ཆོས་དབྱངས་དར་རྒྱས་ཀྱི་སྙན་རྩོམ《མཆོད་པ་གསུམ》འོས་སྦྱོར།
མཆོད་པ་གསུམ།
ཆོས་དབྱངས་དར་རྒྱས།
ཡུལ་གངས་ལྗོངས་སྐྱིད་པའི་ལུང་པ་ན།
སྟེང་སུམ་རྩེན་ལྷ་ལས་འབབ་འདྲ་བའི།
ཁྱེད་འཁྱོག་འགྲོས་དལ་འགྲོ་གསེར་ལྡན་མ།
དྭངས་གསལ་ལེར་ཡུལ་ཕྱོགས་གང་དུ་འགྲོ།
ཡིད་མཆོད་པ་ཆུ་བོས་འཕེན་པ་འདི།
མགོན་མཆོག་གསུམ་དགྱེས་པའི་སྨོན་ལམ་ཡིན།
མཛེས་མེ་ཏོག་བཞད་པའི་སྐྱེད་ཚལ་ན།
འདབ་བརྒྱད་ལྡན་པད་མའི་གེ་སར་གྱི།
བཅུད་ལེན་མཁས་རྐང་དྲུག་གཞོན་ནུའི་ཚོགས།
སྙན་གླུ་ཆུང་ལེན་བཞིན་གང་ནས་འོང་།
ངག་མཆོད་པ་གླུ་ཡིས་འཕེན་པ་འདི །
མ་འགྲོ་དྲུག་བདེ་བའི་སྨོན་ལམ་ཡིན།
སྤང་ཡངས་པོ་གོས་ཀྱི་གདན་སྟེང་ན།
མདོག་སྣ་མང་མེ་ཏོག་རྣམ་པར་བཀྲ།
ཁྲ་ལམ་མེར་ལང་ཚོ་རྒྱས་པའི་དཔལ།
འཛུམ་ཤིགས་སེ་ད་ལོ་བདེ་ལེགས་སམ།
ལུས་མཆོད་པ་ལང་ཚོས་འཕེན་པ་འདི།
བོད་གངས་ལྗོངས་དར་བའི་སྨོན་ལམ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com