དར་ཐུག་གི་རང་མོས་སྙན་ངག་ཁག་གཉིས།
རྩོམ་པ་པོ།:དར་ཐུག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-03-06 08:56:00
ཀློག་གྲངས།:
ཁེར་སེམས་ཁེར་སྐྱོ།
སྨག་ནུབ་གྱི་བརྒྱན་དུ་ཟླ་བ་དང་རྒྱུ་སྐར་ལྷག་འདུག
ཁེར་རྐྱང་གི་རྨ་ཁར་སྙན་ངག་གི་གསོ་སྨན་འབའ་ཞིག་ལུས་འདུག
དོ་ནུབ་གྱི་སྒེའུ་ཁུང་ནང་རོལ་དུ། མ་བགྲོས་གཅིག་མཐུན་གྱི་ཟླ་བོ་གསུམ་ལྷག་ཡོད།
ཟླ་འོད་ཀྱི་ཟེགས་མ་དང་། ང་། ད་དུང་ཁེར་རྐྱང་གི་ན་ཟུག
གལ་སྲིད་ད་དུང་ཡོད་པར་དོགས་ན།
ཟླ་འོད་ཀྱི་ཞལ་ལས་བཏང་བའི་སྨྲེང་གཞས་ཡིན་སྲིད།
ཁེར་རྐྱང་། ནམ་ཡང་རྒྱུ་མཚན་མེད་པའི་ལས་དབང་ཞིག་ཡིན།
རྐང་འཇབ་ལག་འཇབ་གྱིས་འོངས་སྲིད་ལ།
མིག་མཐོང་ལག་ཟིན་གྱིས་ཐོན་སྲིད།།
གང་ལྟར། ཁྱེད་ལ་རྨ་ཁ་མེད་པའི་ན་ཟུག་ལྕི་མོ་ཞིག་ལེགས་སྐྱེས་སུ་གནང་སྲིད།
ཁེར་རྐྱང་ལས་སྐྱེས་པའི་ན་ཟུག་ཁེར་རྐྱང་ལ་དབང་བས།
ཁེར་རྐྱང་གི་སེམས་འགྱུ་ལྕི་མོ་ཁེར་ཧྲེང་གི་རོལ་འོས།
སྟེས་དབང་དང་ལས་དབང་།
ཟང་ཟིང་གི་སྨུག་པའི་ཁྲོད་ནས།
ཀྱག་ཀྱོག་གི་ལམ་བུ་མང་དུ་ཕྱེ།
གང་དུ་སོང་ཡང་། སྟེས་དབང་ཞིག་ཡོད་པས།
གསང་བ་མང་པོ་ཞིག་དུམ་བུར་བགོས་ཏེ།
ལམ་འགྲམ་གྱི་རྡེའུ་རེ་རེ་ནང་དུ་སྦས།
ཆུ་ཐིགས་ཅལ་སེ་ལྷུང་ཚེ།
སྙིང་གཏམ་བློང་བློང་པར་གྱུར།
ལས་དབང་གིས་རྨ་ཁ་ཞིག་སུ་ལ་བཞག་སོང་ངམ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།