ཐོ་ཡོར་གྱི་བཅད་རྩོམ《སྐར་འོད་ལམ་ལམ་བསིལ》།
རྩོམ་པ་པོ།:ཐོ་ཡོར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-08-10 09:01:00
ཀློག་གྲངས།:
སྐར་འོད་ལམ་ལམ་བསིལ།
ཐོ་ཡོར།(དཀར་མཛེས།)
ཁ་སང་སྟེས་དབང་གིས་སྣང་བ་བསེད་པའི་ཁྱོད་རང་མཐོང་།།
གོམ་འདྲིས་མེད་པའི་ཁྱོད་ཆུ་ནང་ཤར་བའི་སྐར་མའི་འོད།།
སྐར་འོད་ལམ་ལམ་བསིལ་དཔྱིད་ཀའི་རྨི་ལམ་རིང་བ་ལ།།
སྨིན་མ་ཆུ་ལ་བྱང་རྒྱབ་གཟུགས་འཇའ་ཡི་ལོ་མར་གྲུབ།།
མིག་གིས་ལྟ་ཕོད་དམ་མཆུ་སྒྲོས་གཡང་ལ་ཟིལ་བ་དཔྱངས།།
སྣང་བའི་ཕོད་ཀ་ནས་དལ་བུར་འགུལ་ཞིང་དལ་བུར་འགྲོ །
མཁོས་ཞན་གདུང་བ་ལ་ཕྱིར་མིག་ཕྲ་མོའི་སྨན་ཞིག་གནོང་།།
རླུང་བུ་མ་གཡོ་ལགས་མིག་གི་མེ་ཏོག་ཟིམ་པར་ཕངས་།།
སྐྱེ་དངོས་གཞན་དག་ཀྱང་སྐད་ཅིག་ཙམ་ལ་སྐྱུང་བར་ཞུ།།
འཁོར་བའི་བར་གསེང་ནས་སྣང་བར་སིམ་པའི་འུག་ཆོས་དེ།།
ལན་གཅིག་ཤར་བ་ན་སྙིང་གའི་རྩ་ཡང་བདེ་བར་གཟིམས།།
མགོ་དཀྲིས་སྔོ་སྐྱ་དེ་རླུང་གིས་ཨེན་ཙམ་ལྷོད་པའི་མོད།།
ཚེ་རབས་སྔོན་མ་ཡི་ལས་འཕྲོའི་གསང་བའི་མདུད་པ་གྲོལ།།
སེམས་ཀྱི་ཕད་ཀ་ནས་ཅི་ཞིག་ས་ལ་ལྷུང་བ་འདྲ།།
གདུང་བའི་མཚོ་ངོག་ན་ཟླ་འོད་བུམ་པའི་ཕྱེ་ལེབ་འཕུར།།
ཁྱེད་རང་དེ་ལྟར་ཕེབས་འཁྲེངས་སེམས་མེད་པར་ག་པར་ཕྱིན།།
ལས་ཀྱི་ལྷ་དེ་ལ་སྨོན་ལམ་དར་དཀར་ཡུག་གཅིག་འཐེན།།
འདས་པའི་མཛེས་སྡུག་རྣམས་སྐད་ཅིག་ཙམ་ལ་ཕྱིར་ཕེབས་གནོང་།།
བཟི་བོའི་སྒེའུ་ཁུང་ཁར་ཚངས་དབྱངས་རྒྱ་མཚོའི་རྨི་ལམ་འཕུར།།
2015.5.5.ཉིན་འོམ་རུང་མདོ་ནས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།