རྣམ་གླིང་རིན་ཆེན་གྱི་བརྩམས་སྒྲུང་ཁག་གསུམ་འོས་སྦྱོར།
རྩོམ་པ་པོ།:རྣམ་གླིང་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2016-05-12 08:52:00
ཀློག་གྲངས།:
ཁྱེད་རང་འདི་ལྟར་སྨྲ་བ་མེད་པར་རྒྱང་དུ་བཞུད་དོན་ཅི། ཁྱེད་བུད་ཤུལ་དུ་ང་ལ་མངའ་བ་ནི་མིག་ཆུ་ཡིན་འདུག་ལ། བཟློག་ཐབས་བྲལ་བའི་མི་ཁ་ཡི་བར་ཆད་ཁོ་ན་ལས་གཞན་ཅི། དོན་དམ་དུ། ངས་ཁྱེད་ལ་ཇི་ལྟར་དགའ་ཞིང་དུང་བ་ང་རང་ཉིད་མ་གཏོགས་སུ་ཞིག་གིས་རྟོགས་ནུས། བཞུད་ཟིན་པའི་ངེད་གཉིས་པོའི་མཛེས་སྡུག་གི་འཚོ་བ་དེ་དག་དྲན་ན། ངས་ད་གཟོད་ཁྱེད་དང་ལྷན་འདུག་ལྷན་གཤིབ་ངང་འགྲིམས་མྱོང་བའི་མི་ཚེའི་ལམ་བུ་དེ་དག་ནི་ངས་ནམ་ཡང་དྲན་གསོ་བྱ་འོས་པའི་དོན་དག་འབའ་ཞིག་ཏུ་འཁུམས་པ་གཞི་ནས་རྟོགས། འཚོ་བ་དང་བརྩེ་དུང་ཞེས་པ་ངོ་མ་དགོད་བྲོ་བ་ཞིག་རེད། ཡང་གཅིག་བཤད་ན། ཁྱེད་དང་ལྷན་དུ་འགྲོགས་པ་ནས་བཟུང་། བུ་མོ་ངས་ཁྱེད་ལ་རྒྱབ་འདོད་བྱས་ཏེ་ཁྱེད་ཀྱི་ལྐོག་ཏུ་ཚུལ་མིན་གྱི་བྱ་ངན་དེ་འདྲ་ལས་རྒྱུ་ཡིད་ལའང་དྲན་མ་མྱོང་། མི་བྱེད་དགུ་བྱེད་བྱེད་མཁན་ཝུ་ཆང་ཟེར་བའི་སྨྱོ་ཆུ་དེ་རེད། ང་ངོ་མ་གནོང་འགྱོད་ཤིན་ཏུ་ནས་ཆེ། ཁྱེད་ཀྱིས་ངས་ཁྱེད་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་དེ་ལ་ཡིད་ཆེས་གནོངས་དང་། དགུན་དུས་ཀྱི་གྲང་ངར་དང་རྡུལ་འཚུབ་ངར་མོས་ངའི་སེམས་ཁ་ཡོངས་སུ་བཏུམས་པས། ད་ཆ་ང་ལ་ཁྱེད་ཀྱི་དྲོད་ཁོལ་ལྷག་ཏུ་མཁོ། ད་ལྟ་ངའི་སྙིང་ལ་མདུང་རྩེ་རྣོན་པོ་ཞིག་བཙུགས་ཡོད་པ་ལྟར་ན་ཟུག་དེ་འཇག་ཐབས་མིན་འདུག ང་ངོ་མ་ལྒིན་མ་ཞིག་རེད་འདུག མི་ལ་ཡིད་ཆེས་བྱས་དྲགས་པའི་དབང་གིས་ད་གཟོད་གཞན་གྱི་བསླུ་བྲིད་ཀྱི་འོག་ཏུ་ཚུད་ཐལ། ཁྱེད་ཀྱིས་ཤེས་སམ། བུ་མོ་ང་ལ་མཁོ་བ་ཁྱེད་གཅིག་པུ་ལས་མེད། ད་ལྟ་ཁྱེད་ཀྱིས་ང་ལ་སྡང་བ་ཇི་བཞིན་ངས་ཀྱང་རང་ཉིད་ཀྱི་ནོར་འཁྲུལ་ལ་གནོང་འགྱོད་ཧ་ཅང་ཆེ། ངས་ཉོག་གཏམ་དེ་འདྲ་མང་པོ་ཞིག་སྨྲས་པར་ཁྱེད་རང་སུན་སྣང་སྐྱེ་ངེས་ཡིན། འོན་ཀྱང་དེ་དག་ཐམས་ཅད་ངའི་སྙིང་ཁ་ནས་བཞུར་བའི་སེམས་གཏིང་གི་སྐད་ཆ་ཡིན། ངས་ཁྱེད་རང་ཕྱིར་ལོག་པར་སྒུག་ཡོད། ཁྱེད་མ་སླེབས་བར་དུ་ངས་མུ་མཐུད་དེ་གནས་དེ་རུ་ཁྱེད་རང་སྒུག་ནས་འདུག་ངེས་ཡིན། རེ་བར་ཁྱེད་ཀྱིས་ངའི་བྱས་ཉེས་ལ་གུ་ཡངས་གནང་སྟེ། མཚར་སྡུག་གི་པད་མའི་འཛུམ་མདངས་བསྣམས་ནས་བུ་མོ་ངའི་འགྲམ་ལ་གང་མགྱོགས་ཕྱིར་ལོག་གནོངས་དང་།
༡༩༩༢ལོའི་ཟླ་༨པའི་ཚེས་༡༢ཉིན་ཁྱེད་ལ་དགའ་ཞིང་དུང་བའི་ཆུང་མ་འཛོམས་པ་སྐྱིད་ནས།
མོས་འཕྲིན་ཡིག་དེ་བྲིས་ཟིན་རྗེས། མིག་ཟུང་གི་ཁྱོན་ལ་མཆི་ཞག་འཁོར་འདུག ཁྱོ་ག་ལྷ་སར་སླེབས་པའི་གནས་ཚུལ་ཤེས་རྗེས་མོའི་སེམས་པ་རེ་ཞིག་ལྷོད་ལ་བབས་བྱུང་།
ཆུང་མ་དང་ཁ་བྲལ་བའི་ཉིན་དེ་དག་གི་རིང་ཨ་ཇོ་རྣམ་རྒྱལ་ཡང་སེམས་པ་སྐྱིད་པོ་གཏན་ནས་མ་བྱུང་། ད་ལྟ་ཁོའི་ངོ་གདོང་གི་ཁྱོན་ལ་འཛུམ་མདངས་ཡེ་ནས་མཐོང་རྒྱུ་མེད་ལ། མིག་ཟུང་གི་འོད་མདངས་ཀྱང་ཉམས་ཏེ་རབ་རིབ་ཏུ་གྱུར་འདུག ཁོས་ཆུང་མར་བཙན་གཡེམ་བྱེད་མཁན་གྱི་སྐྱེས་པ་དེ་ལ་སེམས་གཏིང་ནས་ཁོང་ཁྲོ་ལངས་ཤིང་ཞེ་སྡང་དྲག་པོ་སྐྱེས་འོང་། ཁོས་སྔ་ཕྱིར་ཆུང་མར་བཙན་གཡེམ་བྱས་ཏེ་རང་ཉིད་ཀྱི་ཁྱིམ་ཚང་དྲོན་མོ་དེ་གཏོར་བཤིག་ཏུ་གཏོང་མཁན་གྱི་མི་བུ་ཐ་ཤལ་བ་དེ་བཙལ་ནས་དགྲ་ཤ་ལེན་རྩིས་ཐེངས་མང་བྱས་མྱོང་། ལྷག་པར་དུ་མཚན་མོ་མང་པོའི་རྨི་ལམ་གྱི་ཞིང་ཁམས་སུ་ཁོས་མི་དེ་བཙལ་ནས་ཁོ་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་དྲག་པོ་བྱེད་བཞིན་པ་རྨིས་མྱོང་། འོན་ཀྱང་། དོན་དངོས་སུ་བསམ་བློ་ཏན་ཏིག་ཞིག་བཏང་ན། མི་དེ་བཙལ་ནས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱས་ཀྱང་། གང་ལྟར་ཆུང་མར་ཕོག་པའི་གྱོང་གུན་ཁ་གསབ་བྱ་ཐབས་མེད་པའི་ཁར་ད་དུང་རྙོག་དྲ་གསར་བ་ཞིག་འགོ་བཙུགས་ན་དོན་སྙིང་ཅི་ཡོད། ཁོས་དེ་ལྟར་བསམས། ཁོས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར་ཁོ་ལ་གུ་ཡངས་ལན་ཅིག་གཏང་རྒྱུར་ཐག་བཅད། འོན་ཀྱང་། ཆུང་མའི་མངལ་དུ་སྦྲུམ་པའི་བྱིས་པ་དེ་རང་གི་ཤ་ཁྲག་ལས་མཆེད་པ་མིན་པ་ཡིད་ལ་དྲན་ཐེངས་རེར་ཁོའི་ལུས་ལ་གནམ་ལྕགས་ཐོག་མདའ་ཞིག་འཕོག་པ་དང་འདྲ་བར་སེམས་པ་ཧྲིལ་བོ་སིལ་བུར་བཏང་བྱུང་། གནས་ཚུལ་དེ་དྲན་ཐེངས་རེར། ཁོས་ཆུང་མར་རང་ཤུགས་ཀྱིས་ཁོང་ཁྲོ་ལྷག་ཏུ་སྐྱེས་ཏེ་ཆུང་མ་དང་འབྲེལ་བ་ཡོད་པའི་གནས་ཚུལ་མཐའ་དག་ལ་བསམ་བློ་གཏན་ནས་གཏང་མ་ཕོད། མ་མཐར་ཡང་སྐབས་དེ་དུས་ཁོས་ཆུང་མའི་བྱས་ཉེས་ལ་གུ་ཡངས་གཏན་ནས་གཏང་མ་འདོད། དེ་ནི་ཁོར་མཚོན་ན་བཟོད་བསྲན་བྱ་དཀའ་བའི་མནར་གཅོད་ཅིག་ཅི་ལ་མིན།
