ཨ་རིར་འཁྱམ་པའི་ཟིན་བྲིས་མྱུར་མགྱོགས་མ།
རྩོམ་པ་པོ།:བོན་སྐོར་སྙིང་ལྕགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-27 09:18:00
ཀློག་གྲངས།:
ཨ་རིར་འཁྱམ་པའི་ཟིན་བྲིས་མྱུར་མགྱོགས་མ།
བོན་སྐོར་སྙིང་ལྕགས།
ཕྲན་གྱིས་ཡུལ་དེའི་སློབ་ཆེན་དང་།།
བཤམས་སྟོན་ཁང་དང་དཔེ་མཛོད་ཁང་།།
དེ་གསུམ་ཤོར་དུ་བཅུག་པ་མིན།།
ཡུལ་ཕྱོགས་སོ་སོའི་ལོ་རྒྱུས་དང་།།
རིག་གནས་དཔལ་འབྱོར་སློབ་གསོ་བཅས།།
དཔལ་ཡོན་འཕེལ་རྒྱས་རྟོགས་བསམ་ན།།
དེ་གསུམ་བརྒྱུད་ནས་ཤེས་པར་བྱ།།
གཞན་ཡང་བགྲང་གིས་མི་ལང་པ།།
དཔེར་ན་བཟའ་བཏུང་གྱོན་ཆས་དང་།།
མཚན་ལྗོངས་ཡུལ་སྐོར་ལ་སོགས་མོད།།
ཡིན་ཡང་དུས་བསྟུན་ཕལ་བར་འཇོག།
བཤམས་སྟོན་དཔེ་ཁང་ཇི་ཉུལ་ཡང་།།
བོད་ཀྱི་དཔེ་མཚོན་ཏོག་ཙམ་མཆིས།།
སྟོན་པའི་དབུ་སྣ་མི་བཞུགས་སོགས།།
ཕལ་ཆེར་ཀླ་ཀློའི་ཆོས་ལ་རག།
ལྷོ་བྱང་གླིང་བདུན་མི་རིགས་བྱིངས།།
ཁང་མིག་སྟོང་ཕྲག་ནང་དུ་འདུ།།
སོ་སོའི་རིག་དངོས་ཇི་སྙེད་མངོན།།
ཡིན་ཡང་ལོ་རྒྱུས་མ་ཤེས་རྨོངས།།
གནའ་དེང་འཛམ་གླིང་ཤེས་རིག་ཡོངས།།
ཧ་ལམ་དབྱིན་ཡིག་མཛོད་དུ་འདུ།།
ནུབ་ཕྱོགས་སོགས་ལ་ཤོར་ཟིན་པའི།།
བོད་ཀྱི་ནང་ཆོས་འོས་ཙམ་བདོག།།
སློབ་ཆེན་ཚན་ཁག་ཁྲི་མ་འབུམ།།
ཆེད་ལས་སྣ་མང་གཞན་ན་མེད།།
ཡུལ་ལུང་མི་གཅིག་སློབ་གྲྭ་བ།།
ཤེས་བྱའི་མཛོད་ལ་ཐིམ་ནས་ཡོད།།
གོ་ལའི་འཕེལ་རྒྱས་སྤྱི་ནས་དཔྱད།།
ལས་རྐང་ཡུལ་ལུང་སོ་སོར་འཛུགས།།
སྲིད་དཔལ་རིག་གསུམ་གང་ཡིན་ཡང་།།
དཔལ་འབྱོར་ཐོད་པའི་གཙུག་ལ་འཛིན།།
རིགས་རུས་ཡུལ་སྲོལ་མི་འདྲ་ཡང་།།
རྒན་སློབ་མཚམས་ན་བར་ཐག་དཀོན།།
སློབ་ཁྲིད་འདྲི་ཚིག་ཞོར་དུ་འགྲོ།
འདྲི་ཚིག་ཟབ་མོར་ངེས་པ་གནད།།
2015/05/2
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།