གཟའ་ཉི་མ་སྙན་ངག་ཅིག་ཤར་མར་བྲིས།

རྩོམ་པ་པོ།:གངས་སྙེག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-12 09:20:00 ཀློག་གྲངས།:

གཟའ་ཉི་མ་སྙན་ངག་ཅིག་ཤར་མར་བྲིས།

ད་ལོའི་མཐར་ཕྱིན་སློབ་མར་ཕུལ།

                     གངས་སྙེག

ངལ་དུབ་ཀྱི་ལུས་པོ་འདི་རེ་ཞིག་སྐྱུར་ནས

སོས་དལ་གྱི་རྣམ་ཤེས་ལ་གཤོག་པ་སྤྲད

རང་དབང་གི་མཁའ་དབྱིངས་ན་ཉུལ་པའི་རྣམ་ཤེས

སུ་ཞིག་གིས་བསྟན་པའི་ཆོ་འཕྲུལ་བཞིན

གཟའ་ཉི་མའི་སྐྱ་རེངས་དང་མཉམ་དུ

ངའི་སྙན་ངག་གི་འཇིག་རྟེན་དུ་དྲངས་འོང

གཟའ་ཉི་མ་སྙན་ངག་ཅིག་ཤར་མར་བྲིས

 

གཟའ་ཉི་མ  ངས་མཁའ་དབུགས་དྭངས་མོ་ཞིག་སྣོམ་གྱིན

སློབ་རའི་མཁའ་དབྱིངས་སུ་མིག་ཉུལ་ཞིག་བྱས

སློབ་ར་ན ཤེས་རིག་གི་སྐྱེད་ཚལ་མགྲིན་པའི་བྱེའུ་ཁ་ཤས

ལྡིང་ཞིང་བསྐོར་བ་ངའི་མིག་གི་ལྗོངས་རྣམ་དུ་འཁོད་སོང

 

བྱེའུ་དེ  ད་ལོའི་ཟླ་དྲུག་པར་འཕུར་ནས་བུད་འགྲོ

སྐྱེད་ཚལ་གཞན་ཞིག་ཏུ་འཕུར་ནས་བུད་འགྲོ

མི་ལོ་གསུམ་གྱི་རྔུལ་ཁྲག་འཁུར་ནས་བུད་འགྲོ

རེ་བ་རུམ་གང་ཁྱེར་ནས་བུད་འགྲོ

 

བྱེའུ་དེ  མི་ལོ་གསུམ་གྱི་ཡར་སྔོན་ཞིག་ལ

གཤོག་པ་རྡེབ་བཞིན་སླེབས་འོང

སྐྱེད་ཚལ་འདི་རུ་སླེབས་འོང་བས

ང་ཨ་མ་གཡུ་སྒྲོན་གྱི་ལུས་སུ་ཞུགས་ནས

གཏམ་རྒྱུད་ཀྱི་ཕྱུག་པའི་ལྡུམ་ར་ཞིག་བསྒྲིགས

 

བྱེའུ་ལགས  གཤོག་རྩལ་གཉོམ་པའི་བྱེའུ་ལགས

ཤེས་རིག་གི་སྦྲང་ཆར་འཇོ་བའི་མཁའ་དབྱིངས་སུ

ཁྱོད་ཀྱི་གཤོག་སྣེ་བྲག་ལ་བརྡར་ཡོད་མེད་མ་ཤེས

ཁྱོད་ཀྱི་གཤོག་རྩལ་རླུང་ལ་འབྱར་ཡོད་མེད་མ་ཤེས

 

གང་ལྟར  ཟླ་དྲུག་པའི་མཁའ་དབྱིངས་སུ

ཁྱོད་ཀྱི་གཤོག་རྩལ་གྱིས་རི་མོ་ཞིག་འབྲི་དགོས་བྱུང

ཆར་རྗེས་ཀྱི་འཇའ་ཚོན་བཞིན་མཛེས་ཤིང

ཉི་འོད་ལྟར་འཇམ་པའི་རི་མོ་ཞིག་འབྲི་དགོས

 

རི་མོ་དེ འུ་གཉིས་ཀའི་བརྗེད་བྱང་དུ་བཀོད་ཆོག

རི་མོ་དེ འུ་གཉིས་ཀའི་གྱེས་ཚིག་ཏུའང་ཕུལ་ཆོག

རི་མོ་དེ་ནི་ཁ་དོག་ལྡན་པའི་རི་མོ་ཞིག

རི་མོ་དེ་ནི་མི་སེམས་གསོ་བའི་རི་མོ་ཞིག

རི་མོ་དེ་ནི……

 

འ་ཙི ཉིན་གུང་ཡོལ་འདུག

གཟའ་ཉི་མའི་དུས་ཚོད་འདི

བྱེའུ་གཤོད་རྡེབ་བཞིན་སྐད་ཅིག སྐད་ཅིག

2015-3-8


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།