ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > ༄༅།། སློབ་གསོ་ལས་མི་གཤིས་ཀུན་སྤྱོད་ཀྱི་གལ་ཆེན་རང་བཞིན་མདོར་ཙམ་གླེང་བ།
༄༅།། སློབ་གསོ་ལས་མི་གཤིས་ཀུན་སྤྱོད་ཀྱི་གལ་ཆེན་རང་བཞིན་མདོར་ཙམ་གླེང་བ།
རྩོམ་པ་པོ།:རྫས་ལུང་ཚེ་དར།
ཡོང་ཁུངས།:༢༠༡༡ལོའི་སྒྲོན་མེ་ལོ་དེབ།
དུས་ཚོད།:2021-05-31 09:55:07
ཀློག་གྲངས།:
【ནང་དོན་གནད་བསྡུས】དེང་གི་མི་གཤིས་ཀུན་སྤྱོད་ཀྱི་སྣང་ཚུལ་དང་དེ་སེལ་དགོས་པའི་གལ་ཆེན་རང་བཞིན་སྐོར་གླེང་བ།
【བརྡ་ཆད་གཙོ་བོ】མི་གཤིས་ཀུན་སྤྱོད། མི་གཞིའི་སློབ་གསོ། ཀུན་སྤྱོད་སློབ་གསོ།
དེང་གི་ཆར་འཛམ་གླིང་སྒང་འདིར་ཚན་རྩལ་རིག་པ་སོགས་དར་བའི་རྩེ་ལ་སོན་ཞིང་མིའི་འགྲོ་འདུག་ཉལ་འཆག་ཀུན་ལ་སྟབས་བདེ་ཆེན་པོ་བཟོས་ཡོད་པ་རེད། འོན་ཀྱང་མིའི་རིགས་ཀྱི་ཧམ་སེམས་དང་འདོད་སྲེད་དྲག་པོའི་དབང་གིས་ས་སྒང་རིལ་མོ་འདིའི་སྟེང་གི་འགྲོ་བ་རིགས་དྲུག་ལ་གནོད་འཚེ་བཏང་དང་གཏོང་བཞིན་པའི་སྒང་རེད། འདི་དག་ནི་མི་གཞིའི་སློབ་གསོ་སྟེ། བྱམས་སྙིང་རྗེ་དང་མི་གཤིས་ཀུན་སྤྱོད་ཀྱི་ཕྱོགས་ནས་བསྲེས་བསླད་དང་རུལ་སུངས་རང་བཞིན་གྱི་གནད་དོན་ཞིག་རེད་ལ། དེའང་མཐར་གཏུག་ན་མི་རེ་རེའི་མི་གཤིས་ཀུན་སྤྱོད་མཐོར་འདེགས་ཀྱི་ཕྱོགས་ནས་ཆད་སོང་བར་འདོད།
དེ་ཡང་མཁས་པའི་ཞལ་ནས་ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད་ཅེས་པ་ལྟར། ཀུན་སྤྱོད་ལེགས་པོ་ཞིག་ཡོད་ན་ནི་ཚོགས་སྤྱི་གང་ཞིག་དང་སྒྲིག་འཛུགས་གང་ཞིག་ལ་འཆམ་ཞིང་མཐུན་པའི་རུ་མ་ཡིན་ཞིང༌། ཀུན་ལ་ཕན་བདེ་འབྱུང་བའི་སྨན་མཆོག་ཡིན། རང་རེའི་བོད་ལ་མཚོན་ན་མི་གཤིས་ཀུན་སྤྱོད་ཀྱི་ཕྱོགས་ནས་སེམས་ལ་འཛིན་རྒྱུའི་ཚིག་མང་པོ་ཞིག་གསུངས་ཡོད་ལ། འདིར་གླེང་གཞིར་བབས་པའི་དེང་རབས་བོད་ཀྱི་སློབ་གསོའི་ཕྱོགས་ནས་བལྟས་ན། ཐོག་མར་སློབ་གསོ་གཏོང་མཁན་དགེ་རྒན་རང་སྟེང་གི་མི་གཤིས་ཀུན་སྤྱོད་ལེགས་དགོས་ལ། དེ་ནས་སློབ་མའི་རྒྱུད་ཀྱི་མི་གཤིས་ཀུན་སྤྱོད་ཇི་ལྟར་མཐོར་འདེགས་གཏོང་བར་ཐུགས་བསམ་གནང་དགོས་པ་རེད།ཐོག་མར་མི་གཤིས་ལེགས་པོ་ཞིག་ཆགས་རྗེས། ཕུ་ཆུ་རྫིང་དང་ས་རླན་དང་ཞེས་པ་བཞིན་མིའི་ཐོག་མའི་ཀུན་སྤྱོད་ལེགས་ལམ་དུ་ཕྱིན་སོང་ན་ད་གཟོད་མི་ཡང་དག་ཅིག་སྐྱོང་ཐུབ། འདིར་ཕྲན་གྱིས་གླེང་གཞི་འདི་ཡིས་སྣེ་དྲངས་ཏེ་དགེ་སློབ་ཟུང་གི་མི་གཤིས་ཀུན་སྤྱོད་ཀྱི་ཕྱོགས་ནས་གླེང་བ་ལ།
ན་ཆུང་བྱིས་པ་ཚོ་ནི་གསར་དུ་འབུས་པའི་ལྗང་སྨྱུག་ཡིན་ན། མི་གཤིས་ཀུན་སྤྱོད་ནི་དེའི་ལྗང་ལོ་ཡིན། ན་ཆུང་བྱིས་པ་དག་ནི་ཞོགས་པའི་དུས་ཀྱི་ཉི་གཞོན་ཡིན་ན། མི་གཤིས་ཀུན་སྤྱོད་ནི་དེའི་འོད་སྟོང་འཕྲོ་བའི་ཉི་ཟེར་ཡིན། བྱིས་པ་དེ་ལམ་ཅི་ལྟ་བུ་ཞིག་ཏུ་འགྲོ་རུ་འཇུག་མིན་ནི་དུས་ད་ལྟ་ཉིད་ཀྱི་ཀུན་སྤྱོད་སློབ་གསོ་ལ་རག་ལས་ཡོད་དེ། མིའི་ཡོན་ཏན་ལ་སྦྱོང་ཐབས་ཡོད་ཀྱང་མི་གཤིས་ཀུན་སྤྱོད་ལ་བཅོས་ཐབས་དཀའ་བ་བཞིན། ཐོག་མར་ཀུན་སྤྱོད་ཀྱི་ས་བོན་ལེགས་པོ་ཞིག་འདེབས་རྒྱུ་ནི་གལ་ཆེ་བ་རེད། དེ་ལ་ང་ཚོའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ན་མི་བཟང་སྤྱོད་གཙང་ཕྱོགས་ཀྱི་སློབ་གསོ་གཏོང་སྲོལ་མང་པོ་ཡོད་དེ། སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་མི་ཉན་པ་དང༌། བཏུང་ཆུའི་ནང་གཅིན་སྐྱག་སོགས་བཙོག་བསྲེས་མི་ཉན་པ། ད་དུང་མི་ལ་ཆེ་ཆུང་དང་ས་ལ་ཡར་ཐུར་ཞེས་ཆེ་བཀུར་ཆུང་བྱམས་དང་ངོ་ཚ་ཁྲེལ་ཡོད་སོགས་མི་གཞི་དྲང་ཞིང་མི་གཤིས་གཙང་དགོས་པའི་སློབ་གསོའི་མ་ལག་ཆ་ཚང་ཞིག་ཡོད་པ་རེད། འོན་ཀྱང་ད་ལྟའི་སློབ་མ་མང་ཆེ་བ་གྲོང་ཁྱེར་ནས་ནར་སོན་ཞིང་སྣ་མང་རིག་གནས་ཀྱི་ཤན་རྐྱེན་སྣ་ཚོགས་ཞུགས་ཡོད་པས། ང་ཚོའི་སྲོལ་རྒྱུན་གྱི་གོམས་སྲོལ་ལེགས་པོ་འདི་དག་དང་རྒྱང་དུ་གྱེས་ནས། འདྲ་མཉམ་གླེང་བ་ཡིན་ཞེས་ཆེ་ཆུང་ཀུན་ལ་བརྩི་བཀུར་མེད་པར་ཕོག་ཐུག་གཏོང་ཞིང་སྤོབས་པ་བསྐྱེད་པ་ཡིན་ཟེར་ནས་ཕ་མ་མིང་སྲིང་བར་ལ་ངོ་ཚའི་གོས་དང་བྲལ་བ། ད་དུང་དེ་ལས་ལྷག་པར་ཕ་མའི་གདམ་པར་མི་ཉན་པར་གང་བསམ་གང་འདོད་དང་རང་དབང་རང་རྐྱ་བྱས་ཏེ། མི་སུ་ཡིན་མིག་ལམ་དུ་མི་འཇོག་པར་ཐ་ན་ཕ་མས་བཀའ་བཀྱོན་དང་སྡིགས་དམོད་ཙམ་བྱས་ན་ཁོང་ཁྲོ་ལངས་ཤིང་ཁྲིམས་གཏུགས་ཀྱང་བྱེད་པའི་དོན་རྐྱེན་བཟོ་བཞིན་ཡོད་པ་རེད། རང་ལྟ་མཆོག་འཛིན་དང་མི་གཤིས་ཀུན་སྤྱོད་ཀྱི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་པའི་བྱིས་པ་འདི་འདྲ་མང་པོ་ཞིག་འཚར་ལོངས་བྱུང་གྱུར་ན། འཇིག་རྟེན་འདིར་པིན་ལ་ཏུན་གཉིས་པ་ཞིག་འཁྲུངས་སོང་པ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་འདིར་བྱིས་པ་ཚོར་འོ་ཕྱེ་རྫུན་མ་བཟོ་བའི་ཚོང་དཔོན་གཞན་པ་ཞིག་བལྟམས་སོང་བ་མིན་ནམ། འདི་དང་འདི་འདྲའི་གནའ་མིར་མི་དཔེ་བ་ཞིག་དེང་སང་དར་བཞིན་པ་འདིའི་རྒྱུ་གཙོ་བོ་ནི་ཇི་ཙམ་དར་རྒྱས་ཆེ་བའི་ས་གནས་དེའི་སྲོལ་རྒྱུན་རིག་གནས་ལ་དེ་ཙམ་གྱོང་གུད་ཆེ་བ་བཞིན་ཟང་ཟིང་གི་རིག་དངོས་ཀྱིས་མི་གཤིས་དང་རིག་གནས་བསླད་སོང་བ་ཡིན་འདུག གནད་འགག་འདི་དང་འདི་འདྲར་ང་ཚོའི་ལམ་སྟོན་སྒྲོན་མེ་རུ་འབོད་པའི་དགེ་བའི་བཤེས་གཉེན་ཚོ་གདོང་ལ་མི་འབུད་སུ་ཞིག་འབུད། བླ་མས་ཅི་གསུང་ཆོས་ལ་སྒུར་བཞིན་པའི་སེར་སྐྱ་མང་ཚོགས་ཚོའི་ཡིད་ཆེས་ཀྱི་མེ་ཏོག་ཡོད་ཚད་ང་ཚོར་ཕུལ་ཞིང༌། དད་འདུན་གྱི་གུས་ཕྱག་ཡོད་ཚད་ང་ཚོར་འཚལ་བཞིན་པ་མཐོང་སོང་ངམ།
ང་ཚོའི་ལོ་རྒྱུས་སུ་གསལ་བའི་མ་ཅིག་ལབ་སྒྲོན་དང་ཡུམ་ཤིང་བཟའ་ཨ་ཆོས། ཡུམ་མྱང་ཚ་དཀར་རྒྱན་ལ་སོགས་མི་གཤིས་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་ལ་དཔའ་མཛངས་ལྡན་པའི་མ་ཡུམ་མང་པོས་མི་ལ་རས་པ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་གསེར་བཞིན་བཏབ་ཅིང་གསེར་བཞིན་བཙོས་པ་རེད། ཨ་མའི་སློབ་གསོ་ནི་བྱིས་པའི་ཆེས་ཕན་ནུས་ལྡན་པའི་སློབ་གསོ་ཡིན་པས། བུད་མེད་དག་གི་འཇོན་ནུས་