-
རྩོམ་འདིར་ཐང་གི་ཡིག་ཚང་ཐུན་ཏེན་ལས་བོད་ཀྱི་ས་བཅད་ཀྱི་ལོ་རྒྱུས་རིན་ཐང་སྐོར་སོགས་གསལ་བོར་བརྫོད་པའོ།...
2021-04-20 09:21:07 མཐའ་བ་བཀྲ་ཤིས་དོན་འགྲུབ། 11507 -
1959ལོའི་ཡར་སྔོན་དུ་ཀྲུང་གོའི་བོད་ལྗོངས་དང་འབྲུག་ཡུལ་དབར་གྱི་སྲོལ་རྒྱུན་ཉོ་ཚོང་གི་སྐོར་རྟོགས་མཁན་ཧ་ཅང་ཉུང་།རྩོམ་འདིར་བོད་རྒྱའི་ལོ་རྒྱུས་ཡིག་ཚགས་སྤྱད་དེ་ལོ་རྒྱུས་ཐོག་གི་ཀྲུང་གོའི་བོད་ལྗོངས་དང་འབྲུག་ཡུལ་མཐའ་མཚམས་ས་ཁུལ་གྱི་ཕག་རི་དང་།ས་སྦུག་(ཀླུང་བརྡོལ)ལྷ་ཁང་བཅས་ས་ཁུལ་གསུམ་གྱི་ཉོ་ཚོང་གནས་ཚུལ་གསལ་བཤད་བྱས་ཡོད།ས་གནས་དེ་དག་གི་མཐའ་མཚམས་ཉོ་ཚོང་ནི་ས་ཁམས་ཀྱི་ཁྱད་ཆོས་དང་།འགྲིམ་འགྲུལ་གྱི་ཆ་རྐྱེན།ཕྱོགས་གཉིས་པོའི་སྡེ་ཁུལ་དབར་གྱི་བར་ཐག་སོགས་ཀྱི་རྒྱུ་རྐྱེན་གྱིས་དབང་གི་རྣམ་པ་མི་འདྲ་བ་ཆགས་ཡོད་དེ།ཕག་རིའི་ཁྱད་ཆོས་ནི་“བྱ་ཚང་དུ་ལོག་པ་”ཡིན་ཞིང་འབྲུག་ཡུལ་དང་ཕག་རིའི་ཡུལ་མིའི་དབར་གཏན་འཇགས་ཀྱི་འབྲེལ་བ་ཆགས་པ་དང་།ས་སྦུག་(ཀླུང་བརྡོལ)གི་ཁྱད་ཆོས་ནི་དུས་བཀག་ལྟར་ཚོང་འདུས་འཚོག་པ་དེ་ཡིན།ལྷ་ཁང་གི་ཁྱད་ཆོས་ནི་གཞི་ཁྱོན་ངེས་ཅན་གྱི་ལས་ཚབ་ཉོ་ཚོང་གི་རྣམ་པ་ཆགས་ཡོད།ད་ལྟའི་དུས་སུ་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་གྱི་རྒྱབ་ལྗོངས་འོག་ཨེ་ཤ་ཡ་ལྷོ་མ་དང་དཔལ་འབྱོར་ཉོ་ཚོང་བྱེད་པར་ཤུགས་སྣོན་རྒྱག་སྐབས་ལོ་རྒྱུས་ཐོག་བྱུང་མྱོང་བའི་ཡུལ་བབ་དང་བསྟུན་པ་དང་སྟབས་བསྟུན་རྣམ་པ་མང་བའི་ཉོ་ཚོང་བྱེད་སྟངས་དེ་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད།...
2021-04-19 09:21:22 ཨོ་རྒྱན། བཀྲ་ལོ། 6130 -
[རྩོམ་རིག་དཔྱད་བརྗོད།]
༄༅།།ས་པཎ་ཀུན་དགའ་རྒྱལ་མཚན་དང་པཎ་ཆེན་ཤཱཀྱ་མཆོག་ལྡན་གཉིས་ཀྱི་ང་བརྒྱད་མའི་འབྲེལ་བར་བརྟག་པ།
རྩོམ་འདིར་དུས་རབས་བཅུ་གསུམ་པའི་ནང་འཇམ་མགོན་ས་སྐྱ་པཎྜི་ཏས་མཛད་པའི་ང་བརྒྱད་མ་དང་།དུས་རབས་བཅོ་ལྔ་པར་གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་ང་བརྒྱད་མ་གཉིས་སོ་སོར་དུས་ནམ་ཞིག་ལ་ཇི་ལྟར་མཛད་པའི་ཚུལ་དང་།དེ་གཉིས་ཀྱི་འབྲེལ་བ་བཅས་ཀྱི་ཐད་ནས་དཔྱད་ཞིབ་ཅུང་ཟད་བྱས་ཡོད...
