མ་བྱིན་ལེན་གྱི་རིན་ཐང་ལ་དཔྱད་པ།
རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-27 09:14:00
ཀློག་གྲངས།:
སྙིགས་དུས་འགྲོ་བའི་སྙིང་གི་མུན་ཁང་དུ། །
ཤེས་རབ་མེ་ཆེན་སྦར་བའི་སྣང་བ་ཡིས། །
ཐར་ལམ་ཡང་ཡང་གསལ་མཛད་ཤཱཀྱའི་སྲས། །
འགྲོ་བའི་འདྲེན་པ་དུས་ཀུན་སྤྱི་བོས་བསྙེན། །
འདི་ལ་གཉིས་ཏེ་གཞན་ལུགས་རྗེས་སུ་བརྗོད་པ་དང་། རང་ལུགས་གཞག་པའོ། །དང་པོ་ལའང་དངོས་དང་དེ་ལ་དཔྱད་པ་གཉིས་ལས། དང་པོ་ནི་ཀུན་མཁྱེན་མཚོ་སྣ་པས། པཎྜི་ཏ་ཨ་མི་དེ་བའི་གདམས་ངག་ལས། གསོད་པའི་ཆད་པ་འཐོབ་པའི་ཚད་དུ་བཞེད་པར་གསུངས། སློབ་དཔོན་ཀ་མ་ལ་ཤཱི་ལས། དངུལ་ཞོ་གང་དུ་གསུངས། དེས་གཞན་ལུགས་བཀོད་པར། ཁ་ཅིག་དངུལ་ཞོའི་བརྒྱད་ཆར་བཞེད་པར་གསུངས། འོད་ལྡན་ལས་ནས་ཁལ་བཞིར་གསུངས། དུལ་ལྷའི་སློབ་ཕན་ལས། ནས་ཁལ་ཕྱེད་དུ་གསུངས། འགྲེལ་ཆུང་ལས། དངུལ་ཞོའི་བརྒྱད་ཆར་གསུངས་སོ། །དེས་ན་རྒྱ་གར་ན་རིན་ཚད་ཆེ་མཐའ་གསོད་པའི་ཆད་པ་འཐོབ་པའི་ཚད་དང་། ཆུང་མཐའ་དངུལ་ཞོའི་བརྒྱད་ཆ་ཙམ་གྱི་བར་ཅི་རིགས་པ་བྱུང་སྣང་། རྒྱ་ནག་ནའང་གསོད་པའི་ཆད་པ་འཐོབ་ཚད་དང་། ཆོས་གོས་ཆ་གཅིག་རིན་ཙམ་གྱི་ཚད་སོགས་སུ་བཞེད་པ་ཡོད་པར་ཐོས་སོ། གངས་ཅན་ན་མཚོ་སྣ་པ་དང་། ཀརྨ་པ་མི་བསྐྱོད་པ་དང་། ཤ་མི་རྣམས་རྒྱལ་ཁྲིམས་ཡོད་སར་སྲོག་གི་ཆད་པ་འཐོབ་པའི་ཚད་ཡིན་ཟེར། རྒྱ་འདུལ་འཛིན་དབང་ཕྱུག་ཚུལ་ཁྲིམས་ཀྱང་སྲོག་ཆད་འཐོབ་པའི་དབང་དུ་བྱས་ཏེ་རྟ་རྒོད་མ་རེ་ཙམ་ཡིན་ཟེར། ཁ་ཅིག་རྣམ་འབྱེད་ལས། གསོད་དམ་འཆང་ངམ་སྤྱུགས་ཀྱང་རུང་ཞེས་གསུངས་པས་ཆད་པ་ཙམ་གཅོད་པའི་ཚད་ཡིན་གསུངས། སྐྱེད་ཚལ་པ་དང་ངག་ཆོས་ནི་མུ་གེ་མེད་པའི་ཚེ་ཁལ་བཞི་ནས་མུ་གེའི་ཚེ་ཁལ་ཕྱེད་ཀྱི་ཚད་དུ་གསུངས། སྐྱོར་མོ་ལུང་སྦལ་ཏིས་ནས་ཁལ་བཞི་ཙམ་དུ་བཞེད། ལོ་ཆེན་དྷརྨ་ཤཱིས་མུ་གེ་མེད་དུས་ཁལ་ལྔ་ཙམ་དུ་གསུངས། རེད་མདའ་པས་གསེར་ཞོ་ཕྱེད། གོ་རམས་པ་བསོད་ནམས་སེང་གེས་གསེར་ཞོ་གང་གི་བརྒྱད་ཆ་སྟེ་ནས་ཁལ་ཕྱེད་དང་འགྲིགས་པར་བཞེད། འཇམ་བཞད་ནི་མུ་གེའི་དུས་དངུལ་ཞོ་གང་གི་བརྒྱད་ཆ་དང་། གཞན་དུ་གསེར་དངུལ་ཞོའི་བརྒྱད་ཆར་འཐད་གསུངས། རྒྱལ་བ་དགེ་འདུན་གྲུབ་སོགས་ཀྱང་གསེར་སེ་བ་གསུམ་དུ་གསུངས། ལྔ་པ་ཆེན་མོའི་ཡོངས་འཛིན་གྲགས་པ་རྒྱ་མཚོས་གསེར་ཞོའི་བརྒྱད་ཆའི་རིན་ཐང་ལ་བྱེད། གྲགས་པ་རྒྱལ་མཚན་གྱི་རྩ་ལྟུང་འཁྲུལ་སྤོང་ལས་ནི་ནངས་གཅིག་འགྲང་བའི་ཁ་ཟས་བྱ་ན་ཅུང་ཟད་དང་བཅས་པ་ཙམ་གྱི་ལོངས་སྤྱོད་ཀྱི་ཚད་དུ་བཞེད། ཁ་ཅིག་དངུལ་ཞོའི་བརྒྱད་ཆར་བསམས་ནས་ནས་བྲེ་དོ་ཙམ་དུ་བཞེད་པའང་ཡོད་དོ། ། གཉིས་པ་དེ་ལ་དཔྱད་པ་ནི། དེ་ལྟར་རྒྱ་གར་རྒྱ་ནག་བོད་རྣམས་སུ་བཞེད་པ་མི་གཅིག་པ་དུ་མ་ཞིག་བྱུང་བ་ལས་གང་དུ་རྒྱལ་ཁྲིམས་ཡོད་ས་དེར་ནི་སྲོག་གི་ཆད་པ་འཐོབ་པ་ཞིག་རྐུ་ན་ཕམ་གྱི་དེ་མན་ཆད་ཀྱིས་མི་ཕམ་གསུངས་པ་དེར་ཐེ་ཚོམ་ཆེ་ཙམ་བྱུང་བས་ཅུང་ཟད་དཔྱད་པར་འདོད་དོ། །དེ་ཡང་སྤྱིར་སྔོན་གྱི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་སྐྱེས་སྦྱངས་ཀྱི་བློ་གྲོས་ཉི་ཟླའི་དཀྱིལ་འཁོར་ལྟར་རབ་ཏུ་གསལ་བ་དག་གི་དགོངས་པར་དུས་ཀྱི་ཡང་མཐར་བྱུང་བའི་སྐྱེ་བོ་བློ་གྲོས་སྲིན་བུའི་འོད་ལས་དམན་པས་ཀྱང་དཔྱད་པ་ཁུར་དུ་ལེན་ཁུལ་བགྱིད་པ་ཤིན་ཏུ་མི་འོས་ཤིང་། ཁྱད་པར་དུ་ཀུན་མཁྱེན་མཚོ་སྣ་པ་ལྟ་བུ་གངས་རིའི་ཁྲོད་ཀྱི་ཉེ་བར་འཁོར་ཞེས་ཡོངས་སུ་གྲགས་ཤིང་གྲུབ་ལ་ཐུབ་བསྟན་ཡོངས་ཀྱི་གཞི་མ་འདུལ་བ་སོ་སོར་ཐར་པ་བསིལ་ལྡན་དུ་ཇི་སྲིད་གནས་པ་དེ་སྲིད་དུ་མཛད་རྗེས་ཀྱི་རི་མོ་བསུབ་ཏུ་མེད་པར་ཁོ་བོའང་ཤིན་ཏུ་འཚལ་པས་དེ་ཉིད་ཀྱི་ལེགས་བཤད་ལ་མ་གུས་པ་མེད་ཅིང་། དེང་དུས་ཁ་ཅིག་རིགས་པ་རྣམ་དག་གཅིག་ཀྱང་སྨྲ་རྒྱུ་མེད་པར་སྔོན་གྱི་མཁས་པ་རྩོད་མེད་དག་ལའང་སུན་ཅི་ཕྱིན་ཏུ་རྒོལ་བར་བྱེད་པའི་ལུགས་ངན་དེའི་རྗེས་སུ་འབྲངས་པའང་མ་ཡིན་ནོ། །དེ་ལྟ་ནའང་མ་བྱིན་ལེན་གྱི་རིན་ཐང་གི་ཚད་འདི་ནི་ཤིན་ཏུ་གལ་ཆེ་བས་རང་གི་རྨོངས་བློར་ཇི་ལྟར་ཤར་ཚད་བརྗོད་ན། ཐོག་མར། མཚོ་ཊཱིཀ་ལས། དེ་ལྟ་ན་ཡུལ་དུས་དེ་ན་རྒྱལ་ཁྲིམས་ཡོད་ན་ཚད་ཅི་ཙམ་ཞིག་བརྐུས་ན་གསོད་པའི་ཉེས་པ་ཡོད་པ་དེ་ཙམ་གྱིས་ཕམ་པར་འགྱུར་བའོ། །འདི་ལ་ལུང་རིགས་གཉིས་ལས། ལུང་རྣམ་འབྱེད་ལས་མ་ཤ་ཀ་ལྔ་བརྐུས་ན་རྒྱལ་པོ་མ་སྐྱེས་དགྲས་གྱོད་ལ་དཀྲི་ཞིང་སྲོག་དང་འབྲལ་བར་བྱེད་པ་དེ་བཞིན་དུ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ན་ཕམ་པར་འགྱུར་ཞེས་གསུངས་ཏེ། གསོད་པའི་ཆད་པའི་ཚད་དང་རིན་ཐང་མཉམ་སྟེ་བཅས་པ་མཛད་པ་དེ་ནི་འདིའི་ལུང་ཡིན་ནོ། །ཞེས་གསུངས་སོ། །འོན་ཀྱང་ལུང་འདི་ལས་ནི་ཅི་ཙམ་བརྐུས་ན་རྒྱལ་པོ་མ་སྐྱེས་དགྲས་གྱོད་ལ་དཀྲི་ཞིང་སྲོག་གཅོད་པའི་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པ་དེ་ཉིད་ཚད་དུ་བཙུགས་ཏེ། དེང་ཕྱིན་ཆད་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པ་བརྐུས་ན་ཕམ་པར་འགྱུར་ཞེས་བཅས་པ་མཛད་པ་ལུང་རྣམ་འབྱེད་དང་ཞུ་བ་རྣམས་ཀྱི་དངོས་བསྟན་དུ་ཤིན་ཏུ་གསལ་གྱི་དེང་ཕྱིན་ཆད་ཅི་ཙམ་བརྐུས་པས་སྲོག་གཅོད་པར་འགྱུར་བ་དེ་བརྐུས་ན་ཕམ་ཞེས་བཅས་པ་མཛད་པར་གཏན་མི་སྣང་ངོ་། །གལ་ཏེ་ཡོད་དེ། སོར་མདོ་ལས། ཅི་ཙམ་མ་བྱིན་པ་བླངས་པས་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་འདི་སྐད་ཅེས་ཞེས་པ་ནས་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པ་ལེན་ན་དགེ་སློང་དེ་ཕམ་པར་འགྱུར་བ་ཡིན་གྱིས། ཞེས་གསུངས་པས་སོ་ཟེར་ན། འདི་ཙམ་གྱིས་གསོད་པའི་ཆད་པ་ཁོ་ནའི་དབང་དུ་བྱས་པར་གཏན་ནས་མི་འགྲུབ་སྟེ། འདི་ནི་དགེ་སློང་གང་གིས་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པ་བརྐུས་ན་དེ་རྒྱལ་པོའམ་བློན་པོས་བཟུང་ནས་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་དགེ་སློང་དེ་ཕམ་པར་འགྱུར་ཞེས་པའི་དོན་ཡིན་པའི་ཕྱིར། དེ་ཡིན་ཏེ་དེའི་དོན་རྣམ་འབྱེད་ཀྱིས་དེ་ལྟར་བཤད་པའི་ཕྱིར་ཏེ། དེ་ཉིད་ལས། རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི། མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པའང་ཡིན་ནོ། །བླངས་ན་ཞེས་བྱ་བ་ནི། ལེན་ནའོ། །ཅི་ཙམ་མ་བྱིན་པར་བླངས་པས་ཞེས་བྱ་བ་ནི། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ། །ཞེས་ཅི་ཙམ་བླངས་ན་ཕམ་པའི་ཚད་ནི་མ་ཤ་ཀ་ལྔ་ལ་བཟུང་ངོ་། །དེ་ནི་དེའི་ཚེ་དེ་ཙམ་བརྐུས་པས་སྲོག་གཅོད་པའི་ཆད་པ་འཐོབ་པས་ཡིན་སྙམ་ན། དེའི་ཚེ་དེ་ཙམ་བརྐུས་པས་གསོད་པ་བདེན་མོད། གོང་སྨྲས་བཞིན་བསླབ་པ་འཆའ་ཚེ་ཀར་ཤ་པ་ཎིའི་བཞི་ཆ་དེ་ཉིད་ཚད་དུ་བྱས་ནས་བཅས་པས་ལྟུང་བ་བཅས་པའི་རྗེས་སུ་འགྲོའོ། །སྲོག་གཅོད་མི་གཅོད་ཁོ་ན་ཚད་དུ་བྱས་ནས་བཅས་པ་མཛད་པའི་ལུང་ནི་མི་རྙེད་དོ། །གལ་ཏེ་སོར་མདོའི་ལུང་དེ་ཉིད་སོར་བཞག་ཀྱང་གསོད་པའི་ཚད་ཁོ་ནར་གཏན་མི་འགྲུབ་སྟེ། རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དེ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ་བྱིས་པའོ་བླུན་པའོ་རྐུན་པའོ་ཞེས་ཟེར་ཞིང་། གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། ཞེས་གདམ་ང་ཅན་བྱས་ཏེ། དགེ་སློང་དེ་ལྟར་མ་བྱིན་པ་ལེན་ན་དགེ་སློང་དེ་ཕམ་པར་འགྱུར། ཞེས་གསུངས་པའི་དེ་ལྟར་ཞེས་པ་གོང་གི་གསོད་སོགས་གསུམ་ལས་གང་རུང་ལ་མི་སྙེགས་ན་གང་ལ་སྙེགས། སྙེགས་ན་དེ་གསུམ་གང་བྱས་ཀྱང་རུང་སྟེ་ཕམ་པར་འགྱུར་ཞེས་བསྟན་གྱི་གསོད་ཚད་ཁོ་ན་ཇི་ལྟར་བསྟན། འདིའི་སྐབས་སུ་ཀར་ཊཱིཀ་ལས། ཕྱི་རབས་པ་ཁ་ཅིག གསོད་པའི་ཆད་པ་ཁོ་ན་དང་བསྟུན་པའི་རྟགས་མ་གྲུབ་སྟེ། ཆད་པས་གཅོད་པ་ཙམ་དང་བསྟུན་པའི་ཕྱིར། ཞེས་སོགས་བཀོད་ནས། དེས་ཀྱང་མ་ཤེས་པ་ཡིན་ཏེ། གསོད་དམ་ཞེས་དང་པོར་གསོད་པའི་སྒྲ་སྨོས་པས་ཀྱང་གསོད་པ་ཉིད་ཀྱི་ཆད་པ་དང་བསྟུན་པ་ཡིན་ལ། འཆིང་ངམ་སྤྱུགས་པའི་སྒྲས་ནི་གསོད་པའི་ཆད་པའི་ཡུལ་ལ་གཞན་གྱི་ངོ་འཇུག་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསུངས་སོ། །མ་བྱིན་ལེན་གྱི་ཕམ་པའི་ཚད་ཆོས་ཅན། གསོད་པའི་དབང་དུ་བྱས་པ་ཡིན་ཏེ། གསོད་དམ་ཞེས་སྔོན་དུ་སྨོས་པའི་ཕྱིར་ཞེ་ན་ཤིན་ཏུ་མ་ཁྱབ་སྟེ། ཚིག་གདམ་ང་ཅན་རྣམས་ཀྱི་སྔོན་དུ་སྨོས་པ་ཙམ་གྱིས་དེ་ཁོ་ནའི་དབང་དུ་བྱས་པ་ཚད་མ་གང་གིས་སྒྲུབ་པ་སྨྲ་དགོས་སོ། །ཅིས་ཀྱང་འགྲུབ་ན་སྲོག་གཅོད་པའི་ཕམ་པའི་གཞིའང་མིའམ་མིར་ཆགས་པ་གཉིས་ལས་མི་ཁོ་ན་དང་། སྦྱོར་བའང་རང་གི་ལག་གིས་གསོད་པ་ཁོ་ན་དགོས་པར་ཐལ། སོར་མདོ་ལས། ཡང་དགེ་སློང་གང་མིའམ་མིར་ཆགས་པ་ལ་བསམ་བཞིན་དུ་རང་གི་ལག་གིས་བསྟར་ཏེ་སྲོག་གཅོད་དམ། དེ་ལ་མཚོན་བྱིན་ནམ། ཞེས་སོགས་དང་། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། ཞེས་པ་ནས། དེ་ཡང་རྩོམ་པ་དེའི་དུས་བྱས་ན་དགེ་སློང་དེ་ཡང་ཕམ་པར་འགྱུར་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར་རོ། །ཕྱི་མ་རྣམས་ངོ་འཇུག་པའི་དབང་དུ་བྱས་པ་ཡིན་ཞེས་གསུངས་པ་ནི་ལུང་གི་དངོས་བསྟན་དང་ཤིན་ཏུ་འགལ་ཞིང་། རྣམ་འབྱེད་དང་དེའི་འགྲེལ་བ། ཕྲན་ཚེགས། ཞུ་བ། མདོ་རྩའི་འགྲེལ་བ་བཞི། སོར་མདོའི་འགྲེལ་བ་བརྒྱད་གང་ནའང་མི་སྣང་བས་དེའི་ཁུངས་གང་ཡིན་དང་དག་བྱེད་ཀྱི་རིགས་པ་དང་བཅས་པ་སྨྲ་དགོས་ཀྱི་གཞན་དུ་ཆེས་ཆེར་དཀའ་བ་ཡིན་ནོ། །ཡང་མཚོ་ཊཱིཀ་ལས་རིགས་པའི་སྒྲུབ་བྱེད་གསུངས་པ། རིགས་པས་ཀྱང་སངས་རྒྱས་ཀྱི་རང་གི་ཉན་ཐོས་རྣམས་ཉེས་པ་ལས་ཟློག་པར་བྱེད་པ་དང་། རྒྱལ་པོས་རང་གི་མི་སྡེ་རྣམས་ཉེས་པ་ལས་ཟློག་པར་བྱེད་པ་ལ་ཆད་པ་རབ་ཕམ་པའི་ཆད་པ་དང་། ཆད་པ་རབ་གསོད་པའི་ཆད་པ་སྟེ། རང་རང་གི་ཆད་པ་རབ་ཀྱི་རིན་ཐང་དུ་མཚུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལ་ཁྱབ་པ་ཡོད་ན། གསོད་པའི་ཕམ་པ་དང་སྨྲ་བའི་ཕམ་པ་གཉིས་པོའང་ཡུལ་དུས་དེར་རྒྱལ་ཁྲིམས་ཡོད་ན་ཅི་ཙམ་བསད་པས་དང་ཅི་ཙམ་རྫུན་དུ་སྨྲས་པས་འགུམ་པར་བགྱིད་པ་དེ་ཙམ་གྱིས་ཕམ་གྱི་གསོད་སེམས་ཀྱིས་མིའམ་མིར་ཆགས་པ་བཀུམ་པ་ཙམ་དང་། འདུ་ཤེས་བསྒྱུར་ཏེ་མི་ཆོས་བླ་མ་སྨྲས་ཏེ་གོ་བ་ཙམ་གྱིས་ཕམ་པར་མི་འགྱུར་ཞེས་སྨྲ་དགོས་པར་འགྱུར་རོ། །སྤྱིར་མ་ཁྱབ་ཀྱང་མ་བྱིན་ལེན་པའི་ཕམ་པ་ལ་ཁྱབ་ཟེར་ན། དེ་ཡང་མི་འགྲུབ་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་ཀར་ཤ་པ་ཎའི་བཞི་ཆ་ཉིད་ཚད་དུ་གཏན་ལ་ཕབ་པའི་ཕྱིར་རོ།།གལ་ཏེ་རྐུ་ཕམ་གྱི་ཚད་ཡུལ་དུས་དེའི་རྒྱལ་ཁྲིམས་ཀྱི་གསོད་པའི་ཚད་ཁོ་ན་དང་བསྟུན་དགོས་པར་སངས་རྒྱས་རང་གིས་གསུངས་པ་ཞིག་ཡོད་ན་ནི་ཅིས་ཀྱང་བསྟན་དུ་གསོལ། གཞན་དག་གིས་སྨྲས་པའི་སྒྲུབ་བྱེད་འདི་རྣམས་ནི་མ་ངེས་པར་དོགས་སོ། །གཞན་ཡང་ལུང་ཞུ་བ་ལས། བཙུན་པ། གལ་ཏེ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ཀྱང་མཐར་མི་འགྱུར་བ་ལྟ་མཆིས་སམ། ཡོད་དེ། གལ་ཏེ་མ་ཤ་ཀ་བཅུའམ། མ་ཤ་ཀ་བཅུ་ལྷག་པས་ཀརྵྱ་པ་ན་ཁུགས་ནའོ། །ཞེས་དང་། བཙུན་པ། གལ་ཏེ་དགེ་སློང་གིས་ཀརྵྱ་པ་ན་སྟོང་བརྐུས་ཀྱང་མཐར་མི་འགྱུར་བ་ལྟ་མཆིས་སམ། ཡོད་དེ། གལ་ཏེ་བོར་བར་འདུ་ཤེས་ཏེ་བརྐུས་ནའོ། །ཞེས་པ་ལ་སོགས་དོགས་གཅོད་མང་དུ་གསུངས་པ་དེ་དག་གི་ཁྲོད་ན་འདི་ལྟ་སྟེ། བཙུན་པ། གལ་ཏེ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ཀྱང་མཐར་མི་འགྱུར་བ་ལྟ་མཆིས་སམ། ཡོད་དེ། གང་དུ་དེ་ཙམ་གྱིས་རྒྱལ་པོའམ་བློན་པོས་བཟུང་ནས་སྲོག་གཅོད་པར་མི་བྱེད་ནའོ། །ཞེས་པའི་དོགས་གཅོད་ཀྱང་འབྱུང་དགོས་པ་ལ་ཅིའི་ཕྱིར་མ་བྱུང་། གཞན་ཡང་དེང་སང་ཤོག་སྒོར་ཁྲི་ཕྲག་དུ་མའི་རིན་ཐང་ཅན་གྱི་དངོས་པོ་བརྐུས་ཀྱང་སྲོག་གཅོད་པར་མི་བྱེད་པ་མཐོང་བས་དགེ་སློང་གིས་རྟ་ཟོག་བཅུ་ཕྲག་དུ་མ་བརྐུས་ཀྱང་ཕམ་པ་མི་འབྱུང་བར་འགྱུར་བས་ཧ་ཅང་ཐལ་ལོ། །དེས་ན་འདིའི་ཐད་ལ་སླད་ནས་སྒྲུབ་བྱེད་སྟོབས་དང་ལྡན་པ་འགོད་རྒྱུ་རྙེད་ན་ཤིན་ཏུ་ལེགས་ལ། དེ་མ་བྱུང་ཕྱིན་རང་དགར་མ་སྨྲ་ཞིག