ཁོས་ཉིན་ལྟར་ལྷ་སའི་གཙུག་ལག་ཁང་དང་ཉེ་འགྲམ་གྱི་དགོན་སྡེ་ཁག་ཏུ་མཆོད་མཇལ་ལ་ཕྱིན་ནས་དོན་དག་དེ་སེམས་ནས་གཏན་བརྗེད་ཐུབ་རྒྱུར་འབད་བཞིན་ཡོད། འོན་ཀྱང་། སེམས་ཀྱི་རྨ་ཁ་དེ་གསོ་བར་ལས་སླ་བོ་ག་ལ་ཡོད། རྨ་ཁ་དེ་གཟུགས་དང་གྲིབ་མ་ཇི་བཞིན་ཁོ་དང་ལྷན་དུ་འགྲོགས་ནས་ཁོ་ཉིན་ལྟར་ཟས་བརྗེད་གཉིད་ཆག་ངང་འཚོ་བ་བསྐྱལ་དགོས་བྱུང་། དེ་ནི་ཁོའི་མི་ཚེའི་བགོ་སྐལ་རེད། ཁོའི་ཕ་མས་ཁོའི་སྐྱོ་ཉམས་ཀྱིས་ཕྱུག་པའི་ངོ་གདོང་དང་། སྐྱོ་གདུང་གིས་མནར་བའི་ཚུགས་ཀ་དེ་མཐོང་སྐབས་སེམས་ཀྱིས་མ་བཟོད་པར། “བུ། ད་སེམས་སྡུག་མ་བྱེད་ཅིག རང་ཉིད་སྡུག་ལ་གཏད་མཁན་གྱི་བུ་མོ་དེ་འདྲའི་ལུས་ཐོག་ཏུ་སེམས་པ་གཏད་དགོས་དོན་མེད། ངོ་ཚ་སྤངས་པའི་འཕྱོར་མོ་དེ་ཡིན་ན། ང་ཚོའི་བུ་སེམས་གཅོང་གིས་མནར་འདུག དཀོན་མཆོག་མཁྱེན”ཅེས་ཁྲོ་ཚིག་སྨྲ་ཞོར་སེམས་ལ་ཁོང་ཁྲོའི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བཞིན་མཆིས། ཁོས་ཀྱང་བུ་མོ་དེ་དང་གཉེན་ཐོར་ཏེ་འཚོ་བ་གསར་བ་ཞིག་སྐྱེལ་བའི་བསམ་བློ་འཁོར་མྱོང་། འོན་ཀྱང་། བུ་མོ་གསར་བ་ཞིག་དང་ལྷན་དུ་སླར་ཡང་འཚོ་བ་གསར་བ་ཞིག་གི་འགོ་བརྩམ་དགོས་ན། དེ་ནི་ལས་སླ་བོ་ཞིག་ག་ལ་ཡིན། ལྷག་པར་དུ་རང་ཉིད་ལྟ་བུའི་གཉེན་གསུམ་ཙམ་བསྒྲིགས་མྱོང་བའི་མི་རྒན་ཞིག་ལ་མཚོན་ན། དེ་ནི་ཤིན་ཏུ་ནས་དཀའ་ཚེགས་ཆེ་བ་ཞིག་མ་ཡིན་ནམ། གནད་དོན་དེ་དག་ལ་འདང་རྒྱག་བྱ་དུས། ཁོའི་སེམས་པ་ནི་རླུང་གིས་དེད་པའི་བྱ་སྒྲོ་ཇི་བཞིན་ཁ་ཕྱོགས་མེད་པར་གང་སར་ལྡིང་།
སླར་ཡང་གཉིད་མི་འོང་བའི་མཚན་མོ་ཞིག་རེད། ཨ་ཇོ་རྣམ་རྒྱལ་གྱིས་ལྷ་སར་ཡོད་པའི་རང་ཉིད་ཀྱི་བློས་ཐུབ་གྲོགས་པོ་བསྟན་འཛིན་ལ་ཁ་པར་བཏང་ནས་ཁོ་གཉིས་རྒྱུན་པར་འགྲོ་སའི་ལྷ་སའི་སྐྱིད་ཆུ་ཨར་ཁང་དུ་འཛོམས་རྒྱུའི་དུས་ཆད་བཏབ། ཨར་ཁང་གི་སྒོ་ནང་དུ་འཛུལ་རྗེས། ཁོའི་སྣ་ལ་སྐྱུར་རྩི་ཡི་དྲི་ངད་ལྷང་ལྷང་དུ་འཐུལ་འོང་ཞིང་། དེང་རབས་དར་ཁྱད་ཆེ་བའི་གླུ་གཞས《སྙིང་སྡུག་ལགས》ཞེས་པའི་གླུ་དབྱངས་དེའི་འགྱུར་ཁུག་ཁོའི་རྣ་ཡི་བུ་གར་དལ་གྱིས་གྲགས་འོང་།
གྲོགས་པོ་བསྟན་འཛིན་སྔ་མོ་ནས་སླེབས་འདུག ཁོས་ཨ་ཇོ་རྣམ་རྒྱལ་མཐོང་མ་ཐག་ལག་པ་གཡུག་གཡུག་གིས་ལག་བརྡ་ཞིག་བྱས་ཏེ་ཨ་ཇོ་རྣམ་རྒྱལ་ཚུར་རང་གི་གམ་དུ་ཡོང་དགོས་པའི་བརྡ་བྱས། “དོ་ནུབ་ཁྱོད་ལ་ཅི་ཞིག་བྱས་སོང་། གདོང་ལ་རྣམ་འགྱུར་ཅི་ཡང་མིན་འདུག”གྲོགས་པོ་བསྟན་འཛིན་གྱིས་དེ་སྐད་སྨྲ་ཞོར། ཁོའི་ངོ་གདོང་གི་ཁྱོན་ལ་ཞིབ་ལྟ་ཞིག་བྱས། ཁོས་ད་གཟོད་ཨ་ཇོ་རྣམ་རྒྱལ་མ་འཕྲད་པའི་ཡུན་ལ་འགྱུར་བ་ཆེན་པོ་ཞིག་བྱུང་བ་གཞི་ནས་རྟོགས་པ་སྟེ། སྔོན་ཆད་ཀྱི་འཛུམ་མདངས་ད་ལྟ་མིག་ཟུང་གི་མཐོང་ཡུལ་དུ་མེད་ཅིང་། དུས་རྒྱུན་སྣུམ་ཞག་ལྡན་ལ་སྤྲོ་སྣང་གིས་ཕྱུག་པའི་བཞིན་རས་ད་ཆ་སྐྱ་བོར་གྱུར་བ་མ་ཟད། སྡུག་བསྔལ་མང་དག་ཅིག་སེམས་ཁོང་དུ་སྦས་ཡོད་པའི་སྣང་བ་སྦྱིན་འོང་། ད་དུང་རྒྱུན་པར་ཁ་བརྡ་དང་དགོད་གཏམ་འཆད་རྒྱུར་དགའ་བའི་ཨ་ཇོ་རྣམ་རྒྱལ་དོ་ནུབ་སྨྲ་བ་ཅི་ཡང་མེད་པར་ཁུ་སིམ་མེར་འདུག ཁོས་དེ་འཕྲལ་ཨ་ཇོ་རྣམ་རྒྱལ་གྱི་ལག་པ་ནས་འཇུས་ཏེ།“གྲོགས་པོ། ཁྱོད་ངོ་མ་རྒས་འདུག སེམས་ལ་མི་སྐྱིད་པའི་དོན་དག་ཅི་ཞིག་ཡོད་རུང་ང་ལ་དྲང་པོར་ལབ་དང་། གཅིག་བྱས་ན་ངས་ཁྱོད་ཀྱི་དཀའ་སྡུག་སེལ་བར་ཕན་ཐོགས་ཡོང”ཞེས་བཤད། ཨ་ཇོ་རྣམ་རྒྱལ་གྱིས་སྒྲོག་རྩེའི་ཐོག་གི་ཆང་ཕོར་ཚུར་བླངས་ནས་དབུགས་ཐེངས་གཅིག་ལ་གཙང་མར་བཏུང་རྗེས།“གྲོགས་པོ། ད་སེམས་ཁ་མི་སྐྱིད་པའི་དོན་དག་དེ་དག་མི་ལབ་པར་བྱ། དེ་རིང་ངེད་གཉིས་པོས་ཆང་ཡིད་ཚིམས་པ་ཞིག་འཐུང་དགོས། ར་མ་བཟི་བར་དུ་སུ་ཡང་ཁྱིམ་ལ་སྔོན་དུ་ལོག་མི་ཆོག”ཅེས་སྨྲ་བཞིན་སླར་ཡང་སྒྲོག་རྩེའི་ཐོག་གི་ཆང་ཕོར་ཚུར་བླངས་ནས་དབུགས་ཐེངས་གཅིག་ལ་གཙང་མར་བཏུང་།“གྲོགས་པོ། ཁྱེད་ཀྱིས་ང་ལ་ཅི་ཡང་གསང་མི་ཐུབ། ཁྱོད་ལ་སེམས་ནད་ཡོད་པ་ཁོ་ཐག་ཡིན། གལ་ཏེ་ཁྱོད་ཀྱིས་ང་བློས་ཐུབ་ཀྱི་གྲོགས་པོར་བརྩི་བཞིན་ཡོད་ན། དོ་ནུབ་ཁྱོད་ཀྱི་སེམས་གཏམ་ཡོད་ཚད་ང་ལ་དྲང་པོར་བརྗོད་དགོས”ཞེས་གྲོགས་པོ་བསྟན་འཛིན་གྱིས་ཨུ་ཚུགས་བྱས་པས། ཨ་ཇོ་རྣམ་རྒྱལ་ཡང་མཐའ་མ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་རང་ཉིད་ལ་འཕྲད་པའི་དོན་དག་ཚང་མ་ཁ་ཁོག་པས་མ་གསང་ལ་བློ་སྒྱུ་མས་མ་བསྐུམ་པར་གཅིག་རྗེས་གཉིས་མཐུད་ཀྱིས་གྲོགས་པོ་བསྟན་འཛིན་ལ་བཤད། གྲོགས་པོ་བསྟན་འཛིན་གྱིས་ཨ་ཇོ་རྣམ་རྒྱལ་ལ་འཕྲད་པའི་རྐྱེན་ངན་བར་ཆད་ཀྱི་དོན་དག་རྣམས་རྟོགས་རྗེས། ཁོ་ཡང་ཁོང་ཁྲོ་ལངས་བྱུང་།“ཁྱོད་ཀྱི་ཆུང་མར་བཙན་གཡེམ་བྱེད་མཁན་དེ་སུ་རེད། ངས་ཁོ་འཚོལ་དུ་འགྲོ། བྱོལ་སོང་དེ་ཡིན་ན། དེ་རིང་ངས་ཁོ་ལས་སླ་བོར་མི་འཇོག་རྒྱུ་ཁོ་ཐག་ཡིན”ཟེར་བཞིན་ངར་ཤུགས་ཀྱིས་ཡར་ལངས་བྱུང་།