2021-04-13 09:41:17 གླིང་ཚ་སྙིང་རྒྱལ་འབུམ། 13535 -
རྩོམ་ཡིག་འདི་ལས་ས་མིང་ཆུ་མིང་ཞེས་པ་མི་རྣམས་ཀྱིས་ས་ཆུ་རི་གསུམ་ལ་ཆེད་དུ་བཏགས་པའི་བརྡ་ཆད་ཡིན་པ་དང་། མི་རྣམས་ཀྱིས་ངོས་འཛིན་དང་བཀོལ་སྤྱོད་བྱ་སླ་བའི་ཆེད་དུ་ཡིན་པ། ས་མིང་ཆུ་མིང་གི་འབོད་སྟངས་དང་འབྲི་ཚུལ་ཡང་དག་དང་གཅིག་གྱུར་ཡིན་མིན་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་མི་རིགས་མཐུན་སྒྲིལ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྤྱིའི་འབྲེལ་ལམ་འགྲོ་འོང་དང་ཕྱི་འབྲེལ་བྱ་བར་འབྲེལ་བ་དམ་ཟབ་ཡོད་པ་བཅས་བསྟན་ཡོད་ཅིང་། སྒོས་སུ་ཁྲི་ཀ་རྫོང་གི་ས་མིང་ཆུ་མིང་ཚང་མར་ཚན་རིག་དང་མཐུན་པར་ཚད་ལྡན་ཅན་ཡིན་པ་དང་།བོད་རྒྱ་ཡིག་རིགས་གཉིས་སུ་ལོ་ཙཱ་བྱས་ཡོད་པས་ས་མིང་ཆུ་མིང་ཐམས་ཅད་ཁྲིམས་བཀོད་ཀྱི་འབྲི་ཚུལ་དང་། ཚད་ལྡན་གྱི་ཀློག་སྟངས་སུ་གཅིག་གྱུར་ཏུ་བཏང་ཡོད་པ་མ་ཟད། ས་མིང་ཆུ་མིང་སོ་སོའི་ས་ཁམས་གནས་ཕྱོགས་དང་། འབྱུང་ཁུངས།བསྟན་དོན་དང་ལོ་རྒྱུས་ཀྱི་བྱུང་བ་ཡང་དག་ཡིན་པ་བསྟན་ཡོད། གཞན་མི་རིགས་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྗེས་རབས་པར་ཕན་བདེ་བསྐྲུན་པའི་བྱ་བཞག་གལ་ཆེན་ཞིག་ཡིན་གཤིས། དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཡང་བསྟན་ཡོད། ...
2021-04-12 14:56:37 ཆུ་བཟང་པདྨ་ཚེ་རིང་། 6584 -
མགར་ཐར་དགོན་པ་ནི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ལ་ཁམས་མི་ཉག་མགར་ཐར་ས་ཆར་ཆིང་སྲིད་གཞུང་གིས་མ་དངུལ་བཏང་སྟེ་བཞེངས་སྐྲུན་བྱས་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན།དགོན་པ་འདིའི་བཞེངས་སྐྲུན་གྱི་ཐད་ལ་མ་དངུལ་ག་ཚོད་བཏང་བར་ཡིག་ཆ་ཁག་གི་བཞེད་ཚུལ་མི་མཐུན་པ་དང་།སྒོས་སུ་ད་ལྟའི་བར་དུ་མི་ཉག་མགར་ཐར་དགོན་པར་མ་དངུལ་བཏང་བའི་གནས་ཚུལ་ལ་ལོ་རྒྱུས་ཞིབ་འཇུག་པ་དག་གིས་དོ་སྣང་དང་དཔྱད་པ་བཏང་མེད་པའི་ཚུལ་ལ་དམིགས་ཏེ།འདིར་ཡིག་ཚང་གཤིབ་བསྡུར་དང་ཡུལ་དངོས་རྟོག་དཔྱོད་ཟུང་འབྲེལ་གྱི་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ།དོན་དངོས་སུ་ཆིང་སྲིད་གཞུང་གིས་མགར་ཐར་དགོན་པར་དངུལ་སྲང་གི་འགྲོ་གྲོན་ཇི་འདྲ་བཏང་ཚུལ་ལ་དཔྱད་པ་བགྱིས་ཡོད།...
