དངོས་གནས་དགོས་གལ་ཆེ་བ་གང་རེད།
རྩོམ་པ་པོ།:རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-08-04 09:36:00
ཀློག་གྲངས།:
དངོས་གནས་དགོས་གལ་ཆེ་བ་གང་རེད།
རུ་མང་ཀླུ་མཁར་རྒྱལ་གྱིས《做人与处世》ལས་བདམས་ཏེ་བསྒྱུར།
བསྐྱར་དུ་ཡོད་མི་སྲིད་པ་ནི་ཉི་འཆར་དང་གོ་སྐབས། ཉིན་མཚན་དུས་དྲུག་སོགས་ཡིན། ཁྱོད་ཀྱིས་གསོག་འཇོག་བྱས་པ་རྩ་ཆེ་བའམ་ཡང་ན་བརྗིད་ཆེ་ཟིན་པ་སྟེ་གང་ཡིན་རུང་ཚང་མ་གཞན་པར་སྟེར་དགོས་ཀྱི།
ཁྱོད་ཀྱི་རྒྱུ་ནོར་དང་སྙན་གྲགས། གནས་སྐབས་ཀྱི་དབང་ཆ་སོགས་ཚང་མ་མི་འགྱངས་བར་ཤུལ་མེད་དུ་འགྱུར་ཞིང་ཁྱོད་ལ་ཉེ་སྔོན་ལྡན་པའམ་ཡང་ན་གཞན་པར་བསྟིམ་པ་གང་ཡིན་རུང་མི་འགྱངས་བར་དགོས་གལ་མི་ཆེ་བར་འགྱུར།
ཁྱོད་ཀྱི་སེར་སྣ་དང་འཁོན་སེམས། བློ་ཕམ། ཕྲག་དོག་ཚང་མ་མི་འགྱངས་བར་གར་སོང་ཆ་མེད་དུ་འགྱུར། དེ་དང་འདྲ་བར་ཁྱོད་ཀྱི་རེ་འདོད་དང་དཔའ་སྤོབས། འཆར་གཞི། འགྲོ་ལུགས་རེའུ་མིག་སོགས་ཀྱང་མི་འགྱངས་བར་བསྐྱར་དུ་གནས་མི་ཐུབ།
ཉེ་སྔོན་དེ་འདྲའི་དགོས་གལ་ཆེ་འདྲའི་ཁེ་གྱོང་རིམ་གྱིས་ཡལ་འགྲོ ཁྱོད་གང་ནས་ཡོང་ཞིང་ཉེ་སྔོན་ཇི་ལྟར་འཚོ་ཐབས་བཙལ་བ་སོགས་ཀྱང་མཐར་ཡོད་ཚད་ལ་དགོས་གལ་སྤུ་ཙམ་མེད་པར་འགྱུར།
ཉེ་སྔོན་ཁྱོད་ནི་མེ་ཏོག་ལྟར་མཛེས་པའམ་ཡང་ན་རིག་པ་གྲུང་ཤོས་དེ་ཡིན་ཀྱང་ཚང་མར་དོན་སྙིང་མི་ལྡན་པར་ཐ་ན་ཁྱོད་ཀྱི་ཕོ་མོའི་དབྱེ་བ་དང་གདོང་མདོག་སོགས་ཀྱི་དོན་སྙིང་ཡང་ཡལ་སྲིད་པ་ཡིན།
འོ་ན་དངོས་གནས་དགོས་གལ་ཆེ་བ་གང་རེད།ཁྱོད་ཀྱི་འཚོ་བཞེས་རིང་གི་རིན་ཐང་ལ་ཇི་ལྟར་གདེང་འཇོག་བྱེད་དགོས་སམ།
དངོས་གནས་དགོས་གལ་ཆེ་བ་ཁྱོད་ཀྱི་ཐོབ་ཆ་མ་ཡིན་པར་ཁྱོད་ཀྱི་ཁྱོད་ཀྱི་གསར་གཏོད་ཡིན། ཁྱོད་ཀྱི་ཚུར་ལེན་མ་ཡིན་པར་ཁྱོད་ཀྱི་གཏོང་ཕོད་ཡིན།
དངོས་གནས་དགོས་གལ་ཆེ་བ་ཁྱོད་ལ་ཐོབ་ཟིན་པའི་གྲུབ་འབྲས་མ་ཡིན་པར་ཁྱོད་ཀྱིས་གསོག་ཟིན་པའི་དོན་སྙིང་ཡིན།
ཁྱོད་ཀྱི་སྦྱངས་ཟིན་པ་མ་ཡིན་པར་ཁྱོད་ཀྱིས་གཞན་པར་ཁྲིད་པའི་སློབ་སྟོན་ཡིན།
ཁྱོད་ཀྱི་ནུས་པ་མ་ཡིན་པར་ཁྱོད་ཀྱི་ཐོབ་ཐང་ཡིན།
ཁྱོད་ཀྱིས་མི་ཅི་ཙམ་ངོ་ཤེས་པ་མ་ཡིན་པར་མི་ཅི་ཙམ་གྱིས་ཁྱོད་དང་ཁ་བྲལ་པར་གདུང་བ་སྐྱེས་པ་དེ་ཡིན།
ཁྱོད་ཀྱི་དྲན་ཤེས་མ་ཡིན་པར་ཁྱོད་ལ་དགའ་མཁན་གྱི་མི་དེའི་སེམས་ཁོངས་ཀྱི་ཕྱིར་དྲན་ཡིན།
དོན་སྙིང་ལྡན་ཞིང་ཅི་བསམ་གང་འགྲུབ་ཀྱི་མི་ཚེ་ཞིག་སྐྱེལ་བ་དེ་གནས་བབ་ཀྱིས་ཐག་གཅོད་པ་མ་ཡིན་པར་གདམ་ག་ཡིས་ཐག་གཅོད་པ་ཡིན།
དོན་སྙིང་ལྡན་པའི་མི་ཚེ་ཞིག་བདམས་ནས་འཚོ་བ་སྐྱེལ་དང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།