ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > 《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》ཀྱི་རྩོམ་གཤིས་ཁྱད་ཆོས་ཨེན་ཙམ་གླེང་བ།
《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》ཀྱི་རྩོམ་གཤིས་ཁྱད་ཆོས་ཨེན་ཙམ་གླེང་བ།
རྩོམ་པ་པོ།:བསོད་ནམས་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-14 09:46:00
ཀློག་གྲངས།:
སྤྱིར་རྒྱལ་ཁབ་དང་མི་རིགས་གང་དང་གང་ལ་མཚོན་ནའང་རང་རང་ཐུན་མིན་གྱི་རྩོམ་རིགས་དང་རྩོམ་རིག་གི་བྱུང་བ་བརྗོད་པའི་ལུགས་འོད་སྟོང་འབར་བ་ཡོད་པ་ནི་ངས་མི་ཆེན་མཁས་པ་ཞིག་གི་གོ་ཆ་ལུས་ལ་བགོས་ནས་གན་གན་ལྟར་རེད་འདི་འདི་ལུགས་རེད་ཅེས་མ་བཤད་ཀྱང་ཀུན་གྱི་སེམས་ཁོང་དུ་ནམ་ལངས་ལངས་དང་ཉི་མ་ཤར་ཤར་ཡིན་ནི་རེད། དེ་བས། ངས་འདི་ནས་ཉམ་ཆུང་ནུས་ལྡན་ཞིག་གི་ཚུལ་དུ་འཛམ་གླིང་རྩོམ་རིག་གི་གཤིན་ས་ཆེན་མོར་མཛེས་པ་དང་སྣང་བརྙན་བསྐྲུན་པའི་ཁག་ལས《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》ལོགས་སུ་བདམ་ཏེ་དེའི་ཐུན་མིན་གྱི་ཁྱད་ཆོས་རྒྱ་མཚོའི་ཆུ་ཐིགས་ཙམ་ལྒིང་བར་བྱའོ།།
དང་པོ། རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》ཀྱི་རྩོམ་པ་པོ་ནི་སྙན་པའི་གྲགས་པ་སྲིད་རྩེར་འཕྱོ་བའི་སློབ་དཔོན་ཞང་ཞུང་ཆོས་དབང་གྲགས་པ(1404-1469)མཆོག་ཡིན་ཞིང་། འདི་པ་གཞོན་པའི་དུས་ནས་དབུས་སུ་བྱོན་ཏེ་རྗེ་ཡབ་སྲས་གསུམ་སོགས་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ་མདོ་རྒྱུད་ཀྱི་བཤད་ལུང་དང་ཟབ་མོའི་དབང་ཁྲིད་རྗེས་གནང་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཞིང་། ཞོར་དུ་སྒྲ་ཚད་སྙན་ངག་སོགས་ཐུན་མིན་གྱི་རིག་གནས་མཐའ་དག་ལ་ཡང་སྦྱངས་པ་མཐར་ཕྱིན་མཛད། སྤྱི་ལོ1438ལོར། རྗེ་ཙོང་ཁ་བའི་གདན་པ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》མཛད་དེ་དགའ་ལྡན་པའི་བསྟན་འཛིན་གང་ལ་སྙན་ངག་འདི་ལས་ མཁས་པ་མ་བྱུང་ཟེར། དགུང་ལོ་སོ་ལྔ་པར་ཆབ་མདོ་བྱམས་པ་གླིང་གི་གདན་སར་ཕེབས་ཏེ་ཕར་ཕྱིན་དང་རྒྱུད་སྡེ་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། རྗེ་འདིས་གསུང་རྩོམ་ལ《དཔལ་དུས་ཀྱི་འཁོར་ལོའི་རྣམ་གཞག》དང་། 《རྟེན་འབྲེལ་བསྟོད་པའི་འགྲེལ་བ》 《ལྷ་ཁྲིད》 《ལོ་རིན་ཆེན་བཟང་པོའི་རྣམ་ཐར་ཚིགས་བཅད》 《རྗེ་བཙུན་བཞད་པ་རྡོ་རྗེ་ལ་བསྟོད་པའི་ཚིགས་བཅད》 《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》བཅས་ཆོས་ཚན་བཅོ་ལྔ་བཞུགས་སོ། །
གཉིས་པ། རྟོགས་བརྗོད་འདིའི་ནང་དོན་མདོར་བསྡུས།
