རྩོམ་བསྡུའི་བརྡ་ཐོ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-11-28 08:47:00 ཀློག་གྲངས།:

ཆོལ་གསུམ་སྨྱུག་ཐོགས་ཡོངས་ལ་ཕུལ་བའི་གསལ་བརྡ།
     མདོ་སྨད་ཁྲི་ཀ་རྟེན་རྫོང་ཕྱུག་མོ་རུ་རིག་གནས་ཀྱི་རྔམས་ཀ་ཅུང་མཐུག་ནའང་། བོད་རིགས་འདུས་སྡོད་ཉུང་བའི་གནས་འདིར་རང་ཡིག་རང་སྐད་མི་སློབ་མཁན་ཇེ་མང་དང་ཕ་སྐད་གཙང་མ་ཤོད་མཁན་ཇེ་ཉུང་དུ་འགྲོ་བའི་གལ་འགག་གི་དཀྱོགས་མཚམས་འདིར། ཉེ་བའི་ལོ་འགའི་རིང་དུ་དབྱར་གསུམ་གྱི་སྦྲང་ཆར་བཞིན་བོད་ཡིག་གི་ལམ་ནས་འགྲེམ་སྤེལ་བྱེད་བཞིན་པའི་སྒེར་གཉེར་དུས་དེབ་རེ་འགའ་བྱུང་དང་འབྱུང་བཞིན་གདའ། སྟག་རིག་སྟག་དམར་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱེད་པའི་རྩོམ་རིག་ལོ་དེབ་ཡང་དེའི་ཁྲོད་ཀྱི་གཅིག་ལས་མ་འདས། འདི་ཉིད་སྤྱི་ལོ2008ལོ་ནས་པར་སྐྲུན་གྱི་མགོ་བརྩམས་པ་ནས་བཟུང་། རྣམ་ཀུན་ཏུ་རྟ་བརྒྱ་སྒྲོག་གཅིག་ལྟ་བུའི་རྩོམ་རིག་དུས་དེབ་ཕལ་མོ་ཆེ་དང་བསྡུར་ན《  ཕྲེང་བ་དམར་པོས》  དམངས་ཁྲོད་འཚོ་བ་དང་བར་ཐག་ཆེས་ཉེ་བའི་དམངས་སྲོལ་རིག་གནས་གཙོར་འཛིན་པའི་དུས་དེབ་ཀྱི་སྲོག་ཤིང་མ་ཡོ་བར་ཀྱག་ཀྱོག་གི་ལམ་བུ་བརྒྱུད་དེ་དེང་རབས་སྤྱི་ཚོགས་གསར་བའི་མྱུར་བགྲོད་གཞུང་ལམ་ལ་གོམ་ཁ་བསྒྱུར། ཡིན་ཙང་མ་དངུལ་གྱི་དཀའ་ཁག་སོགས་རྒྱུ་རྐྱེན་རེ་འགས་དེབ་བཞི་ལས་འགྲེམ་སྤེལ་བྱེད་མ་ཐུབ། ད་ལོ་ཡང་བསྐྱར་ངེད་མཐུན་ཚོགས་ཀྱིས་དཀའ་ཁག་ཡོད་ཚད་གདོང་གིས་བསུས་ཏེ་རྒྱ་ཆེའི་སྨྱུག་ཐོགས་པ་ཡོངས་ལ་ཁ་གཏད་ནས་སྔོན་མའི་ལེ་ཚན་ལ་འཕྲི་སྣོན་དང་ཁ་སྐོང་གང་ལེགས་བྱས་ཏེ་བོད་རང་གི་ཐུན་མོང་མ་ཡིན་པའི་ཤུལ་བཞག་རིག་གནས་མ་ཉམས་སོར་ཆུད་དང་དུས་བསྟུན་མདུན་མཆོངས་ཀྱི་བརྟན་བརླིང་བློ་སྤོབས་ལུས་ལ་བསྒོས་ཏེ། ནང་དོན་དམངས་སྲོལ་རིག་གནས་གཙོ་བྱས་པའི་ཞོར་དུ་བརྩམས་སྒྲུང་དང་ལྷུག་རྩོམ། འབོལ་རྩོམ། སྙན་ངག་བཅས《  ཕྲེང་བ་དམར་པོ》  རྩོམ་སྒྲིག་ཁང་གིས་བསྡུ་འཆར་ཡོད་པས། རྒྱ་ཆེ་བའི་རྩོམ་མཁན་རྣམ་པས་ཧི་མ་ལ་ཡའི་ཡིག་གཟུགས་གྱི་ལམ་ནས་ལྗགས་རྩོམ་ལྷུག་སྩོལ་གནང་རྒྱུར་ཐུགས་རྗེ་ཆེ་ཞུ།
རྩོམ་བསྡུའི་དུས་ཡུན། 2016ལོའི་སྤྱི་ཟླ12པའི་ཟླ་མགོར་བསྡུ་མཚམས་འཇོག་རྒྱུ་ཡིན།
འབྲེལ་གཏུག་ཨང་གྲངས། རྡོ་རྗེ་ཚེ་བརྟན། 13897799210
     སྐལ་བཟང་རྒྱལ། 137-0976-1635
     འབྲུག་ཐར་རྒྱལ། 13639749822
     ཚེ་དབང་ནོར་བུ།155-9763-3626
རྩོམ་བསྐུར་ཡུལ། 475803175@qq.com


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།