བསླབ་པ་ལ་ཕན་གནོད་གང་དུ་འགྱུར་ཆ་མ་འཚལ་ཏོ། །གཉིས་པ་རང་ལུགས་གཞག་པ་ནི། སྔོན་རྩ་མཁན་དགེ་སློང་ནོར་ཅན་གྱིས་མ་ག་དྷར་བྱུང་བའི་རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་རྒྱལ་པོའི་ཁབ་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ་བྲེལ་བའི་དོན་དུ་བཞག་པ། སུ་ལའང་སྟེར་བར་སླ་བ་མ་ཡིན་པ་ལས་ཤིང་བརྐུས་པས་རྒྱལ་པོ་མ་སྐྱེས་དགྲས་ནོར་ཅན་ལ་དགེ་སློང་གསད་པའི་རིགས་པ་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟ་མ་བྱེད་ཅིག་ཅེས་སྤྱོས་ཏེ་བཏང་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བ ཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ། ཁྱོད་སོང་ལ་རྒྱལ་པོའི་ཁབ་ཏུ་ཞུགས་ཏེ་རྒྱལ་པོ་མ་སྐྱེས་དགྲས་ཅི་ཙམ་མ་བྱིན་པར་བླངས་པས་གྱོད་ལ་དཀྲི་ཞིང་སྲོག་དང་འབྲལ་བར་བྱེད་ཅེས་དྲིས་ཤིག་ཅེས་བཀའ་སྩལ། ཀུན་དགའ་བོས་དྲིས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ལ། བདག་གིས་ནོར་ཅན་དག་དང་། ཚོང་དཔོན་དག་དང་། དེད་དཔོན་དག་ལ་དྲིས་ན། དེ་དག་གི་མཆིད་ནས། བཙུན་པ་ཀུན་དགའ་བོ། མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པའོ་ཞེས་མཆིའོ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་རྨེད་དེ། ནོར་ཅན་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ། མད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་སྨད་ནས་བསླབ་པ་བཅས་པ་འདི་ལྟ་སྟེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན་ཅི་ཙམ་མ་བྱིན་པར་བླངས་པས་དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ་བྱིས་པའོ་བླུན་པའོ་རྐུན་པའོ་ཞེས་ཟེར་ཞིང་། གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པ་ལེན་ན་དགེ་སློང་དེ་ཕམ་པར་འགྱུར་བ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བཀའ་སྩལ་ཏོ། །དེ་རྣམས་ཀྱི་དོན་ནི་དགེ་སློང་གང་གིས་རྐུ་བའི་ཁོངས་སུ་གཏོགས་པའི་མ་བྱིན་པ་བླངས་ན་ཅི་ཙམ་སྟེ་མ་ཤ་ཀ་ལྔ་ལས་ལྷག་པ་བླངས་པས་དེ་རྒྱལ་པོའམ། བློན་པོའམ། རྩིས་མཁན་དང་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ་གསང་ཚིག་མཐུན་པས་འཚོ་བ་གང་དག་དེ་ལ་བརྟེན་ནས་འཚོ་བར་བྱེད་པ་དག་གིས་བཟུང་ནས་གལ་ཏེ་དེ་རྣམས་དད་པ་དང་ལྡན་པ་ཡིན་ན་ནི། ཀྱེ་མི་ཁྱོད་ནི་བླུན་པའོ་ཞེས་པ་ལ་སོགས་ཚིག་གིས་སྤྱོ་བའམ། མ་དད་པ་ཡིན་ན་ནི་གསོད་དམ། འཆིང་ངམ། སྤྱུགས་པར་བྱེད་ཀྱང་རུང་སྟེ་དེ་ལྟར་དགེ་སློང་གིས་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པར་ལེན་ན་ཕམ་པའོ། །ཞེས་གསུངས་པ་ཡིན་ཏེ་རྣམ་འབྱེད་ལས། རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་ནི། མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པའང་ཡིན་ནོ། །བླངས་ན་ཞེས་བྱ་བ་ནི། ལེན་ནའོ། །ཅི་ཙམ་མ་བྱིན་པར་བླངས་པས་ཞེས་བྱ་བ་ནི། མ་ཤ་ཀ་ལྔའམ། མ་ཤ་ཀ་ལྔ་ལས་ལྷག་པས་སོ།།ཞེས་གསུངས་ཤིང་ཛ་རན་དྷ་རའི་སོར་མདོའི་འགྲེལ་བ་ལས། རྒྱལ་པོ་དད་པས་ཀྱེ་མི་ཁྱོད་ནི་རྐུན་མའོ་ཞེས་ཚིག་གིས་སྤྱོ་བའོ། ། རྒྱལ་པོ་མ་དད་པས་བཅིང་བ་