ཚེར་མའི་སྙན་རྩོམ་ཁག་བཞི་བདམས་བཀོད།
ཀ་རྩོམ་དྲན་གསོའི་སྨན་མཆོག
ཚེར་མ།༼མདོ་ལྷོ༽
འགྱུར་མེད་བསམ་བློ་ཀ་རྡོ་ལྟ་བུའི་སྤོབས།།ལ་རྒྱའི་སྐད་ཆ་་ཁ་ཙམ་བཤད་པ་མིན།།
དཀའ་སྡུག་ཆེ་ཡང་ག་དུས་དུས་ནས་བཟུང།།
མུན་ཚང་འཇོམས་མཁན་ང་ཡི་སློབ་དཔོན་ལགས།།
ཅ་ཅོའི་འུར་གཏམ་ཆེན་པོར་མི་གཡེང་བར།།
ཆ་མེད་སློབ་དཔོན་དག་གི་དབུ་ཁྲིད་འོག།
ཉ་ཉོག་གཏམ་གྱི་ཁ་ལ་དགྲར་ལངས་ཏེ།།
མི་འགྱུར་རང་བཞིན་ཏན་ཏན་གཞུང་ལུགས་ཕྱོགས།།
ལེ་ལོ་སྒྱིད་ལུག་ཐ་མའི་སྤྱོད་པ་དག།
མི་མངོན་མཐའ་རུ་དྭྭ་ཕྲུག་བཞིན་དུ་སྤྱུགས།།
ལང་ཚོའི་གཟི་དཔལ་ན་ཚོད་གཞོན་པའི་དུས།།
པ་ཏྲ་ལྟ་བུའི་ཡུལ་གྲུར་འདོམས་འཇལ་ནས།།
ཕ་མཐའ་མེད་པའི་རང་གི་གཞུང་ལུགས་ལ།།
བག་ཕེབས་ངང་ནས་བརྩོན་པ་རྒྱུན་བཞིན་བསྟེན།།
མ་སྤུན་རང་གི་རིགས་ལ་ཞབས་འདེགས་མཁན།།
རྒྱ་གར་བལ་བོ་ཙ་རའི་གནས་དག་ན།།
ངན་སྨྲས་ཕྲག་དོག་ཚ་རྦབས་འཕྱུར་ན་ཡང་།།
རང་གི་དམ་ཚིག་ཛ་ཏིའི་ཤིང་བཞིན་དུ།།
ངལ་དུབ་དཀའ་སྡུག་ཝ་ལེར་མེད་པའི་ངང་།།
ཞ་ར་ཞ་བོའི་རྟུལ་ཞུགས་མ་གཟབ་པར།།
ཟ་མ་ངན་ངོན་ཕྱོགས་ལ་མ་གཟབ་པར།།
འ་ཅག་མི་རིགས་མདུན་སྐྱོད་ལམ་གྱི་ཆེད།།
ཡ་ཐོག་བཙན་་པོའི་སྐབས་ཀྱི་ལོ་རྒྱུས་དག
དག་གཙང་གནས་མཆོག་ར་རིས་མ་གོས་པའི།།
གངས་ལྗོངས་བཙན་པོའི་ཡུལ་ལ་རྟེན་དུ་ཕུལ།།
འགྱུར་མེད་དཔའ་སེམས་ཤ་སྟག་སྒོམ་ནས་ནི།།
མཛེས་པའི་ཡུལ་གྲུ་ས་ལའི་སྨན་ལྗོངས་ཕེབས།།
ཧ་ཅང་མུན་པས་ཁེངས་པའི་བཙན་པོའི་ཡུལ།།
ཨ་ལི་སུམ་ཅུའི་སྒྲོན་མེ་སྒྲོན་མཁན་པོ།།
སློབ་དཔོན་ཐོན་མིའི་ཞབས་ལ་ཕྱག་འཚལ་ལོ།།
2014/11.23
སྙིང་གཏམ་ཁ་ཚ་མ།