2021-04-02 09:32:31 རྨེ་རུ་ཚེ་རིང་དོན་གྲུབ། 7212 -
བོན་ལུགས་ཀྱི་ལྷ་རིགས་ནི་ཐོག་མར་བོད་ཀྱི་གདོད་མའི་སྤྱི་ཚོགས་ནང་འབྱུང་འགོ་ཚུགས་ཤིང་།ཕྱིས་བྱུང་གི་དུས་རབས་ཁག་ནང་རིམ་བཞིན་འཕེལ་རྒྱས་སུ་སོང་བ་ཞིག་ཡིན་པས།དེ་ནི་བོད་ཀྱི་གནའ་རབས་ཀྱི་རིག་གནས་གཞན་དང་འབྲེལ་བ་དམ་ཟབ་ལྡན་པ་ཞིག་ཡིན།དཔྱད་རྩོམ་འདིའི་ནང་རྩོམ་པ་པོས་བོན་ལུགས་ཀྱི་ལྷ་རིགས་ཀྱི་མ་ལག་དང་དེ་རྣམས་ཇི་ལྟར་གྲུབ་ཚུལ་སྐོར་ལ་བགྲོ་གླེང་བྱས་ཡོད།རྩོམ་པ་པོའི་ལྟ་བར་གཞིགས་ན།བོན་ལུགས་ཀྱི་ལྷ་རིགས་རྣམས་སྲིད་པ་བོན་གྱི་ལྷ་རིགས་དང་།གཡུང་དྲུང་བོན་གྱི་ལྷ་རིགས།ནང་བསྟན་ལས་བྱུང་བའི་བོན་གྱི་ལྷ་རིགས་ཞེས་རྩ་བའི་དབྱེ་བ་ཆེན་པོ་གསུམ་ལྡན་པ་མ་ཟད།དེ་རྣམས་ལའང་བྱེ་བྲག་ཀྱི་དབྱེ་བ་ཇི་སྙེད་ཡོད་པར་འདོད།ཡང་བོན་ལུགས་ཀྱི་ལྷ་རིགས་གྲུབ་ཚུལ་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་དང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སོགས་དང་འབྲེལ་བ་ཡོད་པ་མ་ཟད།དེ་རྣམས་གྲུབ་པའི་བསམ་བློ་ནི་དངོས་པོ་ཐམས་ཅད་སེམས་དང་ལྡན་པར་འདོད་པའི་བོད་ཀྱི་མེས་པོ་རྣམས་ཀྱི་བསམ་པའི་འདུ་ཤེས་ཏེ་སྲིད་པ་བོན་གྱི་བསམ་པ་དང་འབྲེལ་ནས་ཡོད་ལ།སྟོན་པ་གཤེན་རབ་ཀྱིས་སྲོལ་གཏོད་པའི་གཡུང་དྲུང་བོན་དང་ནང་བསྟན་གྱི་བསམ་པ་དང་དམ་དུ་འབྲེལ་ནས་ཡོད་པ་ཞིག་ཡིན་པར་འདོད།...
2021-03-31 09:18:34 ལྷག་པ་ཚེ་རིང་། 10948 -
རྩོམ་ཡིག་འདིས་ཕྱོགས་བཞིའི་ཐད་ནས་ཧོར་གོ་དན་གྱིས་བོད་ལྗོངས་ལ་བདག་སྐྱོང་བྱེད་པའི་ཇུས་གཞི་ཆེན་མོ་དང་།ས་སྐྱ་པཎྜི་ཏའི་མཁྱེན་དཔྱོད་དང་གྲ་སྒྲིག་ཞིབ་མོ།ས་པཎ་ཁུ་དབོན་ལང་ཇུར་ཕེབས་རིམ་དང་འགྲོ་དོན་མཛད་པའི་ནང་དོན།ས་པཎ་དང་ཧོར་གོ་དན་བར་གྱི་འབྲེལ་འདྲིས་དམ་ཟབ་དང་ལང་ཇུའི་གྲོས་མོལ།དེ་མིན་ལང་ཇུའི་གྲོས་མོལ་གྱི་ཕྱོགས་མང་པོའི་ལོ་རྒྱུས་ཀྱི་དོན་སྙིང་དང་ཤུགས་རྐྱེན་བཅས་སོ་སོར་བརྟག་དཔྱད་བྱས་ཤིང་།དེའི་ཁྲོད་ཀྱི་གནད་དོན་འགའ་ལ་དཔྱད་ཞིབ་བྱས་ཡོད།...