དང་སྤྱུགས་དང་སྲོག་དང་དབྲལ་བའི་ཆད་པས་གཅོད་པའོ། །ཞེས་དང་། ཁྱད་པར་བཤེས་གཉེན་གྱི་འདུལ་བ་བསྡུས་པ་ལས། གསོད་དམ་ཞེས་བྱ་བ་ནི་མ་དད་པའམ་གཏུམ་པ་ཉིད་ཀྱིས་སོ།།དེ་ལ་འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་དད་པས་སོ། །ཞེས་གསུངས་པས་སོ། །དེས་ན་ནོར་ཅན་གྱིས་ཤིང་རྐུ་བའི་ཡུལ་དུས་དེ་ན་སྲོག་གི་ཆད་པ་འཐོབ་པའི་ཚད་དང་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པ་གཉིས་དོན་ལ་གཅིག་མོད། བཅས་པ་ནི་མ་ཤ་ཀ་ལྔའམ་ལྔ་ལས་ལྷག་པ་དེ་ཁོ་ནའི་ཆ་ནས་མཛད་པ་ཡིན་ཏེ། རྣམ་འབྱེད་ལས་གསུངས་པ་གོང་བཞིན་ལ། ཞུ་བ་མ་རྫོགས་པ་ལས། བཙུན་པ། བཅོམ་ལྡན་འདས་ཀྱིས་མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ།།ཞེས་གསུངས་པ་གང་ལགས་པ། ཞེས་ཡང་ཡང་གསུངས་འདུག་གི བཅོམ་ལྡན་འདས་ཀྱིས་སྲོག་གི་ཆད་པ་གཅོད་པའི་ཚད་བརྐུས་ན་མཐར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ།ཞེས་པ་གཅིག་ཀྱང་མི་སྣང་། རིན་ཐང་ལ་དོགས་པ་གཅོད་པའི་ཚེ་ནའང་། ཀརྵྱ་པ་ན་ཉིད་མ་ཤ་ཀ་མང་ཉུང་ཅི་ཙམ་གྱིས་ཁུགས་མི་ཁུགས་ཁོ་ནའི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར་དང་། ཡང་དེ་ཉིད་ལས། བཙུན་པ། རེ་ཞིག་དགེ་སློང་གིས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་མ་བསྩལ་པ་བརྐུས་ན་ཅིར་འགྱུར་ལགས། གལ་ཏེ་དེ་དག་གི་ལྟར་བརྩིས་ཏེ་མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ། །བཙུན་པ། ཤར་གྱི་ལུས་འཕགས་གླིང་དུ་མ་བསྩལ་པ་བརྐུས་ན། ཅིར་འགྱུར་ལགས། གལ་ཏེ་དེ་དག་གི་ལྟར་བརྩིས་ཏེ་མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ། །ཞེས་སྒྲ་མི་སྙན་ན་མ་བྱིན་ལེན་པ་མེད་པས་དེ་མ་གཏོགས་པའི་གླིང་ཐམས་ཅད་དུ་དེ་དག་རང་རང་གི་ལུགས་ལྟར་བརྩིས་ཏེ་མ་ཤ་ཀ་ལྔ་བརྐུས་ན་ཕམ་ཞེས་གསུངས་ཀྱི། དེ་དག་རང་རང་ཡུལ་ལུགས་ལྟར་བརྩིས་ཏེ་ཅི་ཙམ་གྱིས་སྲོག་གཅོད་པ་དེ་ཙམ་གྱིས་ཕམ་ཞེས་གཏན་མ་གསུངས་པའི་ཕྱིར་དང་། ཤར་ནུབ་ཀྱི་གླིང་གླིང་ཕྲན་དང་བཅས་པར་རྒྱལ་ཁྲིམས་གཏན་མེད་པ་དང་ཡོད་ཀྱང་མ་སྐྱེས་དགྲའི་ཁྲིམས་ལྟར་ཡིན་ཞེས་ཀྱང་སྨྲ་བར་མི་ནུས་པའི་ཕྱིར་རོ། །གལ་ཏེ། དེའི་ཚེ་ཉེ་བར་འཁོར་གྱིས། བཙུན་པ། རེ་ཞིག་དགེ་སློང་གིས་བོད་གངས་ཅན་གྱི་ཡུལ་དུ་མ་བསྩལ་པ་བརྐུས་ན། ཅིར་འགྱུར་ལགས། ཞེས་ཞུས་ན། གལ་ཏེ་དེ་དག་གི་ལྟར་བརྩིས་ཏེ་མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ། །ཞེས་བཀའ་སྩོལ་བར་གོར་མ་ཆག་པར་སེམས་སོ། །དེ་བཞིན་དུ་རང་གི་རྣམ་བཤད་ལས། དེང་སང་ནི་འདིར་ཀརྵྱ་པ་ན་གཅིག་ནི་པ་ཎ་བཅུ་དྲུག་གིས་ཏེ། དེང་སང་ནི་འདིར་པ་ཎ་བཞི་བརྐུས་ན་ཕམ་པར་འགྱུར་བར་རིག་པར་བྱའོ། །ཞེས་དང་། རྒྱ་ཆེར་འགྲེལ་ལས། དེང་སང་ནི་མ་ཤ་ཀ་བཞི་བརྐུས་ན། ཕམ་པར་འགྱུར་བར་རིག་པར་བྱ་སྟེ། ཀརྵྱ་པ་ན་གཅིག་ནི་པ་ཎ་བཅུ་དྲུག་གི་ཚད་ཡིན་པའི་ཕྱིར་རོ། །ཞེས་དང་། འགྲེལ་ཆུང་ལས། སངས་རྒྱས་བཞུགས་པའི་ཚེ་ནའང་དངུལ་ཞོའི་བརྒྱད་ཆ་གཅིག་གིས་ཕམ། དེང་སང་དུས་དང་སྦྱར་ཏེ། རྒྱ་གར་ཡུལ་གྱི་མ་ཤ་ལས་བོད་ཀྱི་དངུལ་གྱི་རིན་ཐང་དུ་བརྩིས་ན། དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དོ།།བརྒྱད་ཆ་གཅིག་ཡན་ཆད་བརྐུས་ན་ཕམ་སྟེ། ཞེས་དང་། སངས་རྒྱས་ཞལ་བཞུགས་པའི་ཚེ་ཀརྵྱ་པ་ན་བཞི་ཆ་གཅིག་ལ་མ་ཤ་ཀ་ལྔ་ཡོད་དེ། དེ་ལ་བརྩིས་ན་དངུལ་ཞོའི་བརྒྱད་ཆ་གཅིག་ཡོད་དེ་དེས་ཕམ། དེང་སང་ནི་མ་ཤ་ཀ་བཞི་ལ་དངུལ་ཞོའི་བརྒྱད་ཆ་གཅིག་སྟེ། མ་ཤ་ཀ་བཞིས་ཕམ་པར་འགྱུར། ཞེས་དང་། སངས་རྒྱས་བཞུགས་པའི་ཚེ་མ་ཤ་ཀ་ཉི་ཤུ་ལ། ཀརྵྱ་པ་ན་གཅིག་ཏུ་བརྩིས་པའི་ཚེ། མ་ཤ་ཀ་ལྔས་ཕམ་མོ་ཞེས་ཚད་བཙུགས་པ་བཞིན་དུ་དེང་སང་ཡུལ་གང་ནའང་རུང་སྟེ། སྔོན་བཞིན་དུ་མ་བྲི་བ་ཞིག་ཡོད་ནའང་དེ་བཞིན་དུ་བརྩིའོ། །ཞེས་གསུངས་སོ། །དེ་ལྟར་འགྲེལ་བ་གསུམ་ཆར་ལས། དེང་སང་གི་དུས་སུ་སྔོན་སངས་རྒྱས་ཀྱིས་བཅས་པ་མཛད་པའི་ཀརྵྱ་པ་ནའི་བཞི་ཆ་དེ་ཁོ་ནའི་རིན་ཐང་གི་ཚད་བཟུང་འདུག་གི དེང་སང་ཅི་ཙམ་གྱིས་སྲོག་གཅོད་པ་དེ་ཙམ་གྱིས་ཕམ་ཞེས་གསུངས་པ་མི་སྣང་ལ། ཁྱད་པར་དུ་འགྲེལ་བ་ཕྱི་མ་ལས། དེང་སང་ཡུལ་དུས་གང་ནའང་རུང་། མ་ཤ་ཀའི་རིན་ཐང་ཇེ་ཆེར་མ་སོང་བས་སྔོན་སངས་རྒྱས་ཀྱིས་བསླབ་པ་འཆའ་དུས་བཞིན་ཀརྵྱ་པ་ན་གཅིག་ལ་མ་ཤ་ཀ་ཉི་ཤུ་ལས་མ་བྲི་པ་ཞིག་ཡོད་ན་མ་ཤ་ཀ་ལྔས་ཕམ་ཞེས་གསུངས་པ་དེ་ཁོ་ན་བཞིན་དུ་བརྩི་དགོས་ཞེས་གསུངས་ཤིང་། བོད་དུ་དངུལ་ཞོའི་བརྒྱད་ཆ་གཅིག་བརྐུས་ན་ཕམ་པར་གསུངས་པ་དེའང་ཀརྵྱ་པ་ནའི་བཞི་ཆའི་དབང་དུ་བྱས་ཏེ་བརྩིས་པ་ཡིན་གྱི་བོད་དུ་དངུལ་ཞོའི་བརྒྱད་ཆ་བརྐུས་ན་སྲོག་ཆད་འཐོབ་པའི་དབང་དུ་བྱས་པ་ནི་ག་ལ་ཡིན། འོ་ན་ཀརྵྱ་པ་ནའི་ཚད་ཅི་ཙམ་ཡིན་ཞེ་ན། འགྲེལ་ཆུང་གི་དགོངས་པ་ལྟར་ན་ནི། ཞོ་ཕྱེད་ཀྱི་ལྗིད་ཚད་དང་ལྡན་པ་ཞིག་སྟེ། ཀརྵྱ་པ་ནའི་བཞི་ཆ་གཅིག་དང་དངུལ་ཞོ་གང་གི་བརྒྱད་ཆ་གཅིག་ཚད་མཉམ་པར་མཛད་པའི་ཕྱིར་ཏེ། མཚོ་ཊཱིཀ་སོགས་ཀྱང་དེ་ལྟར་དུ་བཞེད་དོ། །ཀུན་མཁྱེན་མི་ཕམ་རྒྱ་མཚོ་ནི་ཞོ་གང་གི་ཚད་ཅན་དུ་བཞེད་དེ། སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་ལས། གསེར་དངུལ་སོགས་ཀྱི་དོང་ཙེའི་མིང་འདི། ཀརྵྱ་པ་ན། ཀཱརྵྱ་པ་ཎ། ཞེས་འབོད་ཀྱང་སྒྲ་ཟུར་སྦྱར་ལུགས་ལས་དོན་འདྲ་སྟེ། དངུལ་ཞོ་ཚད་དམ་གསེར་ཞོ་བའི་དོང་ཙེ་ཟེར། ཞེས་སོགས་གསུངས་པའི་ཕྱིར་རོ།། འོ་ན་ཞོ་གང་གི་ཚད་ཅི་ཙམ་ཞེ་ན། རྒྱ་གར་དང་རྒྱ་ནག་ལྷོ་ཕྱོགས་ནས་ཐོན་པའི་ཤིང་འབྲས་དམར་རུ་མགོ་ནག་ཅེས་པ་ཁ་དོག་ཤིན་ཏུ་དམར་བ། སྣེ་གཅིག་ན་ནག་ཐིག་ཡོད་པ། ནུས་པས་མོ་ནད་འཇོམས་པ་དང་རྒྱུ་ལོང་སོགས་སྣོད་ཀྱི་སྲིན་གསོད་པ་ཞིག་འདུག་པ་དེ་ཉིད་བརྒྱད་ཅུའི་ལྗིད་ཚད་དམ་ཡང་ན་ནས་འབྲུ་བརྒྱ་དང་གོ་གཉིས་ཀྱི་རྗིད་ཚད་ལ་ཞོ་གང་གི་ཚད་དུ་འདོད་དེ། དེ་ཉིད་ལས། མདའ་རྒྱུས་ཀྱི་འབྲས་བུ་དམར་རུ་མགོ་ནག་དེ་ལྔ་ལ། མཱ་ཤ་ཀ༔སྲན་ཁྲེ་འུའི་ཚད་ཅེས་བྱ། སྲན་ཚད་བཅུ་དྲུག་ལ། ཨཀྵ་དང་། ཀརྵྱ༔ ཞེས་ཞོ་ཚད། ཅེས་དང་། མདོར་ན་དམར་རུ་མགོ་ནག་བརྒྱད་ཅུའི་ལྗིད་དང་མཉམ་པའི་གསེར་གྱི་དོང་ཙེ་ཡིན་པས་ནོར་སོ་མེད། དམར་རུ་ལྔ་དང་ནས་འབྲུ་བཅུ་གཉིས་ལྗིད་མཉམ་སྟེ། ཞེས་གསུངས་པས་སོ། །ཞོ་འདི་རྒྱ་ཐུར་གྱི་ཚད་དང་བསྡུར་ན་དེ་ལས་ཉིས་འགྱུར་ལྷག་གིས་ཆེ་བར་མངོན་ཏེ། ཡང་དེ་ཉིད་ལས། ཞོ་ཞེས་པ་གོང་བསྟན་ལྟར་བྱས་པའི་ཞོ་ཚད་ཡིན་གྱི། དེང་སང་བོད་དུ་ཡོད་པའི་རྒྱ་ཐུར་གྱི་ཞོ་ཚད་དང་མི་འདྲ་བར་ཤེས་དགོས་ལ། ཞེས་དང་། བདག་གིས་དེའི་ཚད་ནི་གོང་བསྟན་ལྟར་བྱར་ཏེ་གཞལ་བས་དེང་སང་རྒྱ་ཐུར་འབྲིང་ཙམ་གྱི་ཞོ་དོ་སྐར་དྲུག་འདུག སྲང་ཆེན་ཞོ་དོ་སྐར་དོའམ་ཞོ་དོ་རང་ཡིན་འདུག་ཅེས་གསུངས་པའི་ཕྱིར་རོ།།འོ་ན་ཚད་དེ་ལྡན་གྱི་དོང་ཙེ་དེ་གསེར་རམ་དངུལ་གང་གཟུང་ཞེ་ན། འགྲེལ་ཆུང་ལས་ནི་དངུལ་གྱི་དོང་ཙེར་བཞེད་པ་གོང་སྨོས་ལྟར་ལ། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་ཀྱང་དངུལ་ཉིད་དུ་བཞེད་དེ། དེ་ཉིད་ཀྱིས་ཞུ་འགྲེལ་ལས། ཀརྵྱ་པ་ན་ཅི་ལྟ་བུ་ལགས་ཞེས་བྱ་བ་ནི། རྒྱལ་པོའི་མིང་རྨ་བྱ་བ་ཞེས་བྱ་བས་བྱས་པ་སྟེ། འདི་ལྟར་རྒྱལ་པོ་དེས་དང་པོར་ཀརྵྱ་པ་ན་སྤྱོད་དུ་བཅུག་སྟེ། དེའི་ཕྱིར་དང་པོར་ཡོངས་སུ་སྤྱོད་པའི་མི་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྒྱལ་པོ་རྨ་བྱ་བས་བྱས་པའོ་ཞེས་བསྟན་པ་མཛད་པར་ཤེས་པར་བྱ་སྟེ། དཔལ་ལེགས་གཏམ་གྱིས་བྱས་པའི་དོང་ཙེ་ལྟ་བུའོ། །ཞེས་དང་། ཀཱརྵྱ་པ་ཎ་ནི་ཟོང་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་དོད་པ་བཙོང་དུ་རུང་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཀུན་མཁྱེན་མི་ཕམ་རྒྱ་མཚོ་ནི་ཀརྵྱ་པ་ན་ལ་སྤྱིར་གསེར་དངུལ་གཉིས་ཀ་ལས་བྱས་པ་ཡོད་པར་བཞེད་ཀྱང་འདུལ་བ་ལས་མ་བྱིན་ལེན་གྱི་རིན་ཐང་གི་ཚད་དུ་བཞག་པ་དེ་ནི་གསེར་གྱི་དོང་ཙེ་ལ་བཞེད་པ་འདྲ་སྟེ། སྐད་གཉིས་ཤན་སྦྱར་ལས། དེ་འདྲའི་གསེར་གྱི་དོང་ཙེ་འདི་རྒྱ་གར་གྱི་རྒྱལ་པོ་རྨ་བྱའི་རིང་ལ་བྱས་ཞེས་འདུལ་བར་འབྱུང་། ཞེས་དང་། ཞོའམ་ཚད་དེ་ཙམ་གྱི་གསེར་གྱི་དོང་ཙེ་ལ་ཀརྵྱ་པ་ན་ཟེར་བ་ཀརྵྱ་ཚད་དང་པ་ན་དོང་ཙེའི་མིང་ཡིན་ཞེས་གསུངས། འདི་གོ་ན་འདུལ་བའི་ཀརྵྱ་པ་ནའི་བཞི་ཆ་བརྐུས་ན་མ་བྱིན་ལེན་གྱི་ཕམ་པ་འབྱུང་བར་གསུངས་པ་བདེ་བླག་ཏུ་གོ་ནུས་པས། ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་རེ་ཞིག་ལག་ལེན་དོགས་མཐར་གཟུང་ཞིང་། སླད་ནས་དགོངས་པ་ཇི་ལྟར་བསྒྲིག་བརྟག་དགོས་པར་སེམས་སོ། །གོང་གི་དམར་རུ་མགོ་ནག་ཅེས་པ་དེར་ཁོ་བོས་ཡང་ཡང་བརྟགས་པས་དམར་རུ་མགོ་ནག་དགུ་ལ་དེང་སང་གི་ཁེ་ཞེས་གྲགས་པ་དེ་གཅིག་འདུག དེ་ལྟ་ན་ཁེ་ཞེས་པ་འདིའི་ཚད་འཛམ་གླིང་ཡོངས་རྫོགས་གཅིག་གྱུར་ཡིན་ལ། ཐམས་ཅད་ལ་གྲགས་ཆེ་བས་དེས་གཞལ་ཏེ་བརྩིས་ན་རྟོགས་སླའོ། །
སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །
དག་དང་མ་དག་ཞིང་རྣམས་སུ། །
ལུང་དང་རྟོགས་པའི་བསྟན་པ་ནི། །
བཤད་དང་སྒྲུབ་པས་འཛིན་གྱུར་ཅིག །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།