“མ་གཞི་བྱས་ན་མི་བྱེད་དགུ་བྱེད་བྱེད་མཁན་མོ་རང་གི་གྲོགས་མོ་བསམ་སྐྱིད་དང་མི་ངན་དེ་རེད། ཁོ་ཚོས་ཁྱོད་ཀྱི་ཆུང་མ་ར་བཟི་བའི་གོ་སྐབས་དང་བསྟུན་ནས། ད་གཟོད་ཐུབ་ཚོད་དང་བརྙས་བཅོས་བྱས་པ་མ་རེད་དམ”
“གྲོགས་པོ། ཁྱོད་ཀྱིས་རང་ཉིད་ཀྱི་ཆུང་མར་ཡིད་ཆེས་བྱ་དགོས། ཁོ་མོའང་གཞན་གྱི་བསླུ་བྲིད་ཀྱི་འོག་ཏུ་ཚུད་ནས་ད་གཟོད་སྡུག་ལ་གཏད་པ་མ་རེད་དམ”
“ཁྱོད་ཀྱིས་ཆུང་མས་རང་ཉིད་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་དེ་ལ་ཡིད་ཆེས་བྱ་དགོས། གལ་ཏེ་མོའི་སེམས་ནང་ཁྱོད་མེད་ན། མོས་ད་རེག་བར་དུ་ལང་ཚོ་སྟོང་བཞིན་ཁྱོད་ཕྱིར་ལོག་བྱ་རྒྱུར་རེ་སྒུག་བྱས་ནས་སྡོད་སྲིད་དམ”
“གལ་ཏེ་ཁྱོད་ཀྱིས་མོ་ལ་དངོས་གནས་དགའ་ན། ཁོ་མོར་བདེ་སྐྱིད་སྦྱིན་གང་ཐུབ་བྱ་དགོས་པ་ལས། རྒྱུན་པར་མོའི་ནོར་འཁྲུལ་ཁོ་ན་བཙལ་ཏེ་ཁོ་མོ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་འཚོ་བ་རོལ་དུ་བཅུག་ན། དེ་ནི་བརྩེ་དུང་མ་ཡིན། སྡིག་པ་རེད་ཡཱ”
“ཁྱོད་ཀྱིས་ངེས་པར་དུ་རང་ཉིད་ཀྱི་སེམས་གཏིང་གི་ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱི་མ་རིག་པའི་གནས་དག་སྤོངས་དགོས། དེ་ལྟར་བྱས་ཚེ་ད་གཟོད་ཁྱོད་ལ་བདེ་སྐྱིད་ཐོབ་ངེས་ཡིན”
“ཁྱོད་ཀྱིས་རང་གི་ཆུང་མའི་བྱས་ཉེས་ལ་གུ་ཡངས་གཏང་དགོས་ལ། རང་ཉིད་ལའང་གུ་ཡངས་གཏང་དགོས། མི་སུ་ཞིག་ཡིན་རུང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཤིག་གང་ན་ཡོད། དཔེར་ན་རང་རེའི་རླབས་ཆེན་གྱི་གཙོ་འཛིན་མའོ་ཀྲུའུ་ཞི་མཆོག་གིས་ཀྱང་རིག་གནས་གསར་བརྗེ་ཆེན་མོའི་བྱས་ཉེས་ཤོར་ཡོད་པ་མ་རེད་དམ”
མཚན་མོ་དེར། གྲོགས་པོ་བསྟན་འཛིན་གྱིས་ཆང་འཐུང་ཞོར་དུ་ཁོ་ལ་སྐད་ཆ་མང་དག་ཅིག་ལབ་བྱུང་། ཁོས་ད་དུང་རང་རེའི་སྟོན་པས་སེམས་ཅན་ལ་རང་གི་སྤྱན་ཡང་སྦྱིན་ཕོད་ཚུལ་དང་། རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་རང་ཉིད་ཀྱི་ཆུང་མའང་གཞན་ལ་སྦྱིན་པ་གཏང་ཕོད་པའི་གཏམ་རྒྱུད་སོགས་ཁོ་ལ་བཤད་དེ། ཁོའི་ནང་སེམས་ཀྱི་ང་རྒྱལ་དང་ཁོང་ཁྲོ་ཞི་བར་གཏང་གང་ཐུབ་བྱས་ཤིང་། ཁོས་རང་གི་ཆུང་མར་གུ་ཡངས་གཏང་སྟེ། ཁོ་གཉིས་ཀྱིས་འདས་སོང་གི་སེམས་ཁ་དཀྲུགས་པའི་དོན་དག་ཚང་མ་གཏིང་བརྗེད་དུ་གཏང་ནས་འཚོ་བར་གསར་བ་ཞིག་བསྐྱལ་དགོས་པའི་ཁ་བརྡ་སློབ་གསོ་བྱས།
གྲོགས་པོ་བསྟན་འཛིན་གྱི་སྐད་ཆ་དེ་དག་ཐོས་པས། ཁོས་གློ་བུར་དུ་ཡོད་ཚད་རྟོགས་སོང་། ཁོས་རང་ཉིད་ཀྱི་གུ་དོག་པའི་སེམས་པ་དང་། སྐད་ཅིག་ཉིད་ཀྱི་ང་རྒྱལ་གྱིས་རང་ཡུལ་དང་ཆུང་མ་ཤུལ་དུ་བསྐྱུར་ནས་གནས་མཆོག་ལྷ་སར་ཡོང་བའི་བྱ་སྤྱོད་དག་ལ་སེམས་གཏིང་ནས་ཚིག་པ་ཟ་བཞིན་འགྱོད་གདུང་གི་མཆི་མ་བར་མེད་བཞུར། ཁོས་སླར་ཡང་ཆུང་མའི་བརྩེ་བས་ཕྱུག་པའི་ངོ་གདོང་དང་། རང་ཉིད་ཁོ་ན་རེ་སྒུག་བྱེད་བཞིན་པའི་ངང་ཚུལ་དག་ཡིད་ལ་ལྷང་ལྷང་དུ་དྲན་འོང་། སྐབས་དེ་དུས། ཨར་ཁང་གི་སྒྲ་དབྱངས་ཀྱང་རིམ་གྱིས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཞིང་། གནས་དེར་འདུས་ནས་ཆང་འཐུང་བཞིན་པའི་མི་དེ་དག་ཀྱང་དལ་གྱིས་རང་ཁྱིམ་གྱི་ཕྱོགས་སུ་ལོག་བཞིན་འདུག ཁོས་ད་གཟོད་མི་ཞིག་ལ་མཚོན་ན། ཁྱིམ་ཚང་ཞེས་པ་ཅི་འདྲའི་གལ་འགངས་ཆེ་ཚུལ་དལ་གྱིས་རྟོགས་བྱུང་། ལྷག་པར་དུ། བུད་མེད་ཅིག་གིས་ལུས་ངག་ཡིད་གསུམ་གྱིས་རང་ཉིད་ཕྱིར་ལོག་ཡོང་རྒྱུར་རེ་སྒུག་བྱེད་པ་དེ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་ཡིན་པ་གཞི་ནས་ཤེས་སོང་། ཁོའི་མིག་མཐར་མཆི་མ་འཁྱིལ་བྱུང་། མཆི་མ་དེ་ནི་འགྱོད་གདུང་གི་མཆི་མ་ཡིན་ལ། སེམས་འགུལ་གྱི་མིག་ཆུ་ཞིག་ཀྱང་ཅི་ལ་མིན།