2021-03-29 09:10:27 ཀྲང་ཡུན་གྱིས་བརྩམས།སྐལ་བཟང་འཚོ 6605 -
[རྩོམ་རིག་དཔྱད་བརྗོད།]
༄༅།།རྗེ་ཙོང་ཁ་པའི་སློབ་གསོའི་བསམ་བློ་ལས་དེང་གི་སློབ་གསོའི་མིག་ལྟོས་ཀྱི་དོན་སྙིང་ལ་དཔྱད་པ།
བོད་རིག་པའི་གནས་ཀྱི་ལོ་རྒྱུས་ཐོག་བཙུན་པའི་མཁས་པ་མི་ཉུང་པ་བྱུང་བ་བསྙོན་དུ་མེད་ལ། རྗེ་ཙོང་ཁ་པ་ནི་དེ་དག་ལས་ཆེས་རྩེ་མོར་སོན་པར་བརྩིས་ཆོག་པ་ཞིག་ཡིན། ཁོང་ནི་རང་གི་ཐུན་མོང་མ་ཡིན་པའི་རང་ལུགས་བརྟན་པོ་ཡོད་པ། བྱིས་པ་རང་ག་པ་ཞིག་ནས་མཁས་པ་ཆེན་པོར་གྱུར་པ་ཡིན་པ་མ་ཟད། ཟླ་མེད་པའི་བརྩམས་ཆོས་མང་པོ་དང་རབ་འབྱམས་ཤེས་བྱ་རིག་པའི་བསམ་བློ་པ་ཞིག་ཏུ་གསལ། དེ་དང་དུས་མཚུངས་སུ་བོད་རིག་པའི་འཕེལ་རྒྱས་དང་བོད་ཁུལ་གྱི་སློབ་གསོའི་ལས་དོན་ལ་ཕྱག་རྗེས་བསུབ་ཏུ་མེད་པ་བཞག་པའི་སློབ་གསོ་བཅོས་སྒྱུར་མཁན་པོ་ཞིག་ཀྱང་ཡིན། ཁོང་གིས་བོད་རིག་པའི་འཕེལ་རྒྱས་ཀྱི་གོ་རིམ་ནང་དུ་ཆེས་དཀའ་བའི་འགག་སྒོ་ཆེན་པོ་བརྟོལ་ནས་ལོ་རྒྱུས་རང་བཞིན་ལྡན་པའི་སློབ་གསོ་སྒྱུར་བཀོད་ཐེངས་ཤིག་མཛད་ཅིང་། ཕྱོགས་གང་ཐད་ནས་འཐུས་སྒོ་ཚང་པའི་སློབ་གསོ་མ་ལག་ཅིག་གསར་འཛུགས་གནང་། དེ་ལ་རྗེ་རང་གིས་སྐབས་དེའི་བོད་རིག་པའི་གླེང་སྟེགས་ཁྲོད་ཀྱི་འགལ་འཁྲུལ་དང་འཕེལ་རྒྱས་ཁ་ཕྱོགས་ལ་དག་སྒྲིག་དང་གཙང་སེལ་གྱི་སྒོ་ནས་བོད་རིག་པ་སྤྱི་དང་སྒོས་སུ་ནང་བསྟན་སློབ་གསོའི་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས། དེ་ཡང་རྗེ་རང་གིས་རང་ཉིད་ཀྱི་རིག་གཞུང་བརྩམས་ཆོས་དང་ལག་ལེན་མྱོང་བ་དངོས་དང་འཚམས་པ་བརྒྱུད་པས་ཡིད་རྟོན་ཆོག་པའི་སློབ་གསོ་བསམ་བློ་རྨ་མེད་ཡིན་ནོ།།དེ་བས་འདིར་ཡིག་ཚང་ཞིབ་འཇུག་གི་ཐབས་ལམ་མྱོང་རོལ་གྱི་སྒོ་ནས་ཁོང་གི་སློབ་གསོའི་བཅོས་སྒྱུར་དང་སློབ་གསོའི་བསམ་བློ་ལ་དཔྱད་ཞིབ་བྱས་ཡོད།...
2021-03-26 09:16:33 ཁྱུང་ཕྲུག་བློ་བཟང་དར་རྒྱས། 6798 -
[རྩོམ་རིག་དཔྱད་བརྗོད།]
༄༅།།ལོ་ངོ་བདུན་ཅུར་ཉེ་བའི་རིང་གི་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱི་ཕྱི་མིག་དང་རྒྱང་ལྟ། (1951—2019)①
བོད་ལྗོངས་གནའ་རྫས་རྟོག་ཞིབ་ནི་བོད་རིག་པ་ཞིབ་འཇུག་གི་ཁྱབ་ཁོངས་གལ་ཆེན་ཞིག་ཏུ་གྱུར་ཡོད།གནའ་རྫས་རྟོག་ཞིབ་རིག་པ་ནི་རིག་ཚན་གཞུང་ལུགས་དང་བྱེད་ཐབས།ལག་རྩལ་བཅས་ཐུན་མོང་མ་ཡིན་པའི་སྒོ་ནས་བོད་ལྗོངས་གནའ་རབས་ལོ་རྒྱུས་ཞིབ་འཇུག་ཏུ་ཞུགས་ཏེ་བྱས་རྗེས་གལ་ཆེན་བཞག་ཡོད་པ་དང་།ལྷག་པར་དུ་བོད་ལྗོངས་ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཞིབ་འཇུག་ལ་མཚོན་ན་ལོ་རྒྱུས་བསྐྱར་འབྲི་དང་བསྐྱར་འཛུགས་བྱས་ཡོད།བོད་ལྗོངས་གནའ་རྫས་རྟོག་ཞིབ་རིག་པས་ཡི་གེ་བྱུང་རྗེས་ཀྱི་ལོ་རྒྱུས་དུས་སྐབས་ལ་བྱས་རྗེས་བཞག་པ་ནི།ས་འོག་ནས་སྔོག་འདོན་བྱས་པའི་གནའ་རྫས་རྟོག་ཞིབ་རྒྱུ་ཆ་ཟམ་མ་ཆད་པར་ཕུན་སུམ་ཚོགས་པོར་སོང་བ་དང་གནའ་རྫས་རྟོག་ཞིབ་རིག་པའི་ཚན་རྩལ་ཆུ་ཚད་མཐོར་འདེགས་བྱུང་བ་དང་བསྟུན་ནས།བོད་རིག་པ་ཞིབ་འཇུག་ལ་རྒྱུ་ཆ་གསར་པ་འདོན་སྤྲོད་བྱས་ཤིང་ཞིབ་འཇུག་ཁྱབ་ཁོངས་གསར་པ་གསར་འབྱེད་བྱས།བོད་ལྗོངས་གནའ་རྫས་རྟོག་ཞིབ་རིག་པས་ད་རུང་རང་ངོས་ཀྱི་ལག་ལེན་བརྒྱུད་དེ་བགྲོད་ལམ་གསར་པར་བསྐྱོད་ནས།ཀྲུང་གོའི་དོན་དངོས་དང་མཐུན་པའི་མཐོ་སྒང་མཐའ་མཚམས་གནའ་རྫས་རྟོག་ཞིབ་རིག་པའི་ཞིབ་འཇུག་དཔེ་གཞི་ཕྱོགས་བསྡོམས་དང་ཞུན་བརྡར་བྱེད་པར་དཔེ་བལྟ་ས་འདོན་སྤྲོད་བྱས་ཡོད།...
2021-03-24 09:02:21 ཧུའོ་ཝེ་ཡིས་བརྩམས། ཧཱུྃ་ཆེན་དང 6694 -
[རྩོམ་རིག་དཔྱད་བརྗོད།]
༄༅།།དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་དྲུག་ཅུའི་རིང་བོད་ལྗོངས་ཀྱི་གླིང་སྒྲུང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་སྐོར་རགས་གླེང་།
རྩོམ་ཡིག་འདིའི་ནང་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་དྲུག་ཅུའི་རིང་བོད་ལྗོངས་ཀྱི་གླིང་སྒྲུང་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གཙོ་བོ་དག་ཕྱོགས་བཞི་ཡི་ཐོག་ནས་བརྗོད་ཡོད་དེ།གཅིགདམངས་གཙོའི་བཅོས་བསྒྱུར་བྱས་ཚུན་ཏང་དང་སྲིད་གཞུང་གིས་གླིང་སྒྲུང་ལ་ཚད་མཐོའི་མཐོང་ཆེན་གནང་བའི་སྐོར་དང་།གཉིས།གླིང་སྒྲུང་མྱུར་སྐྱོབ་དཔར་སྐྲུན་གྱི་ལས་དོན་ལ་གྲུབ་འབྲས་དམིགས་བསལ་ཐོབ་པའི་སྐོར།གསུམ།གླིང་སྒྲུང་ཡིག་སྒྱུར་ལས་དོན་ལ་མདུན་ལམ་བཟང་པོ་མངོན་བཞིན་ཡོད་ཚུལ།བཞི།གླིང་སྒྲུང་ཞིབ་འཇུག་ལས་དོན་ལ་ཐོབ་པའི་གྲུབ་འབྲས་སྐོར་བཅས་ཡིན།...
2021-03-22 09:48:36 བསོད་ནམས་བཀྲ་ཤིས། 6389