མི་དང་ཁོར་ཡུག

རྩོམ་པ་པོ།:འཕགས་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-01 09:19:00 ཀློག་གྲངས།:

ཁོར་ཡུག་ཇི་ལྟར་བཟང་ན་མིའི་སེམས་ལ་བདེ་སྐྱིད་ཅེས་པ་ངང་ངམ་ཤུགས་ཀྱིས་བྱུང་ཞིང་།
ཁོར་ཡུག་གིས་བྱིན་པའི་སྤྲོ་སྣང་ནི་གཡའ་དག་པའི་ནམ་མཁའ་དང་མཚུངས་པ་ཨང་།
ངལ་རྩོལ་ཆེ་ཕྲ་གང་ཡིན་ཡང་མཐར་གཏུགས་ན་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པ་བསྙོན་དུ་མེད་མོད།
བདེ་སྐྱིད་ལ་ཁ་གཏད་དེ་མི་རྣམས་ཀྱི་འདོད་བྱ་ནི་ཁམས་དབང་མོས་པ་བསམ་པའི་བྲག་གོ།
མིས་ཁོར་ཡུག་ལ་སེམས་གླན་པའི་ཚེ་ཉམས་དགའ་ཞིང་།
མཛེས་པ་ཕུན་སུམ་ཚོགས་པ་དག་ལ་འཕྲེང་བ་ལས་གཅོང་རོང་དང་མྱ་ངམ་ཐང་།
གད་ཤུལ་དང་སྙིགས་རོའི་གནས།
མི་གཙང་རྫས་ཀྱི་གོས་པའི་གནས་ངན་དག་ལ་ཅི་སྟེ་ཡིན། ཁོར་ཡུག་ལེགས་པོ་ཞིག་ཏུ་གྲུབ་མིན་ནི་མིའི་རང་བྱུང་ཁམས་ལ་བཅངས་པའི་བརྩེ་སེམས་རྣལ་མ་དང་།
བདག་སྐྱོང་ལེགས་པོ་བྱེད་མིན་ལ་རག་ལག་པས་རང་དང་མི་རྣམས་བདེ་འདོད་ཀྱི་གྲུ་གཟེངས་ལྟ་བུས་དྭངས་གཙང་གི་རྒྱ་མཚོ་ཆེན་མོར་ཐོལ་གྱིས་འཇུག་ཐུབ།
དེའི་ཕྱིར་དེ་ལ་དེ་བརྟེན་གྱི་ཁོར་ཡུག་གཙང་མ་དང་མི་སེམས་སྐྱིད་པོ་ནི་རེ་བ་ཉག་གཅིག་གོ།
                                                2015.2.10ཉིན་ཟི་ལིང་གྲོང་ཁྱེར་ནས་བྲིས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།