སྐྱ་རེངས་ཤར་སོང་། ཨ་ཇོ་རྣམ་རྒྱལ་གྱིས་འགྱོད་བཤགས་ཀྱི་བསམ་པ་རུམ་གང་འཁྱེར་ནས་རང་གི་ཆུང་མ་ཡོད་སའི་ཡར་ལུང་གྲོང་ཚོའི་ཕྱོགས་སུ་ཁ་ལོ་བསྒྱུར་སོང་། ལམ་བར་དུ་མདང་ནུབ་གྲོགས་པོ་བསྟན་འཛིན་གྱིས་བཤད་པའི་སྐད་ཆ་དེ་དག་རེས་མོས་ཀྱིས་ཁོའི་ཀླད་པའི་ནང་ལྡིང་འཁོར་རྒྱག་འོང་། གྲོགས་པོ་བསྟན་འཛིན་གྱིས་བཤད་པའི་སྐད་ཆའི་ནང་དོན་དག་ཉན་རྗེས། ཁོའི་སེམས་པ་ལྷོད་ལ་བབས་བྱུང་། ད་ནི་ཡུན་རིང་ཁོའི་སེམས་སུ་ཉར་བའི་རྡོག་ཁྲེས་ལྕི་མོ་དེའང་གར་སོང་ཆ་མེད་དུ་གྱུར་ཏེ་ཆུང་མའི་ཐོག་ཏུ་ཁོང་ཁྲོ་བྱ་རྒྱུ་ལྟ་ཅི། ད་ལྟ་ཁོས་གང་མགྱོགས་ཆུང་མ་དང་ལྷན་ འཛོམས་བྱུང་ན་ཅི་མ་རུང་ཨང་སྙམ། དེ་ནི་བཟོད་སྒོམ་དང་གུ་ཡངས་ཀྱི་དགེ་མཚན་རེད། བཟོད་སྒོམ་དང་གུ་ཡངས་བྱས་པ་དེས་ད་ལྟ་རང་སེམས་ལ་ན་ཟུག་མེད་པར་སེམས་པ་ཧྲིལ་བོ་ལྷོད་ལ་བབས་འདུག ད་ནི་ཁོས་ཆུང་མར་གུ་ཡངས་བཏང་ཟིན་ལ་རང་ཉིད་ལའང་གུ་ཡངས་ཤིག་བཏང་སོང་། ཁོས་ད་གཟོད་“འཇིག་རྟེན་གྱི་འཁོར་བ་ཁབ་ཀྱི་རྩེ་མོ་འདྲ། བདེ་བ་འདོད་པ་འདོད་པའི་གནས་མ་ཡིན། ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་པ་ཡིན། སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། སེམས་ངན་འཆང་ནས་མ་ཎི་བགྲང་བ་ལས། སེམས་བཟང་བསྐྱེད་ནས་གླུ་ཆུང་ལེན་པ་དགའ”ཞེས་པའི་གླུ་ཚིག་དེའི་ནང་དོན་ཁོང་དུ་ཆུད་སོང་།
ཁོ་རང་ཡར་ཀླུང་གྲོང་ཚོར་སླེབས་དུས་ཉི་མ་ཆུ་ལྷའི་ཕང་བར་བཞུད་ལ་ཉེ། སྡེ་བའི་རྫི་བོ་རྣམས་ཀྱིས་ལུག་ཁྱུ་དེད་བཞིན་རང་ཁྱིམ་གྱི་ཕྱོགས་སུ་ལོག་བཞིན་འདུག ཁོས་རང་གི་སྒྱེ་མོ་ཆུང་ཆུང་དེ་ལག་ཏུ་འཁུར་ནས་ཐད་ཀར་རང་ཁྱིམ་གྱི་ཕྱོགས་སུ་བུད། ཁྱིམ་གྱི་སྒོ་ཁར་སླེབས་རྗེས་ཁོས་ད་གཟོད་ཁྱིམ་གྱི་སྒོ་ལ་ལྕགས་ཟྭ་ཆེན་པོ་ཞིག་བརྒྱབ་སྟེ་ནང་དུ་འདུག་མཁན་ཅི་ཡང་མེད་པ་ཤེས། ཁོའི་སེམས་པ་བློང་བློང་པོར་གྱུར་སོང་། “ཆུང་མ་གང་དུ་བུད་སོང་བ་ཡིན”ཁོས་དེ་ལྟར་ཆིག་ལབ་རྒྱག་ཞོར་ཐེ་ཚོམ་གྱི་དྲ་བར་ཚུད། ཁོ་མོས་དུས་ནམ་ཡང་ང་ཕྱིར་ལོག་རྒྱུར་རེ་སྒུག་བྱས་ནས་འདུག་ངེས་ཞེས་ལབ་པ་མ་ཡིན་ནམ། འོན་ཀྱང་ང་ཕྱིར་ཁྱིམ་དུ་སླེབས་དུས་ཁོ་མོའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པ་ཅི། ཁོའི་སེམས་ལ་གློ་བུར་དུ་ཕངས་སེམས་དྲག་པོ་ཞིག་སྐྱེས་བྱུང་། ཁོས་དེ་འཕྲལ་ཁྱིམ་མཚེས་ཀྱི་གམ་དུ་སོང་ནས་ཆུང་མ་གང་ལ་སོང་བའི་སྐོར་སྐད་ཆ་དྲི་བར་ཕྱིན། ཁྱིམ་མཚེས་ཚོས་ཟེར་ན། བུད་མེད་དེས་ད་རེག་བར་དུ་རྒྱང་རིང་གི་ཉི་མ་ལྷ་སའི་ཕྱོགས་སུ་མིག་ཟུང་ཅེར་བཞིན་ཁྱོད་ཕྱིར་ལོག་ཡོང་རྒྱུར་སྐོམ་པ་ཆུ་འདོད་ལྟར་གྱི་རེ་སྒུག་བྱེད་བཞིན་མཆིས། ཁོ་མོས་བཞུད་ཟིན་པའི་ལོ་ཟླ་དེ་དག་གི་ནང་མི་ཁ་མང་དག་ཅིག་རྒྱབ་ཏུ་འཁུར་ནས་སྐྱོ་གདུང་གི་ཁྲོད་དུ་ཁྱོད་ཁོ་ན་དྲན་བཞིན་འདུག་ཟེར། ཟླ་བ་གཅིག་གི་ཡར་སྔོན་དུ་ད་གཟོད་མོ་གནས་དེར་འདུག་ཐབས་མེད་པར་ལྷ་སར་ཁྱོད་འཚོལ་དུ་བུད་སོང་ཟེར། ཁྱིམ་མཚེས་ཀྱི་སྐད་ཆ་དེ་དག་ཐོས་པས་ཁོས་རང་ཉིད་ལ་འཁང་ར་སྐྱེས་ཞོར་རང་ཉིད་ཀྱི་ཆུང་མ་ཐུག་འདོད་ཀྱི་འདུན་པ་མེ་ལྕེ་བཞིན་དྲག་ཏུ་མཆེད་བྱུང་། ཁོས་དེ་འཕྲལ་རླངས་འཁོར་འབབ་ཚིགས་སུ་བསྐྱོད་དེ་ལྷ་སར་བསྐྱོད་པའི་ལམ་ལ་ཞུགས།
ཕྱི་ཉིན་ཞོགས་པར་ཨ་ཇོ་རྣམ་རྒྱལ་གྱིས་བུ་མོ་ཆུང་ཆུང་ཞིག་པང་དུ་འཁུར་བཞིན་ལྷ་སའི་གཙུག་ལག་ཁང་དུ་མཆོད་མཇལ་ལ་འགྲོ་བཞིན་འདུག ད་ལྟ་ཨ་ཇོ་རྣམ་རྒྱལ་གྱི་ངོ་གདོང་གི་ཁྱོན་ལ་འཛུམ་མདངས་ཀྱིས་ཕྱུག་ཅིང་། འཛུམ་ མདངས་དེ་ནི་འདབ་བརྒྱ་ལྷུག་པོར་གྲོལ་བའི་མེ་ཏོག་གི་འདབ་མ་ཞིག་དང་འདྲ་བར་དགའ་ཚོར་དང་སྐྱིད་སྣང་གི་སྣང་བས་ཕྱུག་འདུག རེད་ཨང་། གུ་ཡངས་དེའི་བཀའ་དྲིན་གྱིས་ཁོ་ལ་ད་ལྟ་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་དང་། ཆུང་མའི་ལྷད་མེད་ཀྱི་བརྩེ་བ་ཐོབ་པར་གྱུར་ལ། ད་དུང་རང་ཉིད་ལ་ཨ་ཕར་འབོད་པའི་བྱིས་པ་ཡི་གར་འོང་བ་ཞིག་ཀྱང་མི་ཚེའི་འདུག་རོགས་སུ་རྙེད་བྱུང་།
ལྷ་སའི་ནམ་མཁའ་གཡའ་དག་ལ། ཉི་འོད་ཧ་ཅང་འཇམ། ཆུང་མས་མཆོད་མར་དང་བདུག་སྤོས་སོགས་ལག་ཏུ་བསྣམས་ནས་དགོད་འཛུམ་འཛུམ་གྱིས་ཁོའི་རྗེས་བསྙེགས་ནས་འོང་། ཁོ་མོའི་དགོད་སྒྲ་དེ་དྲིལ་ཆུང་གི་སྒྲ་སྙན་མོ་ཞིག་དང་ཧ་ཅང་མཚུངས། དགོད་སྒྲ་དེས་ཞོགས་པའི་ཁུ་སིམ་གྱི་ལྷིང་འཇགས་དཀྲོགས་སོང་། གཡོ་ཟོལ་བྲལ་བའི་དགོད་སྒྲ་སྙན་མོ་དེས་ཁོ་ཚོའི་འཚོ་བ་ལ་མཚར་སྡུག་གི་ཁ་དོག་གསར་བ་ཞིག་བསྣན་བྱུང་། དེ་ནི་ནང་སེམས་ནས་བཞུར་བའི་བདེ་སྐྱིད་ཀྱི་དགོད་སྒྲ་ཞིག་ཡིན་ལ། འཚོ་བ་གསར་བ་ཞིག་གི་དབུ་ཁྱུད་འབྲི་བའི་བཀྲ་ཤིས་རྟེན་འབྲེལ་གྱི་དགའ་འབོད་ཅིག་ཀྱང་ཡིན་པ་གདོན་མི་ཟའོ། །
༡༩༩༢ལོའི་ཟླ་༨པའི་ཚེས་༡༢ཉིན་ཁྱེད་ལ་དགའ་ཞིང་དུང་བའི་ཆུང་མ་འཛོམས་པ་སྐྱིད་ནས།
མོས་འཕྲིན་ཡིག་དེ་བྲིས་ཟིན་རྗེས། མིག་ཟུང་གི་ཁྱོན་ལ་མཆི་ཞག་འཁོར་འདུག ཁྱོ་ག་ལྷ་སར་སླེབས་པའི་གནས་ཚུལ་ཤེས་རྗེས་མོའི་སེམས་པ་རེ་ཞིག་ལྷོད་ལ་བབས་བྱུང་།