ཨ་མའི་ངག་ལས་བྱུང་བའི་སྙིང་གཏམ་ཏེ།།ཧ་ཅང་བཙོག་གི་བསམ་ནས་མ་ཉན་པར།།
ས་མཐའི་གྲོང་བར་མྱུར་ལ་རྒྱ་སོགས།།
ཤ་རུས་མི་གཅིག་མི་བུ་འགའ་དང་ལྷན་དུ།།
ལང་ཤོར་ཐེའུ་རང་བཞིན་དུ་ཡར་མར་མྱུལ།།
ར་མ་ལུག་གི་སྤྱོད་པའི་རྒྱུན་བསྲིངས་ནས།།
ཡ་མ་བརླ་ཡིས་བྱ་བ་མང་བསྒྲུབསནས།།
འ་ཡོ་བཞིན་དུ་གཞན་གྱི་སྒོར་འགྲིམ་ནས།།
ཟ་འཕྲོད་འཐུང་འཕྲོད་ཕྱོགས་འབད་བཞིན་དུ།།
ཞ་ལུའི་དུས་ཀྱི་ན་ཚོད་གཞོན་པའི་དུས།།
ཝ་སྐྱེས་བཞིན་དུ་རང་ཉིད་འདི་ལྟར་བརླགས།།
ཛ་དྲག་ལྡན་པའི་ད་ལྟའི་དུས་རབས་འདིར།།
ཚ་ཁུ་འཐུང་བས་སྐོམ་པ་མི་སེལ་བཞིན།།
ཙག་ཙག་བྱ་བ་བསྒྲུབས་ན་དེ་བཞིན་ནོ།།
མ་ཅང་རྩེད་རིགས་ལ་སོགས་མི་གཡེང་བར།།
བ་རྒྱ་བཙན་པའི་སྤྱོད་པ་རིང་དོར་ནས།།
ཕ་མའི་གསུང་བ་ཛི་བཞིན་ལག་ལེན་དུ།།
པ་ཏྲ་ལྟ་བུའི་འཇིག་རྟེན་མི་ཡུལ་ནས།།
ན་སོ་གཞོན་དུས་རང་གི་མ་འོངས་བར།།
ད་ལྟ་མི་རིང་དུས་ཚོད་དང་ལེན་དུ།།
ཐང་ཆེན་མེད་པར་ངལ་བའི་ལས་ལ་བརྩོན།།
ཏ་ཀུ་འཛིན་པའི་དུས་ལ་སླེབས་དུས་སུ།།
ཉམ་ཐག་ལུས་ཕུང་གིས་ཀྱང་མིལྕོགས་པས།།
ཇ་ཆང་རོལ་བའི་བསམ་ཡོད་རུང་ཀྱང་།།
ཆ་རྐྱེན་མེད་པས་སནརང་གི་སྤྲང་བོ་བཞིན།།
ཅ་ཅོའི་གཏམ་མང་བཤད་ན་རྙོག་འགྲོ་བས།།
ང་ཡིས་འདི་ཙམ་བཤད་པས་ཆོག་པར་བྱ།།
ག་ལོག་རྫུན་གཏམ་ཙམ་ཡོད་མ་མཆིས།།
ཁ་ནས་བཤད་པ་ཙམ་གྱི་མི་ཆོག་པས།།
ཀ་ཡེ་སྤྱི་ཚོགས་སྟེང་གི་འཁྱམ་པའི་ཚོགས།།
རང་ལ་དལ་འབྱོར་མི་ལུས་ཐོབ་ཡོད་དུས།།
རང་གིས་རང་ཉིད་དེ་ལྟར་བརླག་མ་འཇོག།
རང་ཉིད་ཅེས་བའི་མིང་བྱང་སྐམ་པོ་ཡང་།།
རང་གཅེས་བསམ་བློ་བརྟན་པོ་ཡོད་མ་ཡིན།
༢༠༡༤ ༡༢ ༦།
མལ་ཁང་ནས།
