སྙན་ངག་གི་ཡོན་ཏན་གང་ནས་ཐོན་པ་ཡིན།

རྩོམ་པ་པོ།:གངས་འཚོ། ཡོང་ཁུངས།:སྦྲང་ཆར དུས་ཚོད།:2008-07-13 10:24:05 ཀློག་གྲངས།:

  ད་ལྟའི་བོད་ཀྱི་རྩོམ་རིག་གླེང་སྟེགས་སུ་སྙན་ངག་གི་ཡོན་ཏན་ཐད་རྩོད་གླེང་རིམ་པ་ཞིག་འབྱུང་བཞིན་འདུག་སྟེ།   ལ་ལས་གོ་སླ་བ་སྙན་ངག་གི་ཡོན་ཏན་ཡིན་ཟེར་བ་དང༌།   ལ་ལས་གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་ཟེར།   ཡང་ཁ་ཤས་ཀྱིས་བརྩེ་དུངས་ནི་སྙན་ངག་གི་ཡོན་ཏན་ཡིན་པར་གླེང༌།   མཐར་གཏུགས་ནས་བཤད་ན།   སྙན་ངག་གི་ཡོན་ཏན་གང་ཡིན་པ་དང་དེ་གང་ནས་ཐོན་པའི་གནད་དོན་དེ་ཉིད་ཡིན།   ངས་བལྟས་ན་སྙན་ངག་གི་ཡོན་ཏན་ནི་ཀློག་མཁན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་ཕྱི་ནང་གི་མཛེས་པ་དེ་ཡིན་ལ།    དེ་ནི་ཕྱིའི་ཚིག་དང་ནང་གི་འགྱུར་བ་སོགས་གཅིག་ཏུ་འདྲེས་པ་ལས་ཐོན་པ་ཡིན་སྙམ།  དཔེར་ན།   ད་ལྟའི་ན་གཞོན་མང་བོས་བསྔགས་བརྗོད་བྱེད་བཞིན་པའིལང་ཚོའི་རྦབ་ཆུལྟ་བུར་མཚོན་ན།   ལོ་རབས་བརྒྱད་ཅུ་པའི་རྩོམ་རིག་གི་སྣང་ཚུལ་དང་བསྡུར་ན་ཁྱད་དུ་འཕགས་པའི་ཚིག་སྦྱོར་དང༌།   གནོན་དཀའ་བའི་ཡིད་འགྱུར།    ཡར་སྐུལ་གྱི་བསམ་བློ་སོགས་ཕྱི་ནང་གི་མཛེས་པ་འོས་འཚམ་ཞིག་གསལ་ལྷང་ངེར་མྱོང་ཐུབ་པས་ཀུན་གྱིས་དགའ་བསུ་བྱེད་ཀྱིན་ཡོད།   དུས་རབས་ཉེར་གཅིག་པའི་རྩོམ་རིག་ གསར་བའི་དགའ་ཚལ་དུ་བཞག་ནས་བལྟས་ན།   དེ་རྩོམ་རིག་གསར་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཡིན་པ་མ་གཏོགས།   སྙན་ངག་དེའི་ཡོད་ཚད་ད་ལྟའི་རྩོམ་རིག་གསར་རྩོམ་གྱི་བརྒྱུད་རིམ་ནང་ བླངས་ནས་ལག་ལེན་དུ་བསྟར་དགོས་པ་ཞིག་མིན།   དེ་ནི་སྙན་ངག་གི་ཡོན་ཏན་དང་ཀློག་མཁན་གྱི་མྱོང་གོམས་སོགས་ལ་ཕྱོགས་ཀུན་ནས་ཡར་རྒྱས་བྱུང་བའི་སྤྱིར་བཏང་གི་སྣང་ཚུལ་ཞིག་ལས།    སྙན་ངག་དེའི་ཕྱི་ནང་གི་མཛེས་པའམ་ཡོན་ཏན་བརླགས་སོང་བ་གཏན་ནས་མིན།  རྒྱའི་གྲགས་པ་ཆེ་བའི་སྙན་ངག་པ་ཞུས་ཀྲི་མའོ་ཡི་སྙན་རྩོམཐོར་ཞིག་ཏུ་གྱུར་པཞེས་པའི་ནང༌། སྨག་ནག་པའི་མཚན་མོར་ག་ལེར་སྡོད་དུས།   སྒེའུ་ཁུང་ན་ཉ་མ་གང་བའི་ཟླ་འོད་ཅིགཅེས་སྙན་ངག་པ་ཁོ་རང་སྨག་རུམ་ཧ་ཅང་མཐུག་པའི་མཚན་མོར་མི་གཞན་དང་འདྲ་བར་བདེ་བའི་གཉིད་དུ་ཤོར་མེད་ལ།   གྲོགས་པོ་དང་ལྷན་དུ་གཏམ་གླེང་བྱེད་བཞིན་ཡང་མེད།   གཅིག་པུས་སྙན་དབང་གསོ་བའི་རོལ་དབྱངས་སོགས་ལ་ཉན་བཞིན་ཡང་མེད།   ཁེར་རྐྱང་དུ་སྨག་ནག་ཅིང་གྲང་ལྷགས་ཆེ་བའི་  མཚན་མོ་རིང་བོ་ཞིག་རྒལ་བཞིན་པའི་སྣང་ཚུལ་བྲིས་ཡོད།   ང་ཚོས་བསམ་བློ་བཏང་བ་ཙམ་གྱིས་སྨག་ནག་པའི་མཚན་མོ་དང་ཆ་གང་མེད་པའི་ཟླ་བ་གཉིས་ནི་མཚོན་བྱ་ཤུགས་ཆེ་ཞིང་ཡིད་འགྱུར་ཕྱིར་མངོན་པའི་ཚིག་རྐང་གཉིས་ཡིན་པ་རྟོགས་ཐུབ་ལ།   སྙན་ངག་པ་འཚོ་གཞེས་སྐབས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་འགྲུབ་དཀའ་བའི་རེ་སྙེག་སོགས་ཀྱིས་བྱིན་པའི་སེམས་ཁམས་སྐྱོ་ངལ་བ་དེ་ཉིད་ཉམས་སུ་མྱོང་ཐུབ།    སྤྱིར་ཞུས་ཀྲི་མའོ་ཡི་སྙན་ངག་མང་ཤོས་ནང་ཕོ་མོའི་བརྩེ་དུངས་ལས་བྱུང་བའི་ཕམ་ཉེས་དང་དགའ་སྐྱོ་སོགས་བྲིས་ཡོད་མོད།   དེ་གླུ་བརྒྱ་གདངས་གཅིག་ཙམ་མམ་སྡེབ་ལེགས་པའི་ཚིག་འགའ་ཕྲེང་བར་སྤེལ་བ་ཙམ་མམ།  ཡང་ན་གནོན་དཀའ་བའི་ཡིད་འགྱུར་རྐྱང་རྐྱང་བཙོག་ཆུ་བཞིན་ཐད་ཀར་ཕྱིར་ཕོ་བ་ཙམ་མ་ཡིན་པར།   ཁོའིམི་ཚེའི་ལྟ་བའི་ནང་གི་དོན་ཆེན་གསུམ་སྟེ།   མཛའ་བརྩེ་དང༌།   རང་དབང༌།    མཛེས་པ”(ཧྲུའུ་ཧྲིའིཀྲི་མའོ་རྗེས་སུ་དྲན་པ》)བཅས་ལ་རེ་སྙེག་བྱེད་པའི་ཡར་ཐོན་གྱི་བསམ་བློ་དང་རང་གཉིས་གཙང་མ་དེ་མངོན་ཤུགས་གང་རུང་ནས་མཐོང་ཐུབ།   གཞན་ཡང་རྒྱའི་དེང་རབས་སྙན་ངག་པའི་གཙུག་རྒྱན་དུ་འདྲེན་པའི་ཏའེ་ཝང་ཧྲུའུ་ཡི་འཐུས་ཚབ་བརྩམས་ཆོསཆར་བ་འབབ་པའི་སྲང་ལམཞེས་པའི་ནང༌།    སྙན་ངག་པ་ཁོ་རང་ཁེར་རྐྱང་དུ་ཆར་བ་འབབ་བཞིན་པའི་སྲང་ལམ་འགྲིམས་དུས།   ལི་ཤི་བཞིན་དཀར་ཞིང་གཙང་བའི་བུ་མོ་ཞིག་མཐོང་ཞིང༌། མོར་ལྡན་པ་ནི།/ལི་ཤི་ལྟ་བུའི་ཁ་དོག/ལི་ཤི་ལྟ་བུའི་བསུང་ཞིམ།/ལི་ཤི་ལྟ་བུའི་གདུང་བཞེས་པ་ལྟར།   ཁོ་རང་གི་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་སེམས་ཁམས་ཀྱི་འགྱུར་ལྡོག    ཡིད་སེམས་ཀྱི་རེ་སྙེག་སོགས་ནི་ལི་ཤིའི་བུ་མོ་དང་འདྲ་ས་ཤིན་ཏུ་མང༌།   ཐ་ན་རང་གི་ཉེ་འགྲམ་བརྒྱུད་ནས་ག་ལེར་སོང་ན་ཡང༌།    རྨི་ལམ་ནང་དུ་མངོན་ཞིང་ཡལ་པ་བཞིན་བུ་མོ་དེ་རང་ལ་དབང་སྐལ་མེད་པར་གྱུར་སོང༌།   དེ་ལྟར་སྙན་ངག་པས་འཚོལ་སྙེག་གི་མི་ཚེ་ནང་ཕྲད་པའི་ཁེར་རྐྱང་གི་སེམས་ཁམས་དང་ལུས་སེམས་ལ་ཕོག་ཐུག་གཏོང་བའི་སྐྱོ་ཤས་སོགས་བྲིས་པ་བརྒྱུད་ནས།     ཁོ་དང་ཁོ་ལྟ་བུ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།