ཆུང་མ་དང་ཁ་བྲལ་བའི་ཉིན་དེ་དག་གི་རིང་ཨ་ཇོ་རྣམ་རྒྱལ་ཡང་སེམས་པ་སྐྱིད་པོ་གཏན་ནས་མ་བྱུང་། ད་ལྟ་ཁོའི་ངོ་གདོང་གི་ཁྱོན་ལ་འཛུམ་མདངས་ཡེ་ནས་མཐོང་རྒྱུ་མེད་ལ། མིག་ཟུང་གི་འོད་མདངས་ཀྱང་ཉམས་ཏེ་རབ་རིབ་ཏུ་གྱུར་འདུག ཁོས་ཆུང་མར་བཙན་གཡེམ་བྱེད་མཁན་གྱི་སྐྱེས་པ་དེ་ལ་སེམས་གཏིང་ནས་ཁོང་ཁྲོ་ལངས་ཤིང་ཞེ་སྡང་དྲག་པོ་སྐྱེས་འོང་། ཁོས་སྔ་ཕྱིར་ཆུང་མར་བཙན་གཡེམ་བྱས་ཏེ་རང་ཉིད་ཀྱི་ཁྱིམ་ཚང་དྲོན་མོ་དེ་གཏོར་བཤིག་ཏུ་གཏོང་མཁན་གྱི་མི་བུ་ཐ་ཤལ་བ་དེ་བཙལ་ནས་དགྲ་ཤ་ལེན་རྩིས་ཐེངས་མང་བྱས་མྱོང་། ལྷག་པར་དུ་མཚན་མོ་མང་པོའི་རྨི་ལམ་གྱི་ཞིང་ཁམས་སུ་ཁོས་མི་དེ་བཙལ་ནས་ཁོ་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་དྲག་པོ་བྱེད་བཞིན་པ་རྨིས་མྱོང་། འོན་ཀྱང་། དོན་དངོས་སུ་བསམ་བློ་ཏན་ཏིག་ཞིག་བཏང་ན། མི་དེ་བཙལ་ནས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱས་ཀྱང་། གང་ལྟར་ཆུང་མར་ཕོག་པའི་གྱོང་གུན་ཁ་གསབ་བྱ་ཐབས་མེད་པའི་ཁར་ད་དུང་རྙོག་དྲ་གསར་བ་ཞིག་འགོ་བཙུགས་ན་དོན་སྙིང་ཅི་ཡོད། ཁོས་དེ་ལྟར་བསམས། ཁོས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར་ཁོ་ལ་གུ་ཡངས་ལན་ཅིག་གཏང་རྒྱུར་ཐག་བཅད། འོན་ཀྱང་། ཆུང་མའི་མངལ་དུ་སྦྲུམ་པའི་བྱིས་པ་དེ་རང་གི་ཤ་ཁྲག་ལས་མཆེད་པ་མིན་པ་ཡིད་ལ་དྲན་ཐེངས་རེར་ཁོའི་ལུས་ལ་གནམ་ལྕགས་ཐོག་མདའ་ཞིག་འཕོག་པ་དང་འདྲ་བར་སེམས་པ་ཧྲིལ་བོ་སིལ་བུར་བཏང་བྱུང་། གནས་ཚུལ་དེ་དྲན་ཐེངས་རེར། ཁོས་ཆུང་མར་རང་ཤུགས་ཀྱིས་ཁོང་ཁྲོ་ལྷག་ཏུ་སྐྱེས་ཏེ་ཆུང་མ་དང་འབྲེལ་བ་ཡོད་པའི་གནས་ཚུལ་མཐའ་དག་ལ་བསམ་བློ་གཏན་ནས་གཏང་མ་ཕོད། མ་མཐར་ཡང་སྐབས་དེ་དུས་ཁོས་ཆུང་མའི་བྱས་ཉེས་ལ་གུ་ཡངས་གཏན་ནས་གཏང་མ་འདོད། དེ་ནི་ཁོར་མཚོན་ན་བཟོད་བསྲན་བྱ་དཀའ་བའི་མནར་གཅོད་ཅིག་ཅི་ལ་མིན།
ཁོས་ཉིན་ལྟར་ལྷ་སའི་གཙུག་ལག་ཁང་དང་ཉེ་འགྲམ་གྱི་དགོན་སྡེ་ཁག་ཏུ་མཆོད་མཇལ་ལ་ཕྱིན་ནས་དོན་དག་དེ་སེམས་ནས་གཏན་བརྗེད་ཐུབ་རྒྱུར་འབད་བཞིན་ཡོད། འོན་ཀྱང་། སེམས་ཀྱི་རྨ་ཁ་དེ་གསོ་བར་ལས་སླ་བོ་ག་ལ་ཡོད། རྨ་ཁ་དེ་གཟུགས་དང་གྲིབ་མ་ཇི་བཞིན་ཁོ་དང་ལྷན་དུ་འགྲོགས་ནས་ཁོ་ཉིན་ལྟར་ཟས་བརྗེད་གཉིད་ཆག་ངང་འཚོ་བ་བསྐྱལ་དགོས་བྱུང་། དེ་ནི་ཁོའི་མི་ཚེའི་བགོ་སྐལ་རེད། ཁོའི་ཕ་མས་ཁོའི་སྐྱོ་ཉམས་ཀྱིས་ཕྱུག་པའི་ངོ་གདོང་དང་། སྐྱོ་གདུང་གིས་མནར་བའི་ཚུགས་ཀ་དེ་མཐོང་སྐབས་སེམས་ཀྱིས་མ་བཟོད་པར། “བུ། ད་སེམས་སྡུག་མ་བྱེད་ཅིག རང་ཉིད་སྡུག་ལ་གཏད་མཁན་གྱི་བུ་མོ་དེ་འདྲའི་ལུས་ཐོག་ཏུ་སེམས་པ་གཏད་དགོས་དོན་མེད། ངོ་ཚ་སྤངས་པའི་འཕྱོར་མོ་དེ་ཡིན་ན། ང་ཚོའི་བུ་སེམས་གཅོང་གིས་མནར་འདུག དཀོན་མཆོག་མཁྱེན”ཅེས་ཁྲོ་ཚིག་སྨྲ་ཞོར་སེམས་ལ་ཁོང་ཁྲོའི་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བཞིན་མཆིས། ཁོས་ཀྱང་བུ་མོ་དེ་དང་གཉེན་ཐོར་ཏེ་འཚོ་བ་གསར་བ་ཞིག་སྐྱེལ་བའི་བསམ་བློ་འཁོར་མྱོང་། འོན་ཀྱང་། བུ་མོ་གསར་བ་ཞིག་དང་ལྷན་དུ་སླར་ཡང་འཚོ་བ་གསར་བ་ཞིག་གི་འགོ་བརྩམ་དགོས་ན། དེ་ནི་ལས་སླ་བོ་ཞིག་ག་ལ་ཡིན། ལྷག་པར་དུ་རང་ཉིད་ལྟ་བུའི་གཉེན་གསུམ་ཙམ་བསྒྲིགས་མྱོང་བའི་མི་རྒན་ཞིག་ལ་མཚོན་ན། དེ་ནི་ཤིན་ཏུ་ནས་དཀའ་ཚེགས་ཆེ་བ་ཞིག་མ་ཡིན་ནམ། གནད་དོན་དེ་དག་ལ་འདང་རྒྱག་བྱ་དུས། ཁོའི་སེམས་པ་ནི་རླུང་གིས་དེད་པའི་བྱ་སྒྲོ་ཇི་བཞིན་ཁ་ཕྱོགས་མེད་པར་གང་སར་ལྡིང་།
བཞི།
ལོ་ངོ་ཇི་ཙམ་འདས་པ་མོའི་ཡིད་ངོར་གསལ་ཆ་མིན་འདུག མོས་སྔར་རྒྱུན་བཞིན་གཙང་ངོགས་དེར་འགྲེངས་ནས་རྒྱང་རིང་གི་ལྷ་སའི་ཕྱོགས་སུ་མིག་ཟུང་ཅེར་བཞིན་འདང་རྒྱག་གི་ཀློང་དུ་ཚུད་འདུག ད་རེག་བར་དུ་ཁྱོ་གའི་འཕྲིན་ཡིག་གཅིག་ཀྱང་མོའི་ལག་ཏུ་མ་འབྱོར། ལོ་ངོ་དེ་དག་གི་རིང་། མོས་དཀའ་བ་དང་ན་ཟུག་མང་དག་ཅིག་ཁྱད་དུ་སད་ནས་བྱིས་པ་བཙས་ཤིང་། རྒྱུན་པར་ཁོམ་པ་བཙལ་ནས་དགོན་པར་སོང་སྟེ་ལྷ་བླ་མའི་སྐུ་བརྙན་གྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཕྱག་དང་མཆོད་པ་ཡང་ཡང་འབུལ་ཞོར་རང་གི་སྡིག་སྒྲིབ་དག་གང་ཐབས་བྱེད་པ་དང་། ཁྱོ་ག་གང་མགྱོགས་རང་གི་གམ་དུ་ལོག་ཐུབ་རྒྱུར་གསོལ་བ་སྨོན་ལམ་འདེབས་བཞིན་འདུག ད་ཆ་ཁོ་མོའི་ངོ་མདོག་སྐྱ་བོར་གྱུར་ཞིང་། དཀར་ལ་གཙང་བའི་སྔོན་ཆད་ཀྱི་ལག་ཟུང་ད་ལྟ་གང་སར་སེར་ཁས་གང་འདུག སྔོན་ཆད་ཙ་རིའི་སྨྱུག་མ་ཇི་བཞིན་འདྲོངས་པའི་གཟུགས་བྱད་ཡག་མོ་ད་ལྟ་གཞུ་ལྟར་འཁྱོག་འདུག་ཅིང་། མིག་ཟུང་གཉིས་པོར་འོད་ཀྲིག་ཀྲིག་གི་གྲུང་ཤ་ཅི་ཡང་མེད་པར་ཉོབ་མདངས་ཤིག་དང་རེ་ཆད་ཀྱི་སྣང་བ་ཞིག་ཕྱིར་ཕྱུངས་འོང་། མོ་ལའང་ཅི་ཁག ཉིན་ལྟར་ལས་ནས་ཚར་རྒྱུ་མེད་པའི་ཁྱིམ་ཚང་ཕྱི་ནང་གི་ལས་ཀ་ཙག་ཙིག་དང་། དོན་གོ་མི་ཆོད་པའི་བྱིས་པ་གཉོར་སྐྱོང་བྱ་རྒྱུ། ད་དུང་ཁྱོ་གའི་འདུག་རོགས་མེད་པའི་སེམས་ངལ་སོགས་ཀྱིས་མོའི་ལུས་སེམས་རི་རྩེའི་དར་ལྕོག་དང་འདྲ་བར་འདར་སིག་སིག་བྱེད། “ཁྱོ་ག་སྔ་མཇུག་གི་ཁྱད་པར་ཙམ་ལས་མཐའ་མཇུག་རང་གི་གམ་དུ་ཕྱིར་ལོག་བྱ་ངེས་ཡིན”མོས་ཉིན་ལྟར་དེ་སྐད་སྨྲ་ཞོར་རང་སེམས་ལ་སེམས་གསོ་དང་གུ་ཡངས་ཐོབ་པར་རེ་བཞིན་འདུག མོས་ཀྱང་རང་གི་ཁྱོ་ག་ལ་རྒྱུས་མངའ་ཆེན་པོ་ཡོད། ཁྱོ་ག་ཁོང་ཁྲོ་ལངས་སྐྱེན་པས་མ་གཏོགས་སེམས་པ་བཟང་བས། ནམ་ཞིག་ཁོ་རང་གི་ཁོང་ཁྲོ་དེ་ཞི་གྱུར་ན། ཕྱིར་ཁྱིམ་ལ་ལོག་ཡོང་རྒྱུར་མོར་ཡིད་ཆེས་བརྟན་པོ་ཡོད། ཁྱོ་གས་རང་ཉིད་དང་བཙས་མ་ཐག་པའི་བྱིས་པ་དེ་ཤུལ་དུ་བསྐྱུར་ནས་མི་ཚེ་གང་བོར་ཁ་ཡ་མི་བྱེད་པ་གཏན་ནས་བྱ་མི་སྲིད། མོས་དེ་ལྟར་རང་ཉིད་ལ་སེམས་ཤུགས་དང་བློ་སྟོབས་བཙལ་ནས་རེ་བ་རྟ་རྔ་ཙམ་ཞིག་ལས་མེད་ཀྱང་ཁྱོ་ག་ཕྱིར་ལོག་ཡོང་རྒྱུའི་འདུན་པ་དྲག་པོ་རྦ་བཞིན་མཁའ་ལ་འཕྱུར་ཏེ་གཏན་ནས་མཚམས་འཇོག་བྱས་མ་མྱོང་།སླར་ཡང་གཉིད་མི་འོང་བའི་མཚན་མོ་ཞིག་རེད། ཨ་ཇོ་རྣམ་རྒྱལ་གྱིས་ལྷ་སར་ཡོད་པའི་རང་ཉིད་ཀྱི་བློས་ཐུབ་གྲོགས་པོ་བསྟན་འཛིན་ལ་ཁ་པར་བཏང་ནས་ཁོ་གཉིས་རྒྱུན་པར་འགྲོ་སའི་ལྷ་སའི་སྐྱིད་ཆུ་ཨར་ཁང་དུ་འཛོམས་རྒྱུའི་དུས་ཆད་བཏབ། ཨར་ཁང་གི་སྒོ་ནང་དུ་འཛུལ་རྗེས། ཁོའི་སྣ་ལ་སྐྱུར་རྩི་ཡི་དྲི་ངད་ལྷང་ལྷང་དུ་འཐུལ་འོང་ཞིང་། དེང་རབས་དར་ཁྱད་ཆེ་བའི་གླུ་གཞས《སྙིང་སྡུག་ལགས》ཞེས་པའི་གླུ་དབྱངས་དེའི་འགྱུར་ཁུག་ཁོའི་རྣ་ཡི་བུ་གར་དལ་གྱིས་གྲགས་འོང་།
གྲོགས་པོ་བསྟན་འཛིན་སྔ་མོ་ནས་སླེབས་འདུག ཁོས་ཨ་ཇོ་རྣམ་རྒྱལ་མཐོང་མ་ཐག་ལག་པ་གཡུག་གཡུག་གིས་ལག་བརྡ་ཞིག་བྱས་ཏེ་ཨ་ཇོ་རྣམ་རྒྱལ་ཚུར་རང་གི་གམ་དུ་ཡོང་དགོས་པའི་བརྡ་བྱས། “དོ་ནུབ་ཁྱོད་ལ་ཅི་ཞིག་བྱས་སོང་། གདོང་ལ་རྣམ་འགྱུར་ཅི་ཡང་མིན་འདུག”གྲོགས་པོ་བསྟན་འཛིན་གྱིས་དེ་སྐད་སྨྲ་ཞོར། ཁོའི་ངོ་གདོང་གི་ཁྱོན་ལ་ཞིབ་ལྟ་ཞིག་བྱས། ཁོས་ད་གཟོད་ཨ་ཇོ་རྣམ་རྒྱལ་མ་འཕྲད་པའི་ཡུན་ལ་འགྱུར་བ་ཆེན་པོ་ཞིག་བྱུང་བ་གཞི་ནས་རྟོགས་པ་སྟེ། སྔོན་ཆད་ཀྱི་འཛུམ་མདངས་ད་ལྟ་མིག་ཟུང་གི་མཐོང་ཡུལ་དུ་མེད་ཅིང་། དུས་རྒྱུན་སྣུམ་ཞག་ལྡན་ལ་སྤྲོ་སྣང་གིས་ཕྱུག་པའི་བཞིན་རས་ད་ཆ་སྐྱ་བོར་གྱུར་བ་མ་ཟད། སྡུག་བསྔལ་མང་དག་ཅིག་སེམས་ཁོང་དུ་སྦས་ཡོད་པའི་སྣང་བ་སྦྱིན་འོང་། ད་དུང་རྒྱུན་པར་ཁ་བརྡ་དང་དགོད་གཏམ་འཆད་རྒྱུར་དགའ་བའི་ཨ་ཇོ་རྣམ་རྒྱལ་དོ་ནུབ་སྨྲ་བ་ཅི་ཡང་མེད་པར་ཁུ་སིམ་མེར་འདུག ཁོས་དེ་འཕྲལ་ཨ་ཇོ་རྣམ་རྒྱལ་གྱི་ལག་པ་ནས་འཇུས་ཏེ།“གྲོགས་པོ། ཁྱོད་ངོ་མ་རྒས་འདུག སེམས་ལ་མི་སྐྱིད་པའི་དོན་དག་ཅི་ཞིག་ཡོད་རུང་ང་ལ་དྲང་པོར་ལབ་དང་། གཅིག་བྱས་ན་ངས་ཁྱོད་ཀྱི་དཀའ་སྡུག་སེལ་བར་ཕན་ཐོགས་ཡོང”ཞེས་བཤད། ཨ་ཇོ་རྣམ་རྒྱལ་གྱིས་སྒྲོག་རྩེའི་ཐོག་གི་ཆང་ཕོར་ཚུར་བླངས་ནས་དབུགས་ཐེངས་གཅིག་ལ་གཙང་མར་བཏུང་རྗེས།“གྲོགས་པོ། ད་སེམས་ཁ་མི་སྐྱིད་པའི་དོན་དག་དེ་དག་མི་ལབ་པར་བྱ། དེ་རིང་ངེད་གཉིས་པོས་ཆང་ཡིད་ཚིམས་པ་ཞིག་འཐུང་དགོས། ར་མ་བཟི་བར་དུ་སུ་ཡང་ཁྱིམ་ལ་སྔོན་དུ་ལོག་མི་ཆོག”ཅེས་སྨྲ་བཞིན་སླར་ཡང་སྒྲོག་རྩེའི་ཐོག་གི་ཆང་ཕོར་ཚུར་བླངས་ནས་དབུགས་ཐེངས་གཅིག་ལ་གཙང་མར་བཏུང་།“གྲོགས་པོ། ཁྱེད་ཀྱིས་ང་ལ་ཅི་ཡང་གསང་མི་ཐུབ། ཁྱོད་ལ་སེམས་ནད་ཡོད་པ་ཁོ་ཐག་ཡིན། གལ་ཏེ་ཁྱོད་ཀྱིས་ང་བློས་ཐུབ་ཀྱི་གྲོགས་པོར་བརྩི་བཞིན་ཡོད་ན། དོ་ནུབ་ཁྱོད་ཀྱི་སེམས་གཏམ་ཡོད་ཚད་ང་ལ་དྲང་པོར་བརྗོད་དགོས”ཞེས་གྲོགས་པོ་བསྟན་འཛིན་གྱིས་ཨུ་ཚུགས་བྱས་པས། ཨ་ཇོ་རྣམ་རྒྱལ་ཡང་མཐའ་མ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ་རང་ཉིད་ལ་འཕྲད་པའི་དོན་དག་ཚང་མ་ཁ་ཁོག་པས་མ་གསང་ལ་བློ་སྒྱུ་མས་མ་བསྐུམ་པར་གཅིག་རྗེས་གཉིས་མཐུད་ཀྱིས་གྲོགས་པོ་བསྟན་འཛིན་ལ་བཤད། གྲོགས་པོ་བསྟན་འཛིན་གྱིས་ཨ་ཇོ་རྣམ་རྒྱལ་ལ་འཕྲད་པའི་རྐྱེན་ངན་བར་ཆད་ཀྱི་དོན་དག་རྣམས་རྟོགས་རྗེས། ཁོ་ཡང་ཁོང་ཁྲོ་ལངས་བྱུང་།“ཁྱོད་ཀྱི་ཆུང་མར་བཙན་གཡེམ་བྱེད་མཁན་དེ་སུ་རེད། ངས་ཁོ་འཚོལ་དུ་འགྲོ། བྱོལ་སོང་དེ་ཡིན་ན། དེ་རིང་ངས་ཁོ་ལས་སླ་བོར་མི་འཇོག་རྒྱུ་ཁོ་ཐག་ཡིན”ཟེར་བཞིན་ངར་ཤུགས་ཀྱིས་ཡར་ལངས་བྱུང་།
“མ་གཞི་བྱས་ན་མི་བྱེད་དགུ་བྱེད་བྱེད་མཁན་མོ་རང་གི་གྲོགས་མོ་བསམ་སྐྱིད་དང་མི་ངན་དེ་རེད། ཁོ་ཚོས་ཁྱོད་ཀྱི་ཆུང་མ་ར་བཟི་བའི་གོ་སྐབས་དང་བསྟུན་ནས། ད་གཟོད་ཐུབ་ཚོད་དང་བརྙས་བཅོས་བྱས་པ་མ་རེད་དམ”
“གྲོགས་པོ། ཁྱོད་ཀྱིས་རང་ཉིད་ཀྱི་ཆུང་མར་ཡིད་ཆེས་བྱ་དགོས། ཁོ་མོའང་གཞན་གྱི་བསླུ་བྲིད་ཀྱི་འོག་ཏུ་ཚུད་ནས་ད་གཟོད་སྡུག་ལ་གཏད་པ་མ་རེད་དམ”