ནི་དེ་ལྟར་གལ་ཆེ་ལ། དེ་ཚོར་ཀུན་སྤྱོད་སློབ་གསོའི་སྐོར་གྱི་གོ་སྐབས་སྤྲད་རྒྱུ་ནི་དེ་ལས་གལ་ཆེ་བ་རེད། དབྱར་གསུམ་མེ་ཏོག་ལྟ་བུའི་བུད་མེད་དག་ལ་ཡང་དག་པའི་རིག་གནས་སློབ་གསོ་དང་མི་གཤིས་ཀུན་སྤྱོད་བཙོ་སྦྱངས་བྱེད་པའི་གོ་སྐབས་ལེགས་པོ་ཞིག་སྤྲད་གྱུར་ན་ང་ཚོར་ད་དུང་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་འཁྲུངས་པར་གདོན་མི་ཟ་བ་རེད། དེ་བས། ང་ཚོའི་ཕོ་མཆོག་མོ་དམན་གྱི་འདུ་ཤེས་དྲག་པའི་བོད་སྤྱི་ཚོགས་འདིར་བུད་མེད་དག་གི་མི་གཤིས་ཀུན་སྐྱོད་མཐོར་འདེགས་བྱེད་པའི་སློབ་གསོ་ནི་དེ་བས་ཀྱང་གལ་ཆེའོ་སྙམ།
མདོར་ན། ཀྲུང་གོའི་ནང་ཁུལ་ནས་ཀྱང་ཁོན་ཙི་ལྟ་བུའི་ཀུན་སྤྱོད་སློབ་གསོ་ལ་དང་དོད་དང་རྗེས་དྲན་ཞུ་བཞིན་ཡོད་པ་ལྟར། ང་ཚོས་ཀྱང་རང་གི་ལག་ན་ཡོད་པའི་ནོར་བུ་འདིར་གཅེས་འཛིན་དང་རྒྱུད་འཛིན་བྱ་རྒྱུ་ནི་དུས་ཐོག་ཆར་བ་ལྟ་བུ་ཡིན་ནོ། །
དཔྱད་གཞིའི་རྒྱུ་ཆ།
༡ སློབ་གསོའི་ཐབས་ལམ་རྣམ་བཤད། གཅན་རོང་བསྟན་འཛིན་གྱིས་བརྩམས།
༢ ས་སྐྱ་ལེགས་བཤད། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད།
༣ གུང་ཐང་སློབ་གཉེར་བསླབ་བྱ། གུང་ཐང་བསྟན་པའི་སྒྲོན་མེས་མཛད།
རྫས་ལུང་ཚེ་དར། རྫས་ལུང་ཚེ་དར། མདོ་སྨད་ཀླུ་ཆུ་རྫས་ཚ་སྡེ་བའི་མི་ཡིན། ཀན་སུའུ་ཞིང་ཆེན་ཡུམ་སྐད་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀན་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། ཀླུ་ཆུ་རྫོང་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མི། ཀན་ལྷོ་ཁུལ་སྐབས་དགུ་བའི་ན་གཞོན་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན། རྩོམ་རིག་དང་གླུ་གཞས། མདོ་འཛིན་གཏམ་བཤད་སོགས་ནི་ཁོ་བོའི་དགའ་ཕྱོགས་སུ་རྙེད་ཅིང་འཚོ་བའི་གཤིས་སུ་གྲུབ། ལས་ཞོར་དུ་༼སྒྲོན་མེ་༽དང་༼རླབས་ཕྲེང་༽གི་རྩོམ་སྒྲིག་པའི་འགན་ཁུར་ཞིང་། ༼གངས་རྒྱན་མེ་ཏོག་༽དང་༼ཟླ་ཟེར༽ ༼བོད་ལྗོངས་ཉིན་རེའི་ཚགས་པར།༽ ༼ཁྲིམས་ལུགས་ཚགས་པར།༽ ༼ཀན་ལྷོའི་གསར་འགྱུར།༽ ༼གུར་ཀུམ་ཆུན་པོ།༽ ༼སྤྲིན་གྱི་མེ་ཏོག༽ ༼སྒྲོན་མེ༽སོགས་སྒེར་གཞུང་གང་རུང་གི་དུས་དེབ་དག་གི་སྟེང་དུ་སྙན་ངག་གཙོ་བྱས་པའི་བརྩམས་ཆོས་འགའ་རེའི་རྐང་རྗེས་བཀོད་མྱོང་ལ། ༢༠༡༨ལོར་༼སེམས་ཀྱི་ཐུག་འཕྲད་༽ཅེས་པའི་མི་སྒེར་གྱི་སྙན་དེབ་ཆུང་ངུ་ཞིག་འབྲེལ་ཡོད་མི་བུ་ཀུན་ལ་སྐྱེས་སུ་ཕུལ། ད་དུང་རོགས་སྐྱོར་ཚོགས་པ་རྩ་འཛུགས་ཏེ་ལོ་ངོ་བཅུ་ཕྲག་ལྷག་ལ་སློབ་མ་མང་པོར་རོགས་སྐྱོར་བྱས་པ་དང་། རིག་རྩལ་སྤྲོ་ཚོགས་ཀྱི་དཔྱད་འདེམས་པ་སོགས་ལས་ཀ་འགའ་ཡང་སྒྲུབ་བཞིན་མཆིས།
ད་ལྟ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ན་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་ཅིང་། ད་ལྟའི་བར་དུ་རྫོང་རིམ་པའི་རྐང་འཛིན་དགེ་རྒན་དང་ཕུལ་བྱུང་དགེ་རྒན། འཛིན་བདག་ཕུལ་བྱུང་ཅན་སོགས་ཀྱི་བྱ་དགའི་གཟེངས་རྟགས་རེ་ཡང་རེག་མྱོང།