ཞང་ཞུང་ཆོས་དབང་གྲགས་པའི《རཱ་མ་ཎའི་རྟོགས་བརྗོད》ནི། སྔོན་རྒྱ་གར་དུ་གྲགས་པའི་རིག་བྱེད་ཀྱི་གཏམ་རྒྱུད《རཱ་མ་ཡ་ན》ཞེས་པའི་བྱུང་རིང་གཙོ་བོ་བརྗོད་བྱར་བྱས་ཏེ་བརྩམས་པའི་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཅིག་ཡིན་ཞིང་། རྗོད་བྱེད་ཀྱི་ཚིག་མཁས་མཆོག་དཎ་ཊིའི་དགོངས་བཞེད་དང་མཐུན་པར་ས་གྲ་དང་དོན་གྱི་རྒྱན་རྨད་བྱུང་བ་ཤ་སྟག་གིས་སྤྲས་ཏེ་སྙན་ངག་གི་རང་བཞིན་གསལ་བར་བྱེད་པ་གཅིག་པུ་ཡིན། བསྟན་བཅོས་འདི་མཛད་པའི་དམིགས་ཡུལ་ཡང་རང་ཉིད་ལ་འགྲན་པའི་སྙན་ངག་རྩོམ་མཁན་མེད་པའམ་དགེ་ལྡན་པ་ལ་སྙན་ངག་རྩོམ་མཁན་མེད་པར་འཕྱ་བའི་གནས་ལས་གྲོལ་ཆེད་སོགས་གང་མང་བཤད་པར་ཀུན་གྱིས་དཔྱད་ན་རན་ནོ། །
དེ་ཡང་བརྗོད་བྱ་གཙོ་བོ་ནི་སྲིན་པོའི་རྒྱལ་པོ་ལངྒ་མགྲིན་བཅུ་དང་རྒྱལ་པོ་རཱ་མ་ཎ་གཉིས་ཀྱིས་མཛེས་མ་སཱི་ཏཱ་འཕྲོག་རྩོད་བྱས་པའི་གཏམ་རྒྱུད་ཡིན་ཞིང་། གཏམ་རྒྱུད་ཆ་ཚང་བ་སྐབས་སུ་བབ་པའི་བརྗོད་བྱ་དང་འབྲལ་བ་མེད་པས་རྒྱས་པར་བརྗོད་པའི་ངལ་བ་དང་དུ་མ་བླངས་སོ། །
གསུམ་པ། བསམ་བློའི་ནང་དོན་མདོར་བསྡུས།
དེ་ཡང《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》དངོས་ཀྱི་གོ་བ་ལོན་ཐུབ་མཁན་དང་། 《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》ཀྱི་འགྲེལ་བར་མཇལ་མྱོང་མཁན་ཞིག་གིས་འདིའི་བསམ་བློའི་ནང་དོན་མངོན་གསལ་གྱིས་རྟོགས་ཡོང་ངེས་ཤིང་། གནའ་དེང་གི་ཤེས་ཡོན་པ་རྣམས་ཀྱིས《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》ཀྱི་བསྟན་དོན་སྙིང་པོ་དྲང་བདེན་དང་བཟང་པོ་དེ་ནམ་ཡང་རྫུན་གཡོ་དང་ངན་པ་ལས་རྒྱལ་པ་དང་གཅིག བསླད་ཀྱིས་མ་གོས་ཤིང་དྲི་མས་མ་སྦས་པའི་ཕོ་མོ་ཕན་ཚུན་དབར་གྱི་བརྩེ་དུང་མཚོན་པ་དང་གཉིས། སྤུན་ཟླའི་བར་གྱི་མཛའ་སེམས་དང་གྲོགས་པོ་བར་གྱི་མཐུན་ལམ་མཚོན་པ་དང་གསུམ། རེ་བ་དང་ཧམ་སེམས་ཐལ་དྲག་ན་རང་ཉིད་ཕུང་བའི་རྒྱུར་འགྱུར་བ་མཚོན་པ་བཞི་སོགས་མང་པོ་འདུག་ལ། མདོར་ན་བླང་དོར་གྱི་གནས་ལ་མི་རྨོངས་པར་སྐུལ་བ་དང་། འཁྱོག་བརྗོད་ཀྱི་ཐབས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་མིག་ཡིད་རྣ་བའི་བདུད་རྩི་དང་ཡིད་ཀྱི་གསོས་སྨན། མིག་གི་དགའ་སྟོན་དུ་ཕུལ་ཡོད།
བཞི་པ། སྒྱུ་རྩལ་གྱི་ཁྱད་ཆོས་མདོར་བསྡུས།
བརྩམས་ཆོས་སུ་མྱོང་རྒྱུས་དང་། ཐོབ་ཐང་། ལས་དབང་བཅས་མི་འདྲ་བའི་མི་སྣ་ཁག་གི་གཟུགས་བརྙན་རྩ་བའི་ཆ་ནས་ཤ་རུས་དང་ལྡན་པ་ཞིག་ཏུ་སུག་བྲིས་བྱས་ཡོད་པས་མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པ་ལེགས་པ་དང་གཅིག གཏམ་རྒྱུད་ཧྲུལ་བོའི་བྱུང་རིམ་རྙོག་འཛིང་ཆེ་ཞིང་འཕེལ་རིམ་ཀྱག་ཀྱོག་ཆེ་བས། བྱུང་རིམ་རྙོག་འཛིང་ཆེ་ལ་འགལ་བས་ཡོངས་སུ་ཁེངས་པ་དང་གཉིས། དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབ་ལས་བརྒལ་ཏེ་འཆར་ཡན་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་པས་གོ་བསྐོན་བློ་འགུག་གི་ནུས་པ་ཐོན་པ་དང་གསུམ། ཚིག་སྦྱོར་བརྗིད་ཉམས་ཆེ་ཞིང་བརྗོད་དོན་མཚོན་སྟོབས་ཆེ་བ་དང་བཞི་སོགས་མང་ངོ་།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།