱུ་མེད་པས། གཙོ་གནད་ཁ་ཐོར་ཅེས་པ་ཡང་ཆ་སྙོམས་ཀྱི་ཁྱབ་འགྲེམ་ཅིག་མ་ཡིན་ནོ།
དྲུག བརྗོད་སྙིང་གཏན་འབེབ།(确定基调)
བརྗོད་སྙིང་གཏན་འབེབ་ཅེས་པ་ནི་མདོ་ཡིག་སྤྱིའི་བསམ་བློའི་འགྱུར་བ་དང་ཚད་གཞི། སྙན་སྒྲོན་སྐབས་ཀྱི་སྤྱིའི་རྣམ་འགྱུར་འཛིན་སྟངས་དང་བསམ་ཕྱོགས་གཙོ་བོ་ལས། ཚིག་རྐང་གཅིག་གམ་ཚན་པ་གཅིག་གི་བསམ་བློའི་འགྱུར་བ་དང་ཚད་གཞིར་མི་གོ་ཞིང་། སྙན་སྒྲོན་སྐབས་ཀྱི་སྐད་གདངས་ཀྱི་མཐོ་དམན་ཙམ་ལ་ཟེར་བ་ཡང་མ་ཡིན། མདོ་ཡིག་སྤྱིའི་བསམ་བློའི་འགྱུར་བ་དང་ཚད་གཞི། ད་དུང་སྙན་སྒྲོན་སྐབས་ཀྱི་རྣམ་འགྱུར་དང་བསམ་ཕྱོགས་བཅས་ཀྱིས་ལེ་ཚན་སྙན་སྒྲོན་པ་དང་གཙོ་སྐྱོང་བས་མདོ་ཡིག་ངོས་འཛིན་དང་རོལ་མྱོངས་བྱས་པའི་སྤྱི་ཁོག་གི་ཚད་གཞི་ཞིག་མཚོན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།