【བརྡ་ཆད་གཙོ་བོ】མི་གཤིས་ཀུན་སྤྱོད། མི་གཞིའི་སློབ་གསོ། ཀུན་སྤྱོད་སློབ་གསོ།
དེང་གི་ཆར་འཛམ་གླིང་སྒང་འདིར་ཚན་རྩལ་རིག་པ་སོགས་དར་བའི་རྩེ་ལ་སོན་ཞིང་མིའི་འགྲོ་འདུག་ཉལ་འཆག་ཀུན་ལ་སྟབས་བདེ་ཆེན་པོ་བཟོས་ཡོད་པ་རེད། འོན་ཀྱང་མིའི་རིགས་ཀྱི་ཧམ་སེམས་དང་འདོད་སྲེད་དྲག་པོའི་དབང་གིས་ས་སྒང་རིལ་མོ་འདིའི་སྟེང་གི་འགྲོ་བ་རིགས་དྲུག་ལ་གནོད་འཚེ་བཏང་དང་གཏོང་བཞིན་པའི་སྒང་རེད། འདི་དག་ནི་མི་གཞིའི་སློབ་གསོ་སྟེ། བྱམས་སྙིང་རྗེ་དང་མི་གཤིས་ཀུན་སྤྱོད་ཀྱི་ཕྱོགས་ནས་བསྲེས་བསླད་དང་རུལ་སུངས་རང་བཞིན་གྱི་གནད་དོན་ཞིག་རེད་ལ། དེའང་མཐར་གཏུག་ན་མི་རེ་རེའི་མི་གཤིས་ཀུན་སྤྱོད་མཐོར་འདེགས་ཀྱི་ཕྱོགས་ནས་ཆད་སོང་བར་འདོད།
དེ་ཡང་མཁས་པའི་ཞལ་ནས་ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད་ཅེས་པ་ལྟར། ཀུན་སྤྱོད་ལེགས་པོ་ཞིག་ཡོད་ན་ནི་ཚོགས་སྤྱི་གང་ཞིག་དང་སྒྲིག་འཛུགས་གང་ཞིག་ལ་འཆམ་ཞིང་མཐུན་པའི་རུ་མ་ཡིན་ཞིང༌། ཀུན་ལ་ཕན་བདེ་འབྱུང་བའི་སྨན་མཆོག་ཡིན། རང་རེའི་བོད་ལ་མཚོན་ན་མི་གཤིས་ཀུན་སྤྱོད་ཀྱི་ཕྱོགས་ནས་སེམས་ལ་འཛིན་རྒྱུའི་ཚིག་མང་པོ་ཞིག་གསུངས་ཡོད་ལ། འདིར་གླེང་གཞིར་བབས་པའི་དེང་རབས་བོད་ཀྱི་སློབ་གསོའི་ཕྱོགས་ནས་བལྟས་ན། ཐོག་མར་སློབ་གསོ་གཏོང་མཁན་དགེ་རྒན་རང་སྟེང་གི་མི་གཤིས་ཀུན་སྤྱོད་ལེགས་དགོས་ལ། དེ་ནས་སློབ་མའི་རྒྱུད་ཀྱི་མི་གཤིས་ཀུན་སྤྱོད་ཇི་ལྟར་མཐོར་འདེགས་གཏོང་བར་ཐུགས་བསམ་གནང་དགོས་པ་རེད།ཐོག་མར་མི་གཤིས་ལེགས་པོ་ཞིག་ཆགས་རྗེས། ཕུ་ཆུ་རྫིང་དང་ས་རླན་དང་ཞེས་པ་བཞིན་མིའི་ཐོག་མའི་ཀུན་སྤྱོད་ལེགས་ལམ་དུ་ཕྱིན་སོང་ན་ད་གཟོད་མི་ཡང་དག་ཅིག་སྐྱོང་ཐུབ། འདིར་ཕྲན་གྱིས་གླེང་གཞི་འདི་ཡིས་སྣེ་དྲངས་ཏེ་དགེ་སློབ་ཟུང་གི་མི་གཤིས་ཀུན་སྤྱོད་ཀྱི་ཕྱོགས་ནས་གླེང་བ་ལ།
དང་པོ། དགེ་བའི་བཤེས་གཉེན་དག་གི་མི་གཤིས་ཀུན་སྤྱོད་གླེང་བ།
དགེ་བའི་བཤེས་གཉེན་དག་གི་མཚན་ཉིད་ལ་གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་གསུངས་ཡོད་ཅིང༌། དེ་ལས་གཙང་ཞེས་པ་ནི་མི་གཤིས་ཀུན་སྤྱོད་དང་སེམས་རྒྱུད་གཙང་དགོས་པར་བསྟན་པ་རེད། དགེ་རྒན་ཞིག་ལ་གཡའ་མ་ཆགས་པའི་མི་གཤིས་གཙང་མ་ཞིག་ཡོད་པ་ན་དེས་བསྐྱངས་པའི་བུ་སློབ་དག་གི་ཀུན་སྤྱོད་ནི་དེ་བཞིན་དུ་གཙང་བ་ནི་འཁྲུལ་མེད་རེད། རྒྱུ་འབྲས་རྣམ་གཞག་གི་ཆོས་ཉིད་ལྟར་ནའང་རྒྱུ་ཀུ་ཤུ་བཏབ་ན་འབྲས་བུ་ཀུ་ཤུ་སྨིན་པ་ལྟ་བུ་རེད། བླ་ན་མེད་པའི་དགེ་རྒན་དག་མུན་སེལ་དང་ལམ་སྟོན་གྱི་སྒྲོན་མེ་ཡིན་ན། ཐོག་མར་རང་ཉིད་ནས་མགོ་བརྩམ་ཏེ། བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་ཀྱིས་ཕྱུག་པའི་མི་གཤིས་ལེགས་པོ་ཞིག་འཁྱོངས་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཞིག་སྟེ། མི་གཤིས་ཀུན་སྤྱོད་ཀྱིས་མི་ཚེའི་རིན་ཐང་ཧྲིལ་བོ་ཐག་གཅོད་པ་རེད། འོན་ཀྱང་དེང་གི་སྤྱི་ཚོགས་འདིར་མིག་ཟུང་ཕྱོགས་ཏེ་བལྟས་ན་མི་གཤིས་ཀྱི་རྒྱ་མ་རྨང་ནས་ཆག་ཅིང་ཀུན་སྤྱོད་ཀྱི་མེ་ཏོག་སད་ཀྱིས་ཁྱེར་འདུག་པ་མང་པོ་མཐོང་རྒྱུ་འདུག ཁོ་ཚོས་དོན་ངོ་མར་སློབ་ཕྲུག་དག་གི་རྒྱུད་ལ་མི་གཤིས་ཀུན་སྤྱོད་ཀྱི་ས་བོན་ཇི་ལྟར་སྟོར་གྱིན་ཡོད་དམ། ཁོ་ཚོས་སློབ་ཁང་དང་ཁྲིད་སྟེགས་གྲུ་བཞིའི་སྟེང་ན་ཅི་ཞིག་འཆད་ཀྱིན་ཡོད་དམ། ཁོ་ཚོས་ཉིན་རྒྱུན་ཆང་དང་རྒྱལ་འཇོག་ཤོ་རྒྱག་གི་བག་མེད་རྒྱས་སྤྲོས་ཀྱིས་ཉི་མ་བཏང་ཞིང༌། རྩེད་མཚར་དང་འུར་ཟིང་གིས་དུས་ཚོད་བརླག་པར་བྱེད། ཁོ་ཚོའི་དབྱར་ཁའི་གནམ་ངོ་ལྟ་བུའི་དགའ་སྡུག་གིས་སློབ་མའི་སྣང་ངོར་ཅི་འདྲའི་སོས་དཀའ་བའི་རྨ་ཁ་ཆེན་པོ་ཞིག་བཏོད་ཡོད་པ་རེད་ཨང༌། ཁོ་ཚོས་མི་རིགས་དང་སྐད་ཡིག་གི་འདུ་ཤེས་ཐེད་དུ་བོར་ཞིང་ཐ་ན་སློབ་ཕྲུག་དག་མཐོང་ན་ཡི་ཀ་ལོག་གིན་ཡོད་པ་རེད། འོ་ན། ང་ཚོས་དེང་གི་བོད་མི་རིགས་སམ་སྤྱི་ཚོགས་འདིར་གདོང་ཕྱོགས་ཏེ་བལྟས་ན། འདི་ལྟར་སོས་དལ་བག་ཁོམ་དང་གོ་མེད་ཚོར་མེད་ཀྱིས་འདུག་ཁོམ་ཞིག་ཡོད་དམ། མི་བུ་རེ་རེ་རང་གི་འགན་འཁྲི་ལ་གཡོལ་བའི་དུས་སྐབས་ཤིག་ཡིན་ནམ། ང་ཚོས་སློབ་གསོ་སྒྲུབ་པའི་དམིགས་ཡུལ་ནི་རང་ཉིད་ལ་ཡོན་ཏན་དང་མི་གཤིས་ལེགས་པོ་ཞིག་འབྱོར་བ་བརྒྱུད་ནས། ཕ་ཡུལ་དང་སྤྱི་ཚོགས་ལ་ཕན་བཟང་པོ་ཞིག་འདོགས་ཐུབ་རྒྱུ་དེ་རེད། དེ་བས་དགེ་རྒན་ཞིག་གི་སྟེང་ནས་བཤད་ན་ཐོག་མར་སློབ་གཙོ་བཅིངས་འགྲོལ་བྱས་ཚེ་དགེ་རྒན་བཅིངས་འགྲོལ་བྱེད་ཐུབ་ལ། དགེ་རྒན་བཅིངས་འགྲོལ་བྱས་ཚེ་སློབ་མ་བཅིངས་འགྲོལ་བྱེད་ཐུབ་ཅེས་པ་ལྟར། རང་ཉིད་མུན་པ་སེལ་བྱེད་ཀྱི་སྒྲོན་མེ་ཞིག་ཡིན་ན་ད་གཟོད་སློབ་མའི་རྒྱུད་ཀྱི་མུན་པ་དེ་སེལ་ཐུབ་པ་རེད། རྗེ་ཙོང་ཁ་བས་ཀྱང་ཐམས་ཅད་བསམ་པ་དག་ལ་རག་ལས་པས།། རྟག་ཏུ་བསམ་པ་དག་ལ་འབད་པར་བྱ།། ཞེས་པ་ལྟར་མི་རང་སྟེང་གི་སེམས་རྒྱུད་མི་ལེགས་པའི་གཤིས་སྤྱོད་དག་འདུལ་རྒྱུ་ནི་ཤིན་དུ་ནས་ཀྱང་གལ་ཆེན་རེད། སློབ་ཕྲུག་དག་ནི་རང་ཉིད་ཀྱི་མེ་ལོང་ལྟ་བུ་ཡིན་པས། ཁྱོད་ཀྱིས་ཅི་བྱེད་མཐའ་དག་སློབ་མ་ཚོའི་བྱ་བྱེད་ལས་མངོན་འོང་པ་རེད། དེར་ཁག་མེད་དེ། སློབ་མ་དག་གི་སྣང་ངོ་ན་དགེ་རྒན་ནི་ཆེས་མཆོག་ཏུ་གྱུར་བ་དང་ཆེས་ཡོན་ཏན་ཅན་གྱི་སྐྱོན་མེད་སངས་རྒྱས་ལྟ་བུར་བརྩིས་ཡོད་པ་རེད།
གཉིས་པ། སློབ་མའི་མི་གཤིས་ཀུན་སྤྱོད་ཀྱི་སློབ་གསོ་གླེང་བ།
ས་སྐྱ་ལེགས་བཤད་ལས་ཀླད་ཆུང་རང་བཞིན་ངན་པ་ལ།། ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས་ཞེས་གསུངས་པ་བཞིན་ང་ཚོའི་མི་སུ་དང་སུ་ཞིག་ཡིན་རུང་མི་གཤིས་རང་བཞིན་བཟང་བོ་ཞིག་མེད་ན་ཕན་པ་ལས་གནོད་པའི་ནག་ཉེས་མང་པོ་བཟོས་ཡོང་བ་རེད། ལྷག་པར་དུ་ལོ་ན་གཞོན་པའི་སློབ་མ་དག་ནི་ངོས་གཙང་བའི་ཤོག་དཀར་རེ་རེ་ཡིན་པས། དེའི་ངོས་སུ་ཡི་གེ་དཀར་ནག་ཅི་འདྲ་ཞིག་འབྲི་རྒྱུ་ནི་ཀུན་སྤྱོད་སློབ་གསོའི་སྤུས་ཀ་ལ་རག་ལས་ཡོད་ལ། དེ་ལས་ཀྱང་མི་ཇི་ལྟ་བུ་ཞིག་འཁྱོངས་སུ་འཇུག་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཡིན་འདུག