ཀ་རྩོམ་ཁ་དཀར་སེམས་དཀར།
ཨ་མའི་མིང་བྱང་འཁུར་བའི་བུད་མེད་ཚོགས།།ཧ་ཅང་སྡུག་བསྔལ་ཆེ་བའི་འཁོར་ངན་དུ།།
ས་རྐོ་རྡོ་སློག་བར་ནས་བརྣགས་འཛག་རུང་།།
ཤ་ཟད་རུས་ལ་མ་ཐུག་བར་དུ་ནི།།
ལ་ལུང་དཀྱོག་མཚམས་ཆེ་བའི་རི་ཀླུང་ཏུ།།
ར་མའི་ཚུལ་བཞིན་གཡང་གཟར་རི་ངོས་ན།།
ཡ་རེ་ཡོར་རེ་གཟུགས་པོརའཁྱར་འཁྱོར་ཏུ།།
འ་ཅག་མ་འོངས་འཚོ་བའི་ལོངས་སྤྱོད་ཆེད།།
ཟ་མཁས་འཐུང་མཁས་བྱས་ནས་ངལ་སྤྱོད་བྱེད།།
ཞ་ལུའི་དུས་ཀྱི་ལང་ཚོའི་མཚར་སྡུག་དེ།།
ཝ་མོའི་གཡོ་དང་སླད་ཀྱིས་མ་གོས་ཀྱང་།།
ཚ་གྲང་ཆེ་བའི་རི་ལུང་ཐང་གསུམ་དུ།།
ཙ་ན་ཡིན་ཡང་དུས་ཚོད་དམ་འཛིན་གྱིས།།
མ་འོངས་ལན་ཆགས་བུ་ངའི་མདུན་ལམ་སླད།།
བ་རྒྱའི་དྲ་བར་ཚུད་ཀྱང་འགྱོད་མེད་ངང་།།
ཕ་རོལ་རྐུན་ཇག་གདོང་ཁ་བཙན་ན་ཡང་།།
པ་ཏྲ་ལྟ་བུའི་མཚོ་བོད་མཐོ་སྒང་དུ།།
ན་གཞོན་དུས་ཀྱི་འཚོ་བ་རི་ནས་ཟད།།
ད་ལྟའི་མི་བུ་རྣམས་ཀྱི་རང་གཤིས་སུ།།
ཐ་ཤལ་སྤྱོད་པ་མང་པོ་མཆིས་སྲིད་པས།།
ཏ་ཀུ་འཛིན་ལ་ཉེ་བའི་ཕ་མ་ལ།།
ཉ་ཉོག་མ་བཤད་ཁ་ཚོད་འཛིན་བཞིན་མཆིས།།
ཇ་ཆང་ཟས་གོས་ལ་སོགས་མི་བྱིན་བར།།
ཆ་རྒྱུས་མེད་པའི་འཁྱམ་གྲོགས་འགའ་དང་ལྷན།།
ཅ་ཅོ་ཀློང་ན་ལོངས་སྤྱོད་རྒྱ་ཆེ་སྤེལ།།
ང་ཚོས་རྙེད་པར་དཀའ་བའི་ཕ་མ་ལ།།
ག་ལོག་བྱས་ནས་དུས་རྒྱུན་ཚིག་རྩུབ་སྨྲ།།
ཁ་བའི་བུ་ཚོར་བརྩེ་བའི་སེམས་ཡོད་ན།།
ཀ་མིན་དོན་གྱིས་ཕ་མར་སྲི་ཞུ་བསྒྲུབས།།
༢༠༡༤ ༡༢ ༡
སྐྱིད་པའི་ལྷ་སྲས་ལས་འཕྲོས་བའི་གཏམ།
ཀི་སོ་གཡུལ་ལས་རྒྱལ་བའི་བཙན་པོའི་དཔུང་།ཁུ་ཚུར་འུར་ཆ་ལ་སོགས་བརྟེན་ནས་ནི།
གེ་སར་ལྟ་བུའི་སེང་གོ་མི་ཆེན་ལམ་ཞུགས་ཚེ།
ངོ་ཚ་ཁ་སྐྱེངས་མེད་པའི་དྭགས་པོའི་ལྷ
ཅི་དྲག་ཐབས་ཀྱི་གཡུལ་སར་ཞུགས་ན་ཡང་།
ཆུ་རགས་ཁ་ཤོར་ལྟ་བུའི་གཡུལ་ར་སྟེ།
ཇེ་མཐོར་བཏང་ཡང་རང་སྡུག་རང་ཉིད་ཀྱི།
ཉོ་བར་མིན་པ་ཁོ་ལས་རྒྱལ་ཐབས་བྲལ།
ཏི་ཏིའི་སྙིང་དང་འདྲ་བའི་དྭགས་པོའི་ལྷ།
ཐུ་བྷོ་རྒྱལ་བོའི་འཕྲུལ་བའི་དམག་དཔུང་གིས།
དེ་རིང་སང་ལས་མ་འགྱངས་མཐར་བསྐྲད་ནས།
ནོ་འཁོལ་འདྲ་བའི་རྒྱལ་ངན་སྲོག་ཁྲིམས་བཅད།
པི་ཝང་ལ་སོགས་རོལ་ཆས་སྣ་ཚོགས་དག
ཕུ་རུ་བཞག་ནས་དགའ་བའི་སྐྱིད་ལ་རོལ།
ཕེ་རེག་ལ་སོགས་བཅུད་ལྡན་རིགས་དག
མོ་བཙུན་འཁོར་གཡོག་མཉམ་ཀྱི་ལོངས་སྤྱོད་ངང་།
ཙི་གུ་ཞེས་བའི་མིང་ངན་ཁོ་བོར་བཏགས།
ཚུལ་གྱིས་འདུལ་མཁན་བཙན་པོའི་དཔའ་ཆེན་ཁོས།
རྫེ་བཞིན་ཡོད་པའི་རང་གི་ཕུ་ཐུང་སོགས།
ཝོ་བརྒྱལ་མེད་པར་འོག་གི་འཁོར་གཡོག་གིས།
ཞི་འཇམ་ལྡན་པའི་དར་གོས་གང་ལེགས་གྱོན།
ཟུར་ཟ་ང་རྒྱལ་ཆེ་བའི་ཁྱུང་བོ་སྤུང་ཟད་སོགས།
འུ་སྒྲ་་དང་བཅས་ཟུར་ཟ་བྱེད་མོད་ཀྱང་།
ཡོ་བསྲང་མེད་པར་བཙན་པོའི་རྒྱལ་བོ་ཡིས།
རི་བོང་རྭ་ལྟར་གྱུར་བའི་མི་ཆེ་ཁོ་བོ་ལ།
ལུགས་དང་མཐུན་པའི་ཁོི་བོར་ཆོི་ལོ་བསྩལ།
ཤེས་རྒྱ་ཆེ་བའི་བློན་ཆེན་འགའ་ཞིག་གིས།
སོ་སོའི་ཐད་ནས་ཁོ་བོར་ངན་སྨྲས་བཞིན།
ཧིན་སྒྲ་དང་བཅས་ཁོ་ལ་འཕྱ་སྨོད་བྱས།
ཨེ་མ་འདི་འདྲའི་ཟུར་ཟའི་བར་གསེང་ནས།
སེང་གོ་མྱི་ཆེན་ཁོ་རང་དཔའ་མཚན་ཐོབ།
ཇི་འདྲའི་དཔའ་ངར་ལྡན་པའི་བཙན་པོའི་དཔུང་།
སེམས་དང་ལ་རྒྱ་ཅན་གྱི་བཙན་པོའི་རྒྱུད།
འདི་འདྲའི་མེས་པོར་ངོ་སོ་ཡར་ལ་བསྟོད།
༢༠༡༤ ༡༢ ༣།
དགོང་ཚོགས་སྟེང་གཤར་མར་བྲིས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com