“ཁྱོད་ཀྱིས་ཆུང་མས་རང་ཉིད་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་དེ་ལ་ཡིད་ཆེས་བྱ་དགོས། གལ་ཏེ་མོའི་སེམས་ནང་ཁྱོད་མེད་ན། མོས་ད་རེག་བར་དུ་ལང་ཚོ་སྟོང་བཞིན་ཁྱོད་ཕྱིར་ལོག་བྱ་རྒྱུར་རེ་སྒུག་བྱས་ནས་སྡོད་སྲིད་དམ”
“གལ་ཏེ་ཁྱོད་ཀྱིས་མོ་ལ་དངོས་གནས་དགའ་ན། ཁོ་མོར་བདེ་སྐྱིད་སྦྱིན་གང་ཐུབ་བྱ་དགོས་པ་ལས། རྒྱུན་པར་མོའི་ནོར་འཁྲུལ་ཁོ་ན་བཙལ་ཏེ་ཁོ་མོ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་འཚོ་བ་རོལ་དུ་བཅུག་ན། དེ་ནི་བརྩེ་དུང་མ་ཡིན། སྡིག་པ་རེད་ཡཱ”
“ཁྱོད་ཀྱིས་ངེས་པར་དུ་རང་ཉིད་ཀྱི་སེམས་གཏིང་གི་ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱི་མ་རིག་པའི་གནས་དག་སྤོངས་དགོས། དེ་ལྟར་བྱས་ཚེ་ད་གཟོད་ཁྱོད་ལ་བདེ་སྐྱིད་ཐོབ་ངེས་ཡིན”
“ཁྱོད་ཀྱིས་རང་གི་ཆུང་མའི་བྱས་ཉེས་ལ་གུ་ཡངས་གཏང་དགོས་ལ། རང་ཉིད་ལའང་གུ་ཡངས་གཏང་དགོས། མི་སུ་ཞིག་ཡིན་རུང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཤིག་གང་ན་ཡོད། དཔེར་ན་རང་རེའི་རླབས་ཆེན་གྱི་གཙོ་འཛིན་མའོ་ཀྲུའུ་ཞི་མཆོག་གིས་ཀྱང་རིག་གནས་གསར་བརྗེ་ཆེན་མོའི་བྱས་ཉེས་ཤོར་ཡོད་པ་མ་རེད་དམ”
མཚན་མོ་དེར། གྲོགས་པོ་བསྟན་འཛིན་གྱིས་ཆང་འཐུང་ཞོར་དུ་ཁོ་ལ་སྐད་ཆ་མང་དག་ཅིག་ལབ་བྱུང་། ཁོས་ད་དུང་རང་རེའི་སྟོན་པས་སེམས་ཅན་ལ་རང་གི་སྤྱན་ཡང་སྦྱིན་ཕོད་ཚུལ་དང་། རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་རང་ཉིད་ཀྱི་ཆུང་མའང་གཞན་ལ་སྦྱིན་པ་གཏང་ཕོད་པའི་གཏམ་རྒྱུད་སོགས་ཁོ་ལ་བཤད་དེ། ཁོའི་ནང་སེམས་ཀྱི་ང་རྒྱལ་དང་ཁོང་ཁྲོ་ཞི་བར་གཏང་གང་ཐུབ་བྱས་ཤིང་། ཁོས་རང་གི་ཆུང་མར་གུ་ཡངས་གཏང་སྟེ། ཁོ་གཉིས་ཀྱིས་འདས་སོང་གི་སེམས་ཁ་དཀྲུགས་པའི་དོན་དག་ཚང་མ་གཏིང་བརྗེད་དུ་གཏང་ནས་འཚོ་བར་གསར་བ་ཞིག་བསྐྱལ་དགོས་པའི་ཁ་བརྡ་སློབ་གསོ་བྱས།
གྲོགས་པོ་བསྟན་འཛིན་གྱི་སྐད་ཆ་དེ་དག་ཐོས་པས། ཁོས་གློ་བུར་དུ་ཡོད་ཚད་རྟོགས་སོང་། ཁོས་རང་ཉིད་ཀྱི་གུ་དོག་པའི་སེམས་པ་དང་། སྐད་ཅིག་ཉིད་ཀྱི་ང་རྒྱལ་གྱིས་རང་ཡུལ་དང་ཆུང་མ་ཤུལ་དུ་བསྐྱུར་ནས་གནས་མཆོག་ལྷ་སར་ཡོང་བའི་བྱ་སྤྱོད་དག་ལ་སེམས་གཏིང་ནས་ཚིག་པ་ཟ་བཞིན་འགྱོད་གདུང་གི་མཆི་མ་བར་མེད་བཞུར། ཁོས་སླར་ཡང་ཆུང་མའི་བརྩེ་བས་ཕྱུག་པའི་ངོ་གདོང་དང་། རང་ཉིད་ཁོ་ན་རེ་སྒུག་བྱེད་བཞིན་པའི་ངང་ཚུལ་དག་ཡིད་ལ་ལྷང་ལྷང་དུ་དྲན་འོང་། སྐབས་དེ་དུས། ཨར་ཁང་གི་སྒྲ་དབྱངས་ཀྱང་རིམ་གྱིས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཞིང་། གནས་དེར་འདུས་ནས་ཆང་འཐུང་བཞིན་པའི་མི་དེ་དག་ཀྱང་དལ་གྱིས་རང་ཁྱིམ་གྱི་ཕྱོགས་སུ་ལོག་བཞིན་འདུག ཁོས་ད་གཟོད་མི་ཞིག་ལ་མཚོན་ན། ཁྱིམ་ཚང་ཞེས་པ་ཅི་འདྲའི་གལ་འགངས་ཆེ་ཚུལ་དལ་གྱིས་རྟོགས་བྱུང་། ལྷག་པར་དུ། བུད་མེད་ཅིག་གིས་ལུས་ངག་ཡིད་གསུམ་གྱིས་རང་ཉིད་ཕྱིར་ལོག་ཡོང་རྒྱུར་རེ་སྒུག་བྱེད་པ་དེ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་ཡིན་པ་གཞི་ནས་ཤེས་སོང་། ཁོའི་མིག་མཐར་མཆི་མ་འཁྱིལ་བྱུང་། མཆི་མ་དེ་ནི་འགྱོད་གདུང་གི་མཆི་མ་ཡིན་ལ། སེམས་འགུལ་གྱི་མིག་ཆུ་ཞིག་ཀྱང་ཅི་ལ་མིན།
ལྔ།
ཁོ་རང་སྔ་མོ་ནས་མལ་ལས་ལངས་འདུག རྒྱུན་གཏན་ལྟར་ཁོས་ལྷ་སའི་ཉེ་འགྲམ་གྱི་དགོན་སྡེ་ཁག་དུ་མཆོད་མཇལ་ལ་སོང་། ལམ་བར་དུ་ཁོས་མ་ཎི་བསྐོར་བཞིན་གླིང་བསྐོར་ལ་ཕེབས་པའི་དད་ལྡན་པ་དུ་མའི་བྱམས་དང་སྙིང་རྗེས་ཕྱུག་པའི་བཞིན་རས་རེ་རེ་དང་། རྐྱང་ཕྱག་འཚལ་མཁན་གྱི་གནས་སྐོར་བ་མང་དག་ཅིག་གི་ནག་ནོག་བྲལ་བའི་དྭངས་གཙང་གི་དད་སེམས་ཡིད་ཀྱིས་ཚོར་ཐུབ་པ་བྱུང་ལ། ཉེ་འཁོར་གྱི་དྭ་ཕྲུག་ཁང་ནང་གི་དགེ་རྒན་ཚོས་སྒེར་སེམས་མེད་པར་ཕ་མ་མེད་པའི་བུ་ཕྲུག་ཚོ་ལ་བྱམས་བརྩེའི་ངང་དྲོད་ཁོལ་སྦྱིན་བཞིན་པ་མིག་གིས་རིག་བྱུང་། ད་དུང་རྒན་གསོ་ཁང་ནང་གི་ཡིད་སེམས་འགུལ་བའི་སྣང་བརྙན་རེ་རེས་ཁོའི་སེམས་ལ་གློ་བུར་དུ་དྲོད་ཁོལ་ཅིག་རྒྱས་བྱུང་། དྲོད་ཁོལ་དེས་ཁོའི་སེམས་ཀྱི་ཁོང་ཁྲོ་དང་ང་རྒྱལ་རང་བཞིན་གྱིས་ཞི་བར་བྱས། དད་ལྡན་མང་ཚོའི་གཡའ་མེད་དྲི་བྲལ་གྱི་དད་སེམས་དང་། བརྩེ་བ་དང་སྙིང་རྗེའི་བདག་ཉིད་ཅན་གྱི་སྒེར་སེམས་མེད་པའི་བརྩེ་འདང་དག་དྲན་དུས། ཁོས་རང་ཉིད་ཀྱི་བསམ་སྦྱོར་ལ་སྙིང་ཁོང་ནས་ཚིག་པ་ཟ་འོང་། ཁོས་གློ་བུར་དུ་གྲོགས་མེད་ཁེར་བུར་ལུས་པའི་རྒྱང་རིང་གི་ཆུང་མ་དྲན་བྱུང་། ད་ལྟ་ཁོས་རང་གི་ཆུང་མ་ལྷག་ཏུ་དྲན།སྐྱ་རེངས་ཤར་སོང་། ཨ་ཇོ་རྣམ་རྒྱལ་གྱིས་འགྱོད་བཤགས་ཀྱི་བསམ་པ་རུམ་གང་འཁྱེར་ནས་རང་གི་ཆུང་མ་ཡོད་སའི་ཡར་ལུང་གྲོང་ཚོའི་ཕྱོགས་སུ་ཁ་ལོ་བསྒྱུར་སོང་། ལམ་བར་དུ་མདང་ནུབ་གྲོགས་པོ་བསྟན་འཛིན་གྱིས་བཤད་པའི་སྐད་ཆ་དེ་དག་རེས་མོས་ཀྱིས་ཁོའི་ཀླད་པའི་ནང་ལྡིང་འཁོར་རྒྱག་འོང་། གྲོགས་པོ་བསྟན་འཛིན་གྱིས་བཤད་པའི་སྐད་ཆའི་ནང་དོན་དག་ཉན་རྗེས། ཁོའི་སེམས་པ་ལྷོད་ལ་བབས་བྱུང་། ད་ནི་ཡུན་རིང་ཁོའི་སེམས་སུ་ཉར་བའི་རྡོག་ཁྲེས་ལྕི་མོ་དེའང་གར་སོང་ཆ་མེད་དུ་གྱུར་ཏེ་ཆུང་མའི་ཐོག་ཏུ་ཁོང་ཁྲོ་བྱ་རྒྱུ་ལྟ་ཅི། ད་ལྟ་ཁོས་གང་མགྱོགས་ཆུང་མ་དང་ལྷན་ འཛོམས་བྱུང་ན་ཅི་མ་རུང་ཨང་སྙམ། དེ་ནི་བཟོད་སྒོམ་དང་གུ་ཡངས་ཀྱི་དགེ་མཚན་རེད། བཟོད་སྒོམ་དང་གུ་ཡངས་བྱས་པ་དེས་ད་ལྟ་རང་སེམས་ལ་ན་ཟུག་མེད་པར་སེམས་པ་ཧྲིལ་བོ་ལྷོད་ལ་བབས་འདུག ད་ནི་ཁོས་ཆུང་མར་གུ་ཡངས་བཏང་ཟིན་ལ་རང་ཉིད་ལའང་གུ་ཡངས་ཤིག་བཏང་སོང་། ཁོས་ད་གཟོད་“འཇིག་རྟེན་གྱི་འཁོར་བ་ཁབ་ཀྱི་རྩེ་མོ་འདྲ། བདེ་བ་འདོད་པ་འདོད་པའི་གནས་མ་ཡིན། ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་པ་ཡིན། སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། སེམས་ངན་འཆང་ནས་མ་ཎི་བགྲང་བ་ལས། སེམས་བཟང་བསྐྱེད་ནས་གླུ་ཆུང་ལེན་པ་དགའ”ཞེས་པའི་གླུ་ཚིག་དེའི་ནང་དོན་ཁོང་དུ་ཆུད་སོང་།
ཁོ་རང་ཡར་ཀླུང་གྲོང་ཚོར་སླེབས་དུས་ཉི་མ་ཆུ་ལྷའི་ཕང་བར་བཞུད་ལ་ཉེ། སྡེ་བའི་རྫི་བོ་རྣམས་ཀྱིས་ལུག་ཁྱུ་དེད་བཞིན་རང་ཁྱིམ་གྱི་ཕྱོགས་སུ་ལོག་བཞིན་འདུག ཁོས་རང་གི་སྒྱེ་མོ་ཆུང་ཆུང་དེ་ལག་ཏུ་འཁུར་ནས་ཐད་ཀར་རང་ཁྱིམ་གྱི་ཕྱོགས་སུ་བུད། ཁྱིམ་གྱི་སྒོ་ཁར་སླེབས་རྗེས་ཁོས་ད་གཟོད་ཁྱིམ་གྱི་སྒོ་ལ་ལྕགས་ཟྭ་ཆེན་པོ་ཞིག་བརྒྱབ་སྟེ་ནང་དུ་འདུག་མཁན་ཅི་ཡང་མེད་པ་ཤེས། ཁོའི་སེམས་པ་བློང་བློང་པོར་གྱུར་སོང་། “ཆུང་མ་གང་དུ་བུད་སོང་བ་ཡིན”ཁོས་དེ་ལྟར་ཆིག་ལབ་རྒྱག་ཞོར་ཐེ་ཚོམ་གྱི་དྲ་བར་ཚུད། ཁོ་མོས་དུས་ནམ་ཡང་ང་ཕྱིར་ལོག་རྒྱུར་རེ་སྒུག་བྱས་ནས་འདུག་ངེས་ཞེས་ལབ་པ་མ་ཡིན་ནམ། འོན་ཀྱང་ང་ཕྱིར་ཁྱིམ་དུ་སླེབས་དུས་ཁོ་མོའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པ་ཅི། ཁོའི་སེམས་ལ་གློ་བུར་དུ་ཕངས་སེམས་དྲག་པོ་ཞིག་སྐྱེས་བྱུང་། ཁོས་དེ་འཕྲལ་ཁྱིམ་མཚེས་ཀྱི་གམ་དུ་སོང་ནས་ཆུང་མ་གང་ལ་སོང་བའི་སྐོར་སྐད་ཆ་དྲི་བར་ཕྱིན། ཁྱིམ་མཚེས་ཚོས་ཟེར་ན། བུད་མེད་དེས་ད་རེག་བར་དུ་རྒྱང་རིང་གི་ཉི་མ་ལྷ་སའི་ཕྱོགས་སུ་མིག་ཟུང་ཅེར་བཞིན་ཁྱོད་ཕྱིར་ལོག་ཡོང་རྒྱུར་སྐོམ་པ་ཆུ་འདོད་ལྟར་གྱི་རེ་སྒུག་བྱེད་བཞིན་མཆིས། ཁོ་མོས་བཞུད་ཟིན་པའི་ལོ་ཟླ་དེ་དག་གི་ནང་མི་ཁ་མང་དག་ཅིག་རྒྱབ་ཏུ་འཁུར་ནས་སྐྱོ་གདུང་གི་ཁྲོད་དུ་ཁྱོད་ཁོ་ན་དྲན་བཞིན་འདུག་ཟེར། ཟླ་བ་གཅིག་གི་ཡར་སྔོན་དུ་ད་གཟོད་མོ་གནས་དེར་འདུག་ཐབས་མེད་པར་ལྷ་སར་ཁྱོད་འཚོལ་དུ་བུད་སོང་ཟེར། ཁྱིམ་མཚེས་ཀྱི་སྐད་ཆ་དེ་དག་ཐོས་པས་ཁོས་རང་ཉིད་ལ་འཁང་ར་སྐྱེས་ཞོར་རང་ཉིད་ཀྱི་ཆུང་མ་ཐུག་འདོད་ཀྱི་འདུན་པ་མེ་ལྕེ་བཞིན་དྲག་ཏུ་མཆེད་བྱུང་། ཁོས་དེ་འཕྲལ་རླངས་འཁོར་འབབ་ཚིགས་སུ་བསྐྱོད་དེ་ལྷ་སར་བསྐྱོད་པའི་ལམ་ལ་ཞུགས།
ཕྱི་ཉིན་ཞོགས་པར་ཨ་ཇོ་རྣམ་རྒྱལ་གྱིས་བུ་མོ་ཆུང་ཆུང་ཞིག་པང་དུ་འཁུར་བཞིན་ལྷ་སའི་གཙུག་ལག་ཁང་དུ་མཆོད་མཇལ་ལ་འགྲོ་བཞིན་འདུག ད་ལྟ་ཨ་ཇོ་རྣམ་རྒྱལ་གྱི་ངོ་གདོང་གི་ཁྱོན་ལ་འཛུམ་མདངས་ཀྱིས་ཕྱུག་ཅིང་། འཛུམ་ མདངས་དེ་ནི་འདབ་བརྒྱ་ལྷུག་པོར་གྲོལ་བའི་མེ་ཏོག་གི་འདབ་མ་ཞིག་དང་འདྲ་བར་དགའ་ཚོར་དང་སྐྱིད་སྣང་གི་སྣང་བས་ཕྱུག་འདུག རེད་ཨང་། གུ་ཡངས་དེའི་བཀའ་དྲིན་གྱིས་ཁོ་ལ་ད་ལྟ་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་དང་། ཆུང་མའི་ལྷད་མེད་ཀྱི་བརྩེ་བ་ཐོབ་པར་གྱུར་ལ། ད་དུང་རང་ཉིད་ལ་ཨ་ཕར་འབོད་པའི་བྱིས་པ་ཡི་གར་འོང་བ་ཞིག་ཀྱང་མི་ཚེའི་འདུག་རོགས་སུ་རྙེད་བྱུང་།
ལྷ་སའི་ནམ་མཁའ་གཡའ་དག་ལ། ཉི་འོད་ཧ་ཅང་འཇམ། ཆུང་མས་མཆོད་མར་དང་བདུག་སྤོས་སོགས་ལག་ཏུ་བསྣམས་ནས་དགོད་འཛུམ་འཛུམ་གྱིས་ཁོའི་རྗེས་བསྙེགས་ནས་འོང་། ཁོ་མོའི་དགོད་སྒྲ་དེ་དྲིལ་ཆུང་གི་སྒྲ་སྙན་མོ་ཞིག་དང་ཧ་ཅང་མཚུངས། དགོད་སྒྲ་དེས་ཞོགས་པའི་ཁུ་སིམ་གྱི་ལྷིང་འཇགས་དཀྲོགས་སོང་། གཡོ་ཟོལ་བྲལ་བའི་དགོད་སྒྲ་སྙན་མོ་དེས་ཁོ་ཚོའི་འཚོ་བ་ལ་མཚར་སྡུག་གི་ཁ་དོག་གསར་བ་ཞིག་བསྣན་བྱུང་། དེ་ནི་ནང་སེམས་ནས་བཞུར་བའི་བདེ་སྐྱིད་ཀྱི་དགོད་སྒྲ་ཞིག་ཡིན་ལ། འཚོ་བ་གསར་བ་ཞིག་གི་དབུ་ཁྱུད་འབྲི་བའི་བཀྲ་ཤིས་རྟེན་འབྲེལ་གྱི་དགའ་འབོད་ཅིག་ཀྱང་ཡིན་པ་གདོན་མི་ཟའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།