སྤྱིར་ང་ཚོས་སློབ་གསོ་མྱོང་བའི་དམིགས་ཡུལ་གཙོ་བོ་ནི་སྲིད་གཞུང་ག་གེ་མོའི་ལས་ཀ་ཞིག་རེག་རྒྱུ་དེ་མ་ཡིན་པར་མི་གཞི་བཟང་བོ་ཞིག་ཆགས་པ་བརྒྱུད་སྤྱི་ཚོགས་དང་མི་རིགས་ལ་འགན་འཁུར་བའི་བུ་ཡ་རབས་ཤིག་བྱ་རྒྱུ་དེ་རེད། དེ་ཡང་ང་ཚོའི་ཆོས་གཞུང་དུ་གསུངས་བའི་འགྲོ་བ་སེམས་ཅན་གྱི་དོན་དུ་མ་ཎི་བསྔོ་ཞེས་པ་བཞིན་རང་གཅིག་པུའི་བདེ་སྐྱིད་དང་ཁེ་ཕན་ཙམ་མི་སྲུང་བར་ཚོགས་སྤྱི་ཆེན་པོ་ཞིག་ལ་ཞབས་ཞུ་བསྒྲུབ་ཐུབ་པར་བྱ་རྒྱུ་ནི་འཇིག་རྟེན་གྱི་མི་རེ་རེའི་བདེ་སྐྱིད་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། འདི་ཡང་མི་གཤིས་ཀུན་སྤྱོད་ཀྱི་རྒྱུ་ལས་བྱུང་བ་མ་ཡིན་ནམ། དཔེར་ན་ཨ་རུའི་སྲིད་འཛིན་དུ་བདམས་མྱོང་བའི་ལིན་ཁུན་ལྟ་བུར་མཚོན་ན། ཁོ་ནི་རྒྱལ་ཁབ་ཅིག་གི་སྲིད་འཛིན་པ་ཡིན་ཡང་ཁོའི་ཨ་ཕ་ལྷམ་བཟོ་བ་ཞིག་ཡིན་པའི་དོན་དངོས་དེ་ཁས་ལེན་ཞིང༌། ད་དུང་ཁོས་ནམ་ཡང་རང་གི་ཨ་ཕའི་འཇོན་ཐང་དང་མི་གཞི་ལ་བརྩི་མཐོང་ཆེན་པོ་བྱེད་པའི་བསྒྲགས་གཏམ་སྤེལ་བ་རེད། འདི་དང་འདི་ལྟ་བུའི་བླ་ན་མེད་པའི་མི་གཤིས་ཀུན་སྤྱོད་ཅིག་ཡོད་ཚེ། སྤྱི་ཚོགས་དང་མི་རིགས་ལ་ཞབས་འདེགས་ཞུ་རྒྱུ་ནི་རང་སྐལ་གྱི་ལས་འགན་ཞིག་ཏུ་དང་ལེན་བྱས་ཡོད་དེ། ལྷ་བླ་མ་ཡེ་ཤེས་འོད་དང་རྗེ་རིན་པོ་ཆེ་སོགས་ཀྱིས་མཚོན་པའི་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་གིས་མི་གཤིས་ཀུན་སྤྱོད་ཀྱི་རིན་ཐང་ངོམས་ཤིང་འགན་འཁྲིའི་འདུ་ཤེས་ཀྱི་འོད་ཟེར་སྤྲོས་ཏེ་མི་རིགས་འདིའི་རིག་གནས་དང་མི་རིགས་འདིའི་དར་རྒུད་ཐུགས་ལ་བརྣག་སྟེ་རང་སྲོག་གཏའ་མར་བཞག་མྱོང་བ་རེད། འདི་དག་ནི་ཆེས་ཆེ་བའི་མི་གཤིས་ཀུན་སྤྱོད་ཀྱི་ཚད་གཞི་དང་ཆེས་མཐོ་བའི་མི་ཚེའི་རིན་ཐང་ཡིན་འདུགན་ཆུང་བྱིས་པ་ཚོ་ནི་གསར་དུ་འབུས་པའི་ལྗང་སྨྱུག་ཡིན་ན། མི་གཤིས་ཀུན་སྤྱོད་ནི་དེའི་ལྗང་ལོ་ཡིན། ན་ཆུང་བྱིས་པ་དག་ནི་ཞོགས་པའི་དུས་ཀྱི་ཉི་གཞོན་ཡིན་ན། མི་གཤིས་ཀུན་སྤྱོད་ནི་དེའི་འོད་སྟོང་འཕྲོ་བའི་ཉི་ཟེར་ཡིན། བྱིས་པ་དེ་ལམ་ཅི་ལྟ་བུ་ཞིག་ཏུ་འགྲོ་རུ་འཇུག་མིན་ནི་དུས་ད་ལྟ་ཉིད་ཀྱི་ཀུན་སྤྱོད་སློབ་གསོ་ལ་རག་ལས་ཡོད་དེ། མིའི་ཡོན་ཏན་ལ་སྦྱོང་ཐབས་ཡོད་ཀྱང་མི་གཤིས་ཀུན་སྤྱོད་ལ་བཅོས་ཐབས་དཀའ་བ་བཞིན། ཐོག་མར་ཀུན་སྤྱོད་ཀྱི་ས་བོན་ལེགས་པོ་ཞིག་འདེབས་རྒྱུ་ནི་གལ་ཆེ་བ་རེད། དེ་ལ་ང་ཚོའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ན་མི་བཟང་སྤྱོད་གཙང་ཕྱོགས་ཀྱི་སློབ་གསོ་གཏོང་སྲོལ་མང་པོ་ཡོད་དེ། སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་མི་ཉན་པ་དང༌། བཏུང་ཆུའི་ནང་གཅིན་སྐྱག་སོགས་བཙོག་བསྲེས་མི་ཉན་པ། ད་དུང་མི་ལ་ཆེ་ཆུང་དང་ས་ལ་ཡར་ཐུར་ཞེས་ཆེ་བཀུར་ཆུང་བྱམས་དང་ངོ་ཚ་ཁྲེལ་ཡོད་སོགས་མི་གཞི་དྲང་ཞིང་མི་གཤིས་གཙང་དགོས་པའི་སློབ་གསོའི་མ་ལག་ཆ་ཚང་ཞིག་ཡོད་པ་རེད། འོན་ཀྱང་ད་ལྟའི་སློབ་མ་མང་ཆེ་བ་གྲོང་ཁྱེར་ནས་ནར་སོན་ཞིང་སྣ་མང་རིག་གནས་ཀྱི་ཤན་རྐྱེན་སྣ་ཚོགས་ཞུགས་ཡོད་པས། ང་ཚོའི་སྲོལ་རྒྱུན་གྱི་གོམས་སྲོལ་ལེགས་པོ་འདི་དག་དང་རྒྱང་དུ་གྱེས་ནས། འདྲ་མཉམ་གླེང་བ་ཡིན་ཞེས་ཆེ་ཆུང་ཀུན་ལ་བརྩི་བཀུར་མེད་པར་ཕོག་ཐུག་གཏོང་ཞིང་སྤོབས་པ་བསྐྱེད་པ་ཡིན་ཟེར་ནས་ཕ་མ་མིང་སྲིང་བར་ལ་ངོ་ཚའི་གོས་དང་བྲལ་བ། ད་དུང་དེ་ལས་ལྷག་པར་ཕ་མའི་གདམ་པར་མི་ཉན་པར་གང་བསམ་གང་འདོད་དང་རང་དབང་རང་རྐྱ་བྱས་ཏེ། མི་སུ་ཡིན་མིག་ལམ་དུ་མི་འཇོག་པར་ཐ་ན་ཕ་མས་བཀའ་བཀྱོན་དང་སྡིགས་དམོད་ཙམ་བྱས་ན་ཁོང་ཁྲོ་ལངས་ཤིང་ཁྲིམས་གཏུགས་ཀྱང་བྱེད་པའི་དོན་རྐྱེན་བཟོ་བཞིན་ཡོད་པ་རེད། རང་ལྟ་མཆོག་འཛིན་དང་མི་གཤིས་ཀུན་སྤྱོད་ཀྱི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་པའི་བྱིས་པ་འདི་འདྲ་མང་པོ་ཞིག་འཚར་ལོངས་བྱུང་གྱུར་ན། འཇིག་རྟེན་འདིར་པིན་ལ་ཏུན་གཉིས་པ་ཞིག་འཁྲུངས་སོང་པ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་འདིར་བྱིས་པ་ཚོར་འོ་ཕྱེ་རྫུན་མ་བཟོ་བའི་ཚོང་དཔོན་གཞན་པ་ཞིག་བལྟམས་སོང་བ་མིན་ནམ། འདི་དང་འདི་འདྲའི་གནའ་མིར་མི་དཔེ་བ་ཞིག་དེང་སང་དར་བཞིན་པ་འདིའི་རྒྱུ་གཙོ་བོ་ནི་ཇི་ཙམ་དར་རྒྱས་ཆེ་བའི་ས་གནས་དེའི་སྲོལ་རྒྱུན་རིག་གནས་ལ་དེ་ཙམ་གྱོང་གུད་ཆེ་བ་བཞིན་ཟང་ཟིང་གི་རིག་དངོས་ཀྱིས་མི་གཤིས་དང་རིག་གནས་བསླད་སོང་བ་ཡིན་འདུག གནད་འགག་འདི་དང་འདི་འདྲར་ང་ཚོའི་ལམ་སྟོན་སྒྲོན་མེ་རུ་འབོད་པའི་དགེ་བའི་བཤེས་གཉེན་ཚོ་གདོང་ལ་མི་འབུད་སུ་ཞིག་འབུད། བླ་མས་ཅི་གསུང་ཆོས་ལ་སྒུར་བཞིན་པའི་སེར་སྐྱ་མང་ཚོགས་ཚོའི་ཡིད་ཆེས་ཀྱི་མེ་ཏོག་ཡོད་ཚད་ང་ཚོར་ཕུལ་ཞིང༌། དད་འདུན་གྱི་གུས་ཕྱག་ཡོད་ཚད་ང་ཚོར་འཚལ་བཞིན་པ་མཐོང་སོང་ངམ།
གསུམ་པ། ཞར་བྱུང་བོད་མོའི་ཀུན་སྤྱོད་སློབ་གསོ་ལ་མཐོང་ཆེན་དགོས་ཚུལ་སྐོར་ཅུང་ཟད་གླེང་བ།
མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་ཞལ་ནས། རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང༌།། རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས།། ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང༌།། མེད་དུ་མི་རུང་བ་ནི་བུད་མེད་ཡིན།། ཞེས་གསུངས་པ་ལྟར་བུད་མེད་ནི་དེ་འདྲ་གལ་ཆེ་ལ་བུད་མེད་ཀྱི་ཀུན་སྤྱོད་སློབ་གསོའང་བཏང་སྙོམས་སུ་འཇོག་མི་ཉན་པ་ཞིག་ཡིན་ཏེ། དཔེར་ན། ཁྱིམ་ཚང་ཞིག་ལ་ཆ་བཞག་ནས་བཤད་ན། ཁྱིམ་ཚང་དེའི་ཁྱིམ་བདག་མ་དེར་མི་གཤིས་ཀུན་སྤྱོད་ཀྱི་སློབ་གསོའི་བྱང་ཚད་དམའ་ཞིང༌། ཡ་རབས་བཀུར་བསྟི་དང་ངོ་ཚ་ཁྲེལ་ཡོད་ཀྱི་ནོར་གྱིས་དབུལ་བ་ཡིན་ན། ཁྱིམ་ཚང་ཧྲིལ་བོ་དེ་ཡང་ཆེས་ཚུལ་མིན་དང་མགོ་མཇུག་མེད་པ་ཞིག་ཡིན་ལ། གལ་ཏེ་ཁྱིམ་བདག་མ་དེ་གཙང་བཙོག་མེད་པ་ཞིག་ཡིན་ན། ཁྱིམ་ཚང་དེའི་ཁྱིམ་མི་ཧྲིལ་བོའི་གོན་པའང་གཙང་བཙོག་མེད་པར་ཆེས་རྫོབ་པོ་ཞིག་ཡིན་སྲིད། དེ་དང་དེ་བཞིན་སྤྱི་ཚོགས་ཀྱི་ཟུར་ངོས་སོ་སོ་ནས་མི་གཤིས་ཀུན་སྤྱོད་ཀྱི་རིན་ཐང་ཞན་པའི་བུད་མེད་དག་གིས་ཕྲ་མ་རྒྱག་པ་དང་འཁོན་འཛིང་སློང་བ། རང་རྒྱུད་འཚོང་བ། ཕུགས་བསམ་མེད་པར་བག་འཁུམ་པ་སོགས་ཀྱི་སྐྱུག་བྲོ་བའི་བྱ་སྤྱོད་ཀྱང་མི་ཉུང་བ་འབྱུང་གིན་ཡོད་པ་རེད། དེའི་རྒྱུ་མཚན་ནི་ཁོ་ཚོར་རིག་གནས་སློབ་གསོ་དང་ཀུན་སྤྱོད་སློབ་གསོའི་གོ་སྐབས་མ་རེག་པ་རེད་ལ།ཁོ་ཚོར་ཕུགས་བསམ་མངོན་འགྱུར་བྱེད་པའི་སྟེགས་བུ་མ་བསྐྲུན་པའང་རེད། སྟེགས་བུ་དེ་སྒེར་གཅོད་དང་ཕྱོགས་ཞེན་གྱི་འཚུབ་མས་གཏོར་སོང་བ་རེད། ང་ཚོའི་ལོ་རྒྱུས་སུ་གསལ་བའི་མ་ཅིག་ལབ་སྒྲོན་དང་ཡུམ་ཤིང་བཟའ་ཨ་ཆོས། ཡུམ་མྱང་ཚ་དཀར་རྒྱན་ལ་སོགས་མི་གཤིས་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་ལ་དཔའ་མཛངས་ལྡན་པའི་མ་ཡུམ་མང་པོས་མི་ལ་རས་པ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་གསེར་བཞིན་བཏབ་ཅིང་གསེར་བཞིན་བཙོས་པ་རེད། ཨ་མའི་སློབ་གསོ་ནི་བྱིས་པའི་ཆེས་ཕན་ནུས་ལྡན་པའི་སློབ་གསོ་ཡིན་པས། བུད་མེད་དག་གི་འཇོན་ནུས་ནི་དེ་ལྟར་གལ་ཆེ་ལ། དེ་ཚོར་ཀུན་སྤྱོད་སློབ་གསོའི་སྐོར་གྱི་གོ་སྐབས་སྤྲད་རྒྱུ་ནི་དེ་ལས་གལ་ཆེ་བ་རེད། དབྱར་གསུམ་མེ་ཏོག་ལྟ་བུའི་བུད་མེད་དག་ལ་ཡང་དག་པའི་རིག་གནས་སློབ་གསོ་དང་མི་གཤིས་ཀུན་སྤྱོད་བཙོ་སྦྱངས་བྱེད་པའི་གོ་སྐབས་ལེགས་པོ་ཞིག་སྤྲད་གྱུར་ན་ང་ཚོར་ད་དུང་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་འཁྲུངས་པར་གདོན་མི་ཟ་བ་རེད། དེ་བས། ང་ཚོའི་ཕོ་མཆོག་མོ་དམན་གྱི་འདུ་ཤེས་དྲག་པའི་བོད་སྤྱི་ཚོགས་འདིར་བུད་མེད་དག་གི་མི་གཤིས་ཀུན་སྐྱོད་མཐོར་འདེགས་བྱེད་པའི་སློབ་གསོ་ནི་དེ་བས་ཀྱང་གལ་ཆེའོ་སྙམ།
མདོར་ན། ཀྲུང་གོའི་ནང་ཁུལ་ནས་ཀྱང་ཁོན་ཙི་ལྟ་བུའི་ཀུན་སྤྱོད་སློབ་གསོ་ལ་དང་དོད་དང་རྗེས་དྲན་ཞུ་བཞིན་ཡོད་པ་ལྟར། ང་ཚོས་ཀྱང་རང་གི་ལག་ན་ཡོད་པའི་ནོར་བུ་འདིར་གཅེས་འཛིན་དང་རྒྱུད་འཛིན་བྱ་རྒྱུ་ནི་དུས་ཐོག་ཆར་བ་ལྟ་བུ་ཡིན་ནོ། །
དཔྱད་གཞིའི་རྒྱུ་ཆ།
༡ སློབ་གསོའི་ཐབས་ལམ་རྣམ་བཤད། གཅན་རོང་བསྟན་འཛིན་གྱིས་བརྩམས།
༢ ས་སྐྱ་ལེགས་བཤད། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད།
༣ གུང་ཐང་སློབ་གཉེར་བསླབ་བྱ། གུང་ཐང་བསྟན་པའི་སྒྲོན་མེས་མཛད།
རྩོམ་པ་པོ་ངོ་སྤྲོད།

ད་ལྟ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ན་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་ཅིང་། ད་ལྟའི་བར་དུ་རྫོང་རིམ་པའི་རྐང་འཛིན་དགེ་རྒན་དང་ཕུལ་བྱུང་དགེ་རྒན། འཛིན་བདག་ཕུལ་བྱུང་ཅན་སོགས་ཀྱི་བྱ་དགའི་གཟེངས་རྟགས་རེ་ཡང་རེག